༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དྲགོས་ཀརྨ་ལྷ་མོ་རྡོ་རྗེ་ལུ་ འབྲུག་ལས་ བང་ལང་དེཤ་གི་ གཞུང་ཚབ་སྦེ་ བསྐོ་བཞག་གནང་ཐོག་ལས་ བཀྲིས་ལེགས་དར་གནང་ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མི་དབང་མཆོག་གིས་ གནམ་གྲུའི་སྐྱེལ་འདྲེན་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཀརྨ་དབང་ཕྱུག་དེ་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་གི་ དྲུང་ཆེན་གསརཔ་སྦེ་ བསྐོ་བཞག་གནང་ ཡོདཔ་ཨིན་པས།
མི་དབང་མཆོག་གིས་ ཕུན་ཚོགས་གླིང་ལུ་ཡོད་པའི་ རྒྱལ་འཛིན་གཞུང་སྐྱོང་དང་ཐབས་རིག་སྤེལ་ཁང་གི་མདོ་ཆེན་ ཚེ་དབང་རིག་འཛིན་དེ་ རྒྱལ་འཛིན་གཙུག་ལག་སློབ་སྡེའི་ གཙུག་ལག་གཙོ་འཛིན་སྦེ་ བསྐོ་བཞག་གནང་ཐོག་ལས་ བཀྲིས་ལེགས་དར་ གནང་ཡོདཔ་ཨིན་པས།
དེ་ལས་ མི་དབང་མཆོག་གིས་ རྒྱལ་གཞུང་བསྟན་སྲུང་དམག་མི་དང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ དེ་ལས་ རྒྱལ་པོའི་སྐུ་སྲུང་གི་ དམག་སྲིད་འོགམ་༡༥ ལུ་ དམག་སྲིད་ཀྱི་ གོ་གནས་ལུ་ ཡར་སེང་གནང་ཐོག་ ལེགས་དར་གནང་ ཡོདཔ་ཨིན་པའི་གནས་ཚུལ།