༉ འབྲུག་དང་ ཨེ་ཤི་ཡེན་གོང་འཕེལ་དངུལ་ལཁང་ དཔལ་འབྱོར་མཉམ་འབྲེལ་དང་ གོང་འཕེལ་ལས་ཚོགས་ཚུ་གིས་ སྤྱི་ལོ་༢༠༢༤ གི་ ཨེ་ཤི་ཡ་དང་ པེ་སི་ཕིག་གི་ལུང་ཕྱོགས་ཀྱི་ ངན་ལྷད་བཀག་སྡོམ་རྩོལ་སྒྲུབ་ལས་རིམ་དེ་་སྤྱི་ཟླ་༩ པའི་ཚེས་༢༥ ལས་༢༧ ཚུན་འགོ་འདྲེན་འཐབ་ནི་ཨིན་པས།
འབྲུག་གིས་ འདི་བཟུམ་གྱི་གལ་གནད་ཆེ་བའི་ལུང་ཕྱོགས་གྲོས་འཛོམས་དེ་ སྤྱི་ལོ་༢༠༡༦ ལུ་འཚོགས་པའི་ཤུལ་ལུ་ ད་རེས་ཐེངས་༢ པ་འཚོགས་དོ་ཡདོཔ་ཨིན་པས།
དེ་ཡང་ གཞུང་གི་ངན་ལྷད་བཀག་སྡོམ་མཉམ་འབྲེལ་སེམས་ཤུགས་ཟེར་བའི་བརྗོད་དོན་ཐོག་ ལོ་བསྟར་ལུང་ཕྱོགས་གྲོས་འཛོམས་ནང་ འཐུས་མི་བརྒྱ་ལས་བཅད་དེ་འོང་ནི་ཨིན་མི་ཚུ་ཡང་ ངན་ལྷད་བཀག་སྡོམ་གྱི་མཁས་མཆོག་དང་ ལགལེན་པ་ཚུ་ འཐུས་མི་༣༤ ཡོད་མི་ཚུ་ནང་ལས་ཨིན་པས།
འཐུས་མི་ཚུ་ཡང་ མི་སྡེ་ཞི་བའི་ལས་ཚོགས་དང་ རྒྱལ་སྤྱི་ལས་ཚོགས་ དེ་ལས་ སྒེར་སྡེ་ཚུ་གིས་ བཅའ་མར་གཏོགས་ནི་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ད་ལྟོ་འཚོགས་ནི་ཨིན་མི་གྲོས་འཛོམས་དེ་ གལ་གནད་ཅན་ཅིག་ཨིནམ་ད་ དེ་ཡང་ ངན་ལྷད་དང་དོ་འགྲན་འབད་ཐོག་ལས་ གཅིག་སྒྲིལ་གནས་རིམ་ཚུ་ གོང་འཕེལ་བཏང་ཐབས་ལུ་ རྩ་འགེངས་ནི་ཨིན་པས།
འབྲུག་གིས་ ལོ་ལྔའི་རིང་ སྐུགས་༦༨ ཐོབ་བཞིན་དུ་ཡོདཔ་ད་ ལོ་གཉིས་པའི་སྐབས་ལུ་ སྡེ་རིམ་༢༥ པའི་ནང་ལྷོད་མི་ཚུ་ཡང་ སྤྱི་ལོ་༢༠༢༣ ཟླ་༡ པའི་ཚེས་༣༡ ལུ་ དྭངས་གསལ་ཅན་གྱི་ རྒྱལ་སྤྱི་ངན་ལྷད་མངོན་རྟོགས་བརྡ་དོན་༢༠༢༢ གསར་བཏོན་འབད་མི་དང་བསྟུན་ཨིན་པས།
འབྲུག་དེ་རྒྱལ་ཁབ་༡༢༤ གི་གྲངས་སུ་ ཡོདཔ་ད་ འདས་པའི་ལོ་བཅུ་ཕྲག་ནང་ ཨེ་ཤི་ཡ་པེ་སི་ཕིག་རུང་ཕྱོགས་ནང་ལས་ ཨང་༦ པའི་གྲངས་སུ་ཚུད་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་འགོ་དཔོན་གྱིས་ གསལ་བཤད་འབད་མིའི་ནང་ ད་ལྟོ་འཚོགས་ནི་ཨིན་མི་ གྲོས་འཛོམས་ནང་ སྒེར་སྡེ་ཚུ་གིས་ བཅའ་མར་གཏོགས་པ་ཅིན་ འབྲུག་གི་ཚོང་འབྲེལ་གོང་འཕེལ་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིན་པས།
སྤྱི་ལོ་༢༠༢༠ ལུ་་འཛམ་གླིང་དངུལ་ཁང་གིས་་འབྲུག་དེ་རྒྱལ་ཁབ་༡༩༠ ཡོད་པའི་གྲས་ལས་ ཨང་༨༩ པའི་ནང་ཚུད་ཡོདཔ་ད་ སྡེ་རིམ་ཡར་འཛེགས་མར་བབས་དེ་ལུ་ གདོང་ལེན་ཚུ་ སྦོམ་ར་བྱུང་དོ་ཡོདཔ་ད་ དེ་ཁར་ བདག་སྐྱོང་མགོ་རྙོག་བྱ རིམ་ ཐོབ་དབང་ཚད་ཅིག་ལས་མེད་མི་ དངུལ་འབྲེལ་ནང་ཚད་ཅིག་ལས་མེད་མི་ ཚོང་འབྲེལ་གྱི་ལམ་སྲོལ་དེ་ལུ་ བྱ་སྟབས་མ་བདེཝ་ཡོད་མི་ཚུ་ལུ་བརྟེན་ཨིན་པས།
འགོ་དཔོན་གྱིས་ དཔལ་འབྱོར་ནང་ སྒེར་སྡེ་ཚུ་གིས་་འགན་ཁུར་སྦོམ་འབག་དགོཔ་སྦེ་ཨིནམ་ད་ དེ་ཡང་ ཚོང་འབྲེལ་ཚུ་ རྒྱལ་སྤྱིའི་ནང་ ག་ར་ལུ་ཤེས་རྟོགས་བྱུང་དགོཔ་འདུག་ཟེར་ཨིནམ་བཞིན་དུ་ འབྲུག་གི་སྒེར་སྡེ་ཚུ་གིས་ ཚོང་འབྲེལ་ཚུ་ ཁེ་སང་ལུ་གཙོ་རིམ་སྒྲིག་པ་ཅིན་ དེ་གིས་ ཡུན་བརྟན་ལུ་ གནོད་ཉེན་ཡོདཔ་མ་ཚད་ ཚོང་འབྲེལ་གྱི་གོ་སྐབས་ཡང་ ཉུང་སུ་འོང་ཟེར་ཨིན་པས།
རྒྱལ་ཁབ་གཞན་ཁ་བཟུམ་ཅིག་འབད་བ་ཅིན་ གལ་སྲིད་ཚོང་མགྲོན་པ་ཅིག་གིས་ ངོས་ལེན་ལེགས་ཤོམ་མེད་པའི་སྐོར་ལས་ ལོ་རྒྱུས་རེ་ཐོནམ་འདྲཝ་འབད་རུང་ དེ་འཕྲོ་ལས་ དེ་ཚུ་ལུ་ དང་ལེན་འབད་དེ་ ཡུན་བརྟན་ལུ་གཙོ་རིམ་སྒྲིགཔ་ཨིན་ཟེར་ ཁོོ་གིས་བཤདཔ་ཨིན་པས།
འབྲུག་པའི་ ཚོང་འབྲེལ་པ་ཚུ་གིས་ འདི་བཟའུམ་གྱི་གནས་སྟངས་ཚུ་ལུ་ སྦྱང་བ་འབད་དགོཔ་ཡང་ གལ་ཆེ་བས་ཟེར་ཨིན་པས།
གྲོས་འཛོམས་ནང་ གསལ་བཤད་པ་༧༠ དགོ་མི་ལས་ ཁ་ཙ་ཚུན་ལུ་ ༣༥ དེ་བརྟན་འཁེལ་སོང་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།