༉ འབྲུག་གིས་ སྤྱི་ཟླ་༨ པའི་ཚེས་༡ ལས་༣ ཚུན་ ཐིམ་ཕུག་ ལྕང་གླིང་མི་ཐང་ནང་སྦེ་ སྤྱི་ལོ་༢༠༢༤ ལོའི་ བིཆ་བོ་ལི་བཱོལ་ སི་ཨེ་བི་ཨེ་རྩེད་འགྲན་ འགོ་འདྲེན་འཐབ་ནི་ཨིན་མི་དེ་ རྒྱལ་ཁབ་ནང་ རྒྱལ་སྤྱི་བིཆ་བོ་ལི་བཱོལ་རྩེད་འགྲན་ འགོ་དང་པ་ཨིན་པས།
དབུས་ཨེ་ཤི་ཡན་བོ་ལི་བཱོལ་ཚོགས་པའི་(སི་ཨེ་བི་ཨེ་) མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་མི་ ལོ་བསྟར་རྩེད་འགྲན་དེ་ནང་ འབྲུག་དང་ ནེ་པཱལ་ མཱལ་དིབསི་ ཏ་ཇི་ཀིས་ཏཱན་ དེ་ལས་ ཨུཛ་བི་ཀིས་ཏཱན་ལས་ རྩེད་འགྲན་པ་༢༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ནི་ཨིན་པས།
འབྲུག་ལས་ རྩེད་འགྲན་པ་༦ གིས་གཙོས་པའི་ ཨམ་སྲུའི་སྡེ་ཚན་ཅིག་གིས་ཡང་ དོ་འགྲན་འབད་ནི་ཨིན་པའི་གནས་ཚུལ།