༉ སློབ་གྲྭ་ཚུ་ནང་ འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་སྦྱོང་བརྡར་ལས་རིམ་དེ་ གདམ་ཁ་ཅན་གྱི་ ཆོས་ཚན་སྦེ་ ལྷབ་སྦྱང་མཇུག་བསྡུ་མི་དང་ ཡང་ཅིན་ ད་རེས་ནངས་པ་ ལྷབ་སྦྱང་འབད་བའི་བསྒང་ཡོད་མི་ སློབ་ཕྲུག་ཚུ་གིས་ ངོ་སྦྱོར་གྱི་དོན་ལུ་ འཕྲུལ་རིག་སྦྱོང་བརྡར་གཙུག་སྡེ་ཚུ་ནང་ ཡི་གུ་བཙུགས་ཚུགས་ནི་ཨིན་པས།
སློབ་ཕྲུག་ཚུ་གིས་ གཙུག་སྡེ་གཅིག་ནང་ལས་ཐོབ་མི་ ཤེས་ཡོན་གྱི་ སྦྱོང་བརྡར་ཚུ་ གཙུག་སྡེ་གཞན་ཅིག་ནང་ ཤེས་ཡོན་གྱི་དགོས་མཁོ་ཚུ་ལུ་ ལག་ལེན་འཐབ་བཅུགཔ་ཨིན་པས།
ལས་མི་འཆར་གཞི་དང་རིག་རྩལ་གོང་འཕེལ་ལས་ཁུངས་ཀྱི་ མདོ་ཆེན་ངོ་ཚབ་ སངས་རྡོ་རྗེ་གིས་ སླབ་མིའི་ནང་ ཤེས་ཡོན་བརྗེ་སོར་ལམ་ལུགས་དེ་ སློབ་ཕྲུག་ཚུ་གིས་ འཕྲུལ་རིག་ནང་ འཕྲོ་མཐུད་དེ་ར་ ཤེས་ཡོན་བལྟ་ནི་དང་ ལྷན་ཐབས་འབད་ནིའི་ གོ་སྐབས་འཐོབ་ཚུགས་ནི་ཨིན་པས།
ཁོ་གིས་འབད་བ་ཅིན་ ཐབས་ལམ་དེ་ཡང་ འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་སྦྱོང་བརྡར་གོང་འཕེལ་དང་ སློབ་ཕྲུག་ཚུ་སེམས་ཤུགས་ དེ་ལས་ སློབ་གྲྭ་ཚུ་ནང་ འཕྲུལ་རིག་གི་ ཤེས་ཡོན་བལྟ་མི་ཚུ་གི་དོན་ལས་ ཚེ་གཡོག་གི་ ཐབས་ལམ་ཅིག་ བཏོན་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་སྦྱོང་བརྡར་དེ་ གདམ་ཁ་ཅན་གྱི་ ཆོས་ཚན་སྦེ་ ཤེས་ཡོན་སྦྱང་མི་ཚུ་ ངོས་འཛིན་དང་ འཕྲུལ་རིག་སྦྱོང་བརྡར་གཙུག་སྡེ་ཚུ་ནང་ བརྗེ་སོར་འབད་ནིའི་ ཁྱད་ཚད་ཀྱི་དོན་ལུ་ཨིན་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཐབས་ལམ་དེ་མེདཔ་ལས་ སློབ་ཕྲུག་ཚུ་གིས་ ངོ་སྦྱོར་གྱི་དོན་ལུ་ འཕྲུལ་རིག་གཙུག་སྡེ་ཚུ་ལས་ འགོ་ཐོག་ལས་ ཤེས་ཡོན་བལྟ་དགོཔ་བྱུང་དོ་ཡོདཔ་ལས་ སེམས་ཤུགས་ཉམས་འགྱོ་དོ་ཡོདཔ་ཨིན་པས།
འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་སྦྱོང་བརྡར་ལས་རིམ་གྱི་ མོ་བཏབ་ཀྱི་ སློབ་གྲྭའི་དབུ་འཛིན་ཅིག་གིས་ སླབ་མིའི་ནང་ ཧེ་མ་ སློབ་ཕྲུག་ཚུ་གིས་ འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་སྦྱོང་བརྡར་ལས་ཚུ་ ལྷབ་སྦྱང་མ་འབད་མི་ གཙོ་བོ་ར་ དེ་བཟུམ་མའི་ ཐབས་ལམ་མེད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
གཞི་སྒྱུར་དེ་གིས་ འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་སྦྱོང་བརྡར་ ལེན་མི་དེ་ ཡར་འཕར་སོང་སྟེ་ ཡོད་ཟེར་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་སྦྱོང་བརྡར་གྱི་ མོ་བཏབ་ཀྱི་ སློབ་གྲྭ་༧ ཡོད་མི་ཚུ་ཡང་ བལ་གླིང་དང་ རང་འབྱུང་ ཆུ་སྨད་ སྤུ་ན་ཁ་སློབ་གྲྭ་ལྟེ་བ་ ཁུ་རུ་ཐང་ བར་སྦིས་ས་འབྲིང་རིམ་སློབ་གྲྭ་བར་མ་ དེ་ལས་ བ་འཇོ་ཐང་འབྲིང་རིམ་སློབ་གྲྭ་གོང་མ་ཚུ་གིས་ སྤྱི་ལོ་༢༠༢༠ ལས་ འཕྲུལ་རིག་གི་ ཤེས་ཡོན་བྱིན་ནི་ འགོ་བཙུགས་ཡོདཔ་ཨིན་པས།
བ་ཇོ་སློབ་གྲྭ་གིས་ སྣུམ་འཁོར་བཅོ་ནི་མ་གཏོགས་ སློབ་གྲྭ་གཞན་ཚུ་གིས་ གློག་མེ་བཅོ་ནི་དང་ ཚ་ལ་རྐྱབ་ནི་ སྦྱོང་བརྡར་ཚུ་ བྱིན་དོ་ཡོདཔ་ད་ བརྗེ་སོར་ཐབས་ལམ་དེ་ འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་སྦྱོང་བརྡར་གྱི་ རྩ་གཞུང་གཞི་སྒྱུར་གྱི་ ཆ་ཤས་ཅིག་ ངོ་མ་ཅིག་ཨིན་པས།
སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ བརྗེ་སོར་ཐབས་ལམ་དེ་ གདམ་ཁ་ཅན་གྱི་ རྩ་གཞུང་དང་ དེ་འཕྲོ་ལས་ ལག་ལེན་འཐབ་མ་ཚུགས་མི་དེ་ཡང་ བརྗེ་སོར་གཞི་བཀོད་ཀྱི་ ཐབས་ལམ་དེ་ ན་ཧིང་རྐྱངམ་གཅིག་ ཧྲིལ་བུ་སྦེ་ བཟོ་མི་ལུ་བརྟེན་ཨིན་པས།
མ་གཞི་ འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་སྦྱོང་བརྡར་དེ་ རྒྱལ་ཡོངས་ལག་ཁྱེར་གནས་ཚད་༢ པའི་ རྩ་གཞུང་དང་འཁྲིལ་ཏེ་ཨིནམ་བཞིན་དུ་ སྤྱིར་བཏང་ ཤེས་ཡོན་དང་ གཅིག་སྒྲིལ་འབད་དེ་ཡོདཔ་ལས་ ངོ་སྦྱོར་འབད་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།
སྤྱིར་བཏང་ཤེས་ཡོན་གྱིས་མ་དོ་བར་ སློབ་ཕྲུག་ཚུ་གིས་ དང་འདོད་དང་འཁྲིལ་ཏེ་ སློབ་དུས་ག་ར་ མཇུག་བསྡུ་དགོཔ་ད་ འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་སྦྱོང་བརྡར་རྩ་གཞུང་དེ་ དུས་ཡུན་དང་འཁྲིལ་ཏེ་ ལག་ལེན་འཐབ་དོ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།