༉ ད་རེས་ནངས་པ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ འབྲུག་དབང་རྒྱལ་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་འབད་བའི་བསྒང་ཡོདཔ་ད་ ཁ་ཙ་ བསམ་གྲུབ་ལྗོངས་མཁར་ མར་ཚ་ལ་རྒེད་འོག་དང་ ཀླུ་མང་རྒེད་འོག་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ མར་ཚ་ལ་སྡེ་ཚན་གྱིས་ སྐུགས་སྦྱེལཝ་སྦྱེལ་སར་༢ ཆོད་དེ་ མཐའ་བཅད་འོག་མའི་ནང་ ལྷོད་ཡོདཔ་ཨིན་པས།
མར་ཚ་ལ་གིས་ སྐུགས་ཐེངས་དང་པའི་ནང་ སྐུགས་༢༥-༦ དང་ སྐུགས་ཐེངས་༢ པའི་ནང་ སྐུགས་༢༥-༢༤ སྦེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
མར་ཚ་ལ་རྒེད་འོག་གིས་ མཐའ་བཅད་འོག་མའི་རྩེད་འགྲན་དེ་ བཀྲིས་གཡང་རྩེ་ སྟོང་ཞང་དང་གཅིག་ཁར་ ཤུལ་མའི་ བདུན་ཕྲག་ནང་ འབད་ནི་ཨིན་པས།
འབའ་སྐྱོར་གཞན་མིའི་ནང་ བཀྲིས་སྒང་ ཨུ་མཛོ་རོང་རྒེད་འོག་དང་ མོང་སྒར་རྒེད་འོག་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ ཨུ་མཛོ་རོང་གིས་ རྒྱལ་ཁ་ཐོབ་ཡོདཔ་ད་ དུས་ཅི་ འབྲུག་དབང་རྒྱལ་རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་ནང་ རྒེད་འོག་༥༨ ཀྱིས་ བཅའ་མར་གཏོགས་མི་དེ་ ད་ལྟོ་ཚུན་ མཐོ་ཤོས་ཅིག་ཨིན་པའི་གནས་ཚུལ།

Advertisement