༉ ད་རིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་༢ རྒྱ་གར་གཞུང་གི་ ཕྱི་འབྲེལ་བློན་པོ་ ཇའེ་ཤཱན་ཀར་གྱིས་ ཕེབས་བསུ་ཞུ་ཡོདཔ་ཨིན་པས།
མི་དབང་རྒྱལ་བཙུན་རྣམ་༢ འབྲུག་གཞུང་ལས་ ཆེ་མཐོའི་འགོ་དཔོན་ཚུ་གིས་ཕྱག་ཞུ་སྟེ་ སྤྱི་ཟླ་༡༢ པའི་ཚེས་༥ དང་༦ གི་བར་ན་ རྒྱ་གར་ལུ་ གཞུང་འབྲེལ་གཟིགས་སྐོར་གནང་ནིའི་ ལས་རིམ་ཡོདཔ་ཨིན་པས།
གཟིགས་སྐོར་སྐབས་ མི་དབང་མཆོག་གིས་ རྒྱ་གར་གྱི་ བློན་ཆེན་དང་གཅིག་ཁར་ མཇལ་ཕྲད་གནང་ནི་ཨིན་པས།
རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ མི་དབང་མཆོག་གི་སྐུ་མདུན་ལུ་ བཅར་ནིའི་ལས་རིམ་ཡོདཔ་ཨིན་པས།
འབྲུག་དང་ རྒྱ་གར་གྱིས་ གཞན་དང་མ་འདྲ་བའི་ མཛའ་བཤེས་དང་མཉམ་འབྲེལ་ཐོག་ དགའ་སྤྲོ་བྱུང་སྟེ་ཡོདཔ་ད་ དེ་ཡང་ གོ་བརྡ་དང་ ཕན་ཚུན་བློ་གཏད་ཀྱི་ ཁྱད་ཆོས་ཐོག་ལས་ཨིན་པས།
གཟིགས་སྐོར་དེ་གིས་ ཕྱོགས་༢ ཆ་རང་ལུ་ ཕན་ཚུན་མཉམ་འབྲེལ་གནད་དོན་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གོ་སྐབས་བྱིན་ཚུགས་པའི་ཁར་ ལས་སྡེ་སྣ་མང་གི་ དཔེ་སྟོན་མཉམ་རོགས་ ལྷག་པར་དུ་ མདུན་སྐྱོད་འབད་ཚུགས་ནི་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།

Advertisement