༉ འཕྲལ་ཁམས་ཅིག་ཁར་ ཤེས་རིག་དང་རིག་རྩལ་ལྷན་ཁག་གིས་ དབྱེ་ཞིབ་བརྟག་དཔྱད་(མོཌ་ཨེསི) ཀྱི་ཚབ་སྦེ་ འབྲུག་གི་ སློབ་དཔོན་ཁྱད་རིག་གནས་ཚད་(བི་པི་ཨེསི་ཊི) འོས་འབབ་ཀྱི་ གསལ་བསྒྲགས་འབད་མི་ལུ་བརྟེན་ སློབ་དཔོན་ཚུ་གི་བར་ན་ སྤྲོ་ཉམས་བྱུང་ཡོད་རུང་ ད་རེས་ གྲོས་ཆོད་དེ་ བསྣར་འགྱངས་སྦེ་ར་ ལུས་ཡོདཔ་ཨིན་པས།
སློབ་དཔོན་མང་ཤོས་ཅིག་གིས་ ཚབ་བཙུགས་འབད་མི་ལུ་བརྟེན་ ཁྱད་རིག་གནས་ཚད་ ལྷན་ཐབས་འབད་ནི་ལུ་ དྲན་རྟགས་ཅན་གྱི་ བརྗེ་སོར་ཅིག་སྦེ་ ངོས་ལེན་འབད་ཡོདཔ་ད་ ལ་ལོ་ཅིག་གིས་ བསྒྱུར་བཅོས་འབད་མི་དེ་ དམིགས་བསལ་དུ་ གབ་ཐོབ་རྐྱབ་སྟེ་ ཡང་ཅིན་ འཆར་གཞི་ལེགས་ཤོམ་མེད་པར་ ལག་ལེན་འཐབ་ནི་ འགོ་བཙུགས་པ་ཅིན་ ངེས་མེད་ཀྱི་དཀའ་ངལ་ཚུ་ བྱུང་འོང་ཟེར་ ཚ་གྱང་ཚུ་ ལང་སྟེ་ཡོདཔ་ཨིན་པས།
བི་པི་ཨེསི་ཊི་དེ་ སློབ་དཔོན་ཚུ་ ལམ་སྟོན་འབད་ནི་དང་ ལྕོགས་གྲུབ་ཅན་ངོས་འཛིན་ དེ་ལས་ ཁྱད་རིག་ཅན་ངོས་འཛིན་འབད་ནི་གི་ ཚད་གཞི་བཟོ་ཐབས་ལུ་ སྤྱི་ལོ་༢༠༡༩ གཞི་བཙུགས་འབད་ཡོདཔ་ཨིན་པས།
དེ་མ་ཚད་ སློབ་དཔོན་ཚུ་ ལྕོགས་གྲུབ་དང་ འགོ་འདྲེན་ དེ་ལས་ གྲུབ་འབྲས་ཚུ་གི་ རེ་འདོདདྭངས་གསལ་ཅན་བཟོ་ནི་ཨིནམ་བཞིན་དུ་ སློབ་དཔོན་ཚུ་གི་ རང་སོའི་ཁྱད་རིག་ནང་ དགོས་མཁོན་ཅན་གྱི་ སྤུས་ཚད་ཅན་གྱི་ གནས་ཚད་དགོཔ་ ངེས་བརྟན་བཟོ་ནི་ལུ་ བི་པི་ཨེསི་ཊི་དེ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
བི་པི་ཨེསི་ཊི་ནང་ ཁེ་ཕན་ལེ་ཤ་ཡོདཔ་ལས་ སློབ་དཔོན་ལ་ལོ་ཅིག་གིས་ ཚ་གྱང་ཡོད་ལུགས་ཚུ་ བཤད་མི་དེ་ཡང་ ཧེ་མ་ལས་ ལམ་ལུགས་ལུ་ ཚ་གྱང་ཅན་བསྐྱེད་སྡོད་མི་ལུ་ སྟབས་མ་བདེཝ་ མི་བྱུང་ག་ཟེར་ཨིན་པས།
སློབ་དཔོན་མང་ཤོས་ཅིག་གིས་ དབྱེ་ཞིབ་བརྟག་ཞིབ་ལུ་ སྐྱོན་མེད་རུང་ དམིགས་བསལ་ སློབ་སྟོན་གྱི་གནས་སྟངས་དབྱེ་ཞིབ་འབདཝ་ད་ འདྲ་མཉམ་གྱི་ ཐབས་ལམ་བྱིན་ཡི་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ བི་པི་ཨེསི་ཊི་གི་ སྟབས་མ་བདེཝ་ཚུ་ ལེགས་ཤོམ་སྦེ་ ཧ་མ་གོ་བར་ ལག་ལེན་འཐབ་ནི་ འགོ་བཙུགས་པ་ཅིན་ ཧེ་མ་ལས་ར་ སློབ་དཔོན་དགོངས་ཞུ་འགྱོ་བའི་ གནད་དོན་ཡོད་པའི་གུ་ ལྷག་པར་དུ་ དཀའ་ངལ་འབྱུང་ཉེན་ཡོད་པའི་ ཚ་གྱང་ཚུ་ བཤདཔ་ཨིན་པས།
སློབ་དཔོན་ལ་ལོ་ཅིག་གིས་ དེ་བཟུམ་མའི་ དཀའ་ངལ་མི་ཐོན་ནི་ལུ་ ལྷན་ཁག་གིས་ ཁེ་ཕན་ཅན་གྱི་ ཐབས་ལམ་ཚུ་ ལག་ལེན་འཐབ་དགོ་པའི་ཁར་ སློབ་དཔོན་ཚུ་ལུ་ རྒྱབ་སྐྱོར་འབད་ནི་དང་ ཁྱད་རིག་གི་གནས་ཚད་ གཞི་འཛིན་འབད་དགོ་པའི་ བསམ་འཆར་ཚུ་ བཀོདཔ་ཨིན་པས།
དབྱེ་ཞིབ་བརྟག་དཔྱད་(མོཌ་ཨེསི) ཀྱི་ཚབ་སྦེ་ འབྲུག་གི་སློབ་དཔོན་ཁྱད་རིག་གནས་ཚད་(བི་པི་ཨེསི་ཊི) གི་ གྲོས་འཆར་དེ་ལུ་ ཚ་གྱང་ཡོད་མི་དེ་ཡང་ མོཌ་ཨེསི་གིས་ ཁེ་ཕན་ལས་ གནོད་པ་སྦོམ་བྱུང་ཡོདཔ་བཞིན་དུ་ ལོ་བསྟར་བཞིན་ སློབ་དཔོན་མང་ཤོས་ཅིག་ར་ དགོས་ཞུ་འབད་དགོཔ་བྱུང་ཡི་ཟེར་ཨིན་པས།
དགོངས་ཞུ་འབད་མི་ སློབ་དཔོན་མང་ཤོས་ཅིག་གིས་ དབྱེ་ཞིབ་བརྟག་ཞིབ་ ལེགས་ཤོམ་མ་འབད་མི་ལུ་བརྟེན་ ལཱ་ཚུ་ བཤོལ་བཞག་དགོཔ་བྱུང་ཡི་ཟེར་ཨིན་པས།
བི་པི་ཨེསི་ཊི་ནང་ གནས་ཚད་ལེ་ཤ་ཅིག་ བཙུགས་ཏེ་ཡོད་པའི་ཁར་ སློབ་དཔོན་ཚུ་ སློབ་ཁང་ནང་ ལག་ལེན་འཐབ་དགོཔ་ ལེ་ཤ་གཙོ་རིམ་བཟུང་མི་གྲས་ལས་ མཐོང་ཚུགསཔ་དང་ མ་ཚུགསཔ་ཚུ་ ཡོདཔ་ཨིན་པས།
བི་པི་ཨེསི་ཊི་འོག་ལུ་ སློབ་དཔོན་ཚུ་གི་ རང་སོའི་ལཱ་གི་ ལོ་ཚད་དང་འཁྲིལ་ཏེ་ འགོ་ཐོག་དང་ ཁྱད་ལྡན་ ཁྱད་འཕགས་ དེ་ལས་ མཆོག་འགྱུར་བརྩིས་ཏེ་ གནས་ཚད་ཀྱི་ དབྱེ་བ་༤ སྦེ་ ཡོདཔ་ཨིན་པས།
འགོ་ཐོག་སྐབས་ གཞུང་གིས་ ཁྱད་ལན་དབྱེ་ཁག་ནང་ཡོད་མི་ སློབ་དཔོན་ཚུ་གི་དོན་ལུ་ ཁ་སྐོང་ཁེ་འཐུས་བརྒྱ་ཆ་༡༠ དང་ ཁྱད་འཕགས་ལུ་ བརྒྱ་ཆ་༡༥ དེ་ལས་ མཆོག་འགྱུར་ལུ་ ཁ་སྐོང་ཁེ་འཐུས་ བརྒྱ་ཆ་༢༠ ཆ་འཇོག་འབད་ཡོདཔ་ཨིན་པས།
དབྱེ་ཞིབ་དེ་ བརྟག་ཞིབ་འབད་བའི་སྐབས་ སློབ་དཔོན་ཚུ་གིས་ གཙོ་རིམ་གྱི་ ཆོས་ཚན་ཚུ་ ག་ཅིག་དེ་ དབྱི་ཞིབ་འབད་དགོཔ་ཨིན་ན་ གསལ་སྟོན་འབད་དགོཔ་བཞིན་དུ་ དབྱེ་ཞིབ་འབད་མི་ཚུ་གིས་ དེ་དང་འཁྲིལ་ཏེ་ སྐུགས་བྱིན་ནི་ཨིན་པས།
ཐིམ་ཕུག་གི་ སློབ་དཔོན་གོངམ་ཅིག་གིས་ སླབ་མིའི་ནང་ བི་པི་ཨེསི་ཊི་དང་འཁྲིལ་ཏེ་ སློབ་དཔོན་ཚུ་ དབྱེ་ཞིབ་འབད་བའི་སྐབས་ ཤེས་རིག་གི་སྤུས་ཚད་ཐོབ་ནི་ལུ་ འགན་ལེན་མེད་རུང་ སློབ་དཔོན་ཚུ་གི་ ཁྱད་རིག་ལུ་ སེམས་ཤུགས་དང་ དགའ་བ་བྱུང་ནི་ལུ་ ཡར་དྲག་གཏང་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་དཔོན་ག་ར་ལུ་ རང་སོའི་དབྱེ་ཁག་ལུ་ དྲག་ཤོས་ཐོན་མི་དང་འཁྲིལ་ཏེ་ བི་པི་ཨེསི་ཊི་གི་ གསོལ་རས་དང་ སེམས་ཤུགས་མཐུན་རྐྱེན་ཚུ་ཡོདཔ་ད་ སློབ་ཕྲུག་ཚུ་གི་ གྲུབ་འབྲས་དང་འཁྲིལ་ཏེ་ ཨའི་དྲབ་ལོ་དབྱེ་ཞིབ་དེ་གིས་ ཐག་བཅད་དབྱེ་ཞིབ་ནང་ སློབ་དཔོན་ཚུ་ལུ་ འཕྲལ་འཕྲལ་ར་ སློབ་དཔོན་ཚུ་ལུ་ ཐོ་ཕོག་ཅི་ཟེར་ཨིན་པས།
བི་པི་ཨེསི་ཊི་གིས་ སློབ་དཔོན་དང་ ལྕོགས་གྲུབ་ དེ་ལས་ སློབ་སྟོན་འབད་ཚུགས་མི་ཚུགས་གི་ ལྕོགས་གྲུབ་ལུ་ གཙོ་རིམ་བཟུང་སྟེ་ ཡོད་ཟེར་ཨིན་པས།
བི་པི་ཨེསི་ཊི་གི་ ཁེ་ཕན་གཅིགཔོ་དེ་ ད་ལྟོའི་ལམ་ལུགས་ནང་ རང་སོའི་ལཱ་གཡོག་གི་ ལོ་ཚད་དང་འཁྲིལ་མ་དོག་པར་ སློབ་དཔོན་གཞོནམ་ཚུ་གིས་ མཆོག་འགྱུར་གྱི་དོན་ལུ་ དོ་འགྲན་འབད་ཚུགས་ནི་དང་ རང་སོའི་ལཱ་གི་ ལོ་ཚད་ནང་ མ་ལྷོད་རུང་ ལྕོགས་གྲུབ་དང་འཁྲིལ་ཏེ་ གནས་རིམ་མཐོ་ཤོས་ནང་ འགྱོ་ནི་གི་ གོ་སྐབས་ཐོབ་ཚུགས་ནི་ཨིན་པས།
སློབ་དཔོན་ཚུ་གིས་ བཤད་མིའི་ནང་ བི་པི་ཨེསི་ཊི་དེ་ ཁྱད་རིག་མཆོག་འགྱུར་ལུ་ གཙོ་རིམ་བཟུང་སྟེ་ཡོདཔ་ད་ ལྕོགས་གྲུབ་ཡོད་མི་ཚུ་གི་ ཚེ་གཡོག་ཡར་དྲག་ མགྱོགས་དྲགས་སྦེ་ འགྱོ་ཚུགས་ནི་ཨིན་པས།
སློབ་དཔོན་ཚུ་གི་ འགན་ཁུར་ངོ་མ་ར་ སློབ་སྟོན་འབད་ནི་ཨིནམ་ལས་ གལ་སྲིད་ སློབ་སྟོན་དང་འཁྲིལ་ཏེ་ དབྱེ་ཞིབ་འབད་བ་ཅིན་ ལེགས་ཤོམ་འགྱོ་ནི་མས་ཟེར་ སློབ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཨིན་རུང་ སློབ་དཔོན་ལ་ལོ་ཅིག་ དབྱེ་ཞིབ་བྱ་རིམ་གྱིས་ དོན་མེད་ཀྱི་ སྟབས་མ་བདེཝ་ཚུ་ མི་བྱུང་ག་ཟེར་ དོགས་པ་ནི་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ཚུ་གིས་ བི་པི་ཨེསི་ཊི་ལུ་ ངོས་ལེན་འབད་དེ་ཡོད་རུང་ འདྲ་མཉམ་དང་དྲང་བདེན་ཐོག་ལས་ དབྱེ་ཞིབ་འབད་ནི་ལུ་ སྒྲིག་གཞི་དང་ ལམ་ལུགས་ཚུ་ བཟོ་དགོ་ཟེར་ཨིན་པས།
དབུ་འཛིན་གྱིས་ བཀོད་མིའི་ནང་ དབྱེ་ཞིབ་ཚུ་ བི་པི་ཨེསི་ཊི་རྐྱངམ་གཅིག་ལུ་ འབད་བ་ཅིན་ སློབ་གྲྭ་འཛིན་སྐྱོང་འཐབ་ནི་ལུ་ དཀའ་ངལ་བྱུང་ནི་ཨིན་མི་དེ་ཡང་ སློབ་དཔོན་ཚུ་གིས་ བི་པི་ཨེསི་ཊི་ནང་ མ་ཚུད་མི་ དགོས་མཁོ་ཅན་གྱི་ ལས་སྣ་ཚུ་ ལེན་མི་བཏུབ་འོང་ཟེར་ ཨིན་མི་ལུ་བརྟེན་ཨིན་པས།
བི་པི་ཨེསི་ཊི་དང་འབྲེལ་བའི་ སློབ་ཁང་ལྟ་རྟོག་དང་ དབྱེ་ཞིབ་ནང་ ཉམས་མྱོང་ཡོད་མི་ སློབ་དཔོན་ཅིག་གིས་ ལམ་ལུགས་དེ་ ཡང་འཕྲོས་འཕྲོས་མཐོང་རུང་ བི་པི་ཨེསི་ཊི་གིས་ གལ་སྲིད་ སློབ་དཔོན་ཚུ་གིས་ རང་སོའི་ལཱ་ལུ་ བརྩོན་ཤུགས་བསྐྱེད་ནི་དང་ ཁས་ལེན་མེད་པ་ཅིན་ ཁྱད་རིག་ལུ་ ཉེན་ཁ་སྦོམ་ཡོད་ཟེར་ཨིན་པས།
སློབ་དཔོན་ལ་ལོ་ཅིག་གིས་ དབྱེ་ཞིབ་ལམ་ལུགས་ དེ་བཟུམ་གྱིས་ ལཱ་གི་གནས་སྟངས་དང་ སློབ་གྲྭ་ནང་འཁོད་ཀྱི་ ལམ་ལུགས་ལུ་ ཐོ་ཕོག་ཉེན་ཡོདཔ་བཞིན་དུ་ སློབ་དཔོན་ཚུ་གི་བར་ན་དང་ ཚེ་གཡོག་གི་ གནས་ཚད་རེ་ལུ་ མཆོག་འགྱུར་ཐོན་མི་དང་ མ་ཐོན་མི་ཚུ་གི་བར་ན་ དབྱེ་ཁག་མི་བཟོ་ག་ཟེར་བའི་ ཚ་གྱང་ཚུ་ བཤདཔ་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།