བཀྲིས་ཕུན་ཚོགས།

༉ འབྲུག་གིས་ སོ་ནམ་ཟ་སྤྱོད་ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ཀྱི་གྲོས་འཛོམས་༢༠༢༤ དེ་ ཐིམ་ཕུག་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིནམ་ལས་ འབྲུག་གི་ ས་ཁམས་རིག་པ་དང་ སའི་དབྱིབས་ལུ་བརྟེན་པའི་ སོ་ནམ་ལས་སྡེ་གིས་ སྤུས་ཚད་ལྡན་པའི་ སོ་ནམ་ཐོན་སྐྱེད་དང་ གནས་ཚད་མཐོ་སུ་སྦེ་ བཟོ་རུང་བའི་ཐོན་སྐྱེད་འབད་ནིའི་འོས་འབབ་ཚུ་ གསལ་སྟོན་འབད་ནིའི་ གོ་སྐབས་ཅིག་ཨིན་པས།

སྤྱི་ཟླ་༥ པའི་ཚེས་༡༥ ལས་༡༩ ཚུན་ ཉིན་གྲངས་༥ འི་རིང་ ལས་རིམ་འགོ་འདྲེན་འཐབ་པའི་སྐབས་ སྲིད་བྱུས་བརྩམ་མི་དང་ འབྲེལ་གཏོགས་ཅན་གྱི་ཚོང་ལས་ དེ་ལས་ ཚོང་འབྲེལ་འཐབ་མི་ཚུ་གིས་ གོ་སྐབས་ལེན་ཏེ་ ཕྱིའི་རྒྱལ་ཁབ་ལས་ མ་རྩ་གཞི་བཙུགས་འབད་མི་དང་ ཟུང་ཕྱོགས་མཐུན་འབྲེལ་གོང་འཕེལ་དངུལ་ཁང་ དེ་ལས་ སྒེར་སྡེ་ལས་ མི་ངོམ་ཚུ་གིས་ བཅའ་མར་གཏོགས་མི་ཚུ་དང་ འབྲེལ་བ་འཐབ་སྟེ་ གོ་སྐབས་ཚུ་བཟོ་ཚུགས་ཟེར་ཨིན་པས།

སོ་ནམ་དང་སྒོ་ནོར་ལྷན་ཁག་ལས་ འགོ་དཔོན་ཚུ་དང་འཁྲིལཝ་ད་ སྤུས་ཚད་བསྒྱུར་བཅོས་ལུ་ གཙོ་བོར་བཏོན་པའི་ ཐབས་བྱུས་མ་རྩ་བཙུགས་མི་ཐོག་ལས་ འབྲུག་གིས་ རྒྱལ་ཡོངས་ཀྱི་ དཔལ་འབྱོར་གོང་འཕེལ་གཏང་ནི་དེ་ཨིན་ཟེར་ཨིན་པས།

ཞལ་འཛོམས་ཀྱི་ དམིགས་ཡུལ་དེ་ཡང་ མ་དངུལ་གྱི་ རྒྱབ་སྐྱོར་འབད་མིའི་ཐོག་ལས་ སྒེར་སྡེ་མ་རྩ་གཞི་བཙུགས་འབད་མི་དང་ ཁེ་གྱོང་ཡོད་མི་ཚོང་པ་ཚུ་གིས་ ཐོན་སྐྱེད་བསྒྱུར་བཅོས་དང་ ཐོན་སྐྱེད་འབད་ནི་ ཚོང་འབྲེལ་ དེ་ལས་ ཚོང་ཉོ་མི་ཚུ་གི་བར་ན་ འབྲེལ་མཐུན་ཐབས་ལམ་ཚུ་ དོན་སྨིན་ཅན་དང་ སྤུས་ཚད་ཅན་བཟོ་དགོཔ་ཨིན་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།

གྲོས་འཛོམས་ནང་ གཞུང་གི་འགོ་དཔོན་དང་ རྒྱལ་སྤྱི་ལས་ ཚོང་འབྲེལ་དབུ་ཁྲིད་༥༥ དང་ མཐུན་འབྲེལ་གོང་འཕེལ་བཏང་མི་ མཉམ་འབྲེལ་བ་ ཞི་བའི་མི་སྡེ་ལས་ཚོགས་ཀྱི་མགྲིན་ཚབ་ མཁས་མཆོག་ ན་གཞོན་ངོ་ཚབ་ དེ་ལས་ མི་སྡེའི་ཁེ་གྱོང་པ་ཚུ་གིས་ སོ་ནམ་རིམ་ལུགས་ལུ་ གཙོ་རིམ་བཟུང་དགོཔ་ཨིན་པས།

འགོ་དཔོན་གྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༢༤ གི་ འབྲུག་སོ་ནམ་ཚོང་ལས་དང་ མ་རྩ་གཞི་བཙུགས་ཀྱི་ གྲོས་འཛོམས་ཀྱི་དམིགས་གཏད་ངོ་མ་ར་ ཚོང་པ་དང་ཚོང་པའི་བར་ན་ མཐུན་འབྲེལ་བཟོ་ནི་དང་ ཚོང་པ་དང་ གཞུང་ མ་རྩ་གཞི་བཙུགས་འབད་མི་དང་ མཉམ་འབྲེལ་འབད་མི་ཚུ་གི་ མི་སྟོབས་གོང་འཕེལ་གཏང་ནི་དང་ འབྲུག་གི་ སོ་ནམ་ཐོན་སྐྱེད་ལེགས་བསྒྱུར་འབད་ནི་ སྲིད་བྱུས་བརྩམ་ནི་དང་ མ་རྩ་བཙུགས་འབད་མི་ཚུ་ལུ་ རྒྱབ་སྐྱོར་འབད་ནི་ དེ་ལས་ མཉམ་འབྲེལ་གོང་འཕེལ་འབད་མི་ཚུ་གིས་ རྒྱལ་ཡོངས་སོ་ནམ་ཐབས་བྱུས་ལག་ལེན་འཐབ་ནི་དང་ མ་རྩ་གཞི་བཙུགས་ཀྱི་ འཆར་གཞི་བཟོ་ནི་ལུ་ ཁེ་ཕན་འབྱུང་ཚུགས་ཟེར་ཨིན་པས།

འཆར་གཞི་༡༣ པའི་ནང་ སོ་ནམ་ལས་སྡེ་གིས་ ཐབས་བྱུས་གུ་ མ་རྩ་གཞི་བཙུགས་ཐོག་ལས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་ཡར་དྲག་གཏང་ཐབས་ལུ་ དམིགས་བསལ་གྱི་ གཙོ་རིམ་བསྒྲིགས་ཡོདཔ་ཨིན་པས།

སྤྱི་ལོ་༢༠༢༩ ལས་ དོན་སྨིན་ཅན་གྱི་ སོ་ནམ་ཐོན་སྐྱེད་འབད་ནི་དང་ ཚོང་འབྲེལ་རྒྱ་སྐྱེད་གཏང་ནི་ རིག་གསར་དང་ འཕྲུལ་རིག་ཐོག་ལས་ སོ་ནམ་ཐོན་སྐྱེད་ཡར་དྲག་གཏང་ནི་ཨིནམ་ད་ དེ་གིས་སྦེ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ཐོག་ལས་ འོང་འབབ་ཡུ་ཨེསི་ཌོ་ལར་ས་ཡ་༦༠༠ བཟོ་ནིའི་ དམིགས་གཏད་ཨིན་པས།

ལས་རིམ་དེ་ སོ་ནམ་དང་སྒོ་ནོར་ལྷན་ཁག་གིས་ ཚོང་དང་བཟོ་གྲྭ་ ལཱ་གཡོག་ལྷན་ཁག་ འཛམ་གླིང་རྒྱལ་སྤྱིའི་ བཟའ་འཐུང་དང་སོ་ནམ་ལས་སྡེ་ ཡུ་རོ་པི་ཡན་ ཡུ་ནི་འོན་ དེ་ལས་ གཞུང་གི་ལས་སྡེ་དང་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་ཚུ་ མཉམ་རུབ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པའི་གནས་ཚུལ།

Advertisement