སྤྱི་ཟླ་༥ པའི་ཚེས་༢༨ ལུ་ བསམ་རྩེ་ལུ་སྦེ་ ཟླ་ཁྲག་འཕྲོད་བསྟེན་གྱི་ཉིནམ་ བརྩི་སྲུང་འབད་བའི་སྐབས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་བརྒྱ་༦༠ལྷགཔ་ཅིག་ནང་ ཟླ་ཁྲག་འཕྲོད་བསྟེན་ལག་ལེན་གྱི་ གཙང་རས་ཚུ་ ཚུལ་མཐུན་བཀོག་སའི་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་དེ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ད་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་གི་ བློན་པོ་ཡིད་བཟང་ཌི་ཐཱ་པ་གིས་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ སློབ་གྲྭ་ཚུ་ནང་ ཟླ་ཁྲག་འཕྲོད་བསྟེན་གྱི་ལག་ལེན་ནང་ ལེགས་བཅོས་སྦོམ་སྦེ་ར་ སོང་ནུག་ཟེར་ ཨིན་པའི་གནས་ཚུལ།

Advertisement