༉ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱི་ ཁེབ་སང་དེ་ ཁྲལ་བཏབ་པའི་ཤུལ་ལས་ སྤྱི་ལོ་༢༠༢༢ ལུ་ དངུལ་ཀྲམ་ཐེར་འབུམ་༤.༩༩ ལས་ སྤྱི་ལོ་༢༠༢༣ ལུ་ དངུལ་ཀྲམ་ཐེར་འབུམ་༨.༤༢ འབདཝ་ད་ བརྒྱ་ཆ་༦༨.༥ དེ་ཅིག་ ཡར་འཕར་སོང་ནུག།
དེ་ཡང་ སྤྱིར་བཏང་ འོང་འབབ་དེ་ བརྒྱ་ཆ་༢༧.༢ དེ་ཅིག་ ཡར་སེང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༢ ལུ་ དངུལ་ཀྲམ་ཐེར་འབུམ་༤༦.༧ ལས་ དངུལ་ཀྲམ་ཐེར་འབུམ་༥༨.༦ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
ཁེ་སང་ཡར་སེང་ མཐོ་ཤོས་ར་ ནུས་ཤུགས་དང་ཐོན་སྐྱེད་ལས་སྡེ་ཚུ་གི་ ཡོདཔ་བཞིན་དུ་ འོང་འབབ་ཡོངས་བསྡོམས་ལས་ བརྒྱ་ཆ་༥༠.༤ ཡོདཔ་ད་ སྤྱི་ལོ་༢༠༢༢ དང་ཕྱདཔ་ད་ ན་ཧིང་ འོང་འབབ་ དངུལ་ཀྲམ་ཐེར་འབུམ་༦.༡ འབདཝ་ད་ བརྒྱ་ཆ་༡༧.༥༧ དེ་ཅིག་ ཡར་འཛེགས་ཡོདཔ་ཨིན་པས།
འབྲུག་གློག་མེ་ལས་འཛིན་གྱིས་ ན་ཧིང་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༢༠.༢༡ བཟོ་ཡོད་མི་ལས་ ཁྲལ་བཏབ་པའི་ཤུལ་ལས་ ལས་འཛིན་གྱིས་ དངུལ་ཀྲམ་ཐེར་འབུམ་༡.༥ དེ་ཅིག་ བཟོ་ཡོདཔ་ད་ ནུས་ཤུགས་བཙོང་མི་ཡང་ བརྒྱ་ཆ་༦༤.༢ ཡར་སེང་ཡོདཔ་བཞིན་དུ་ གློག་མེ་ཡུ་ནིཊ་ས་ཡ་༥,༦༨༩.༧༤ བཙོང་ཡོདཔ་ཨིན་པས།
རྒྱལ་ཁམས་ས་གཏེར་ལས་ཁུངས་ཀྱིས་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༦.༤༧ འབདཝ་ད་ བརྒྱ་ཆ་༢༠.༥༥ དེ་ཅིག་ ཡར་སེང་སོང་ཡོདཔ་ད་ ཁེབ་སང་འབད་བ་ཅིན་ ཁྲལ་བཏབ་པའི་ཤུལ་ལས་ དངུལ་ཀྲམ་ཐེར་འབུམ་༢.༢༧ བཟོ་ཡོད་མི་དེ་ཡང་ གཙོ་བོ་ར་ རྡོ་དཀར་ཚོང་འབྲེལ་ལུ་བརྟེན་ཨིན་པས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་འབད་བ་ཅིན་ ནུས་ཤུགས་ཐོན་སྐྱེད་ མར་བབས་སོང་མི་ལུ་བརྟེན་ ལོ་བསྟར་འོང་འབབ་དེ་ དངུལ་ཀྲམ་ཐེར་འབུམ་༡༡.༦༧ འབདཝ་ད་ བརྒྱ་ཆ་༢.༩༧ དེ་ཅིག་ མར་བབབས་སོང་ནུག།
བརྒྱུད་འཕྲིན་དང་ སྐྱེལ་འདྲེན་ལས་སྡེ་ཚུ་གིས་ འོང་འབབ་ཡོངས་བསྡོམས་ལས་ བརྒྱ་ཆ་༡༣.༥ འབདཝ་ད་ དངུལ་ཀྲམ་ཐེར་འབུམ་༡༠.༩༣ ཕན་གྲོགས་འབད་ཡོདཔ་ཨིན་པས།
འབྲུག་བརྒྱུད་འཕྲིན་ཚད་ཀྱིས་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༦.༡ བཟོ་མི་ལས་ མོ་བཱ་ཡལ་ཞབས་ཏོག་གིས་ དངུལ་ཀྲམ་ཐེར་འབུམ་༥.༣༩ འབདཝ་ད་ བརྒྱ་ཆ་༨༨.༣༧ ལྷན་ཐབས་འབད་ཡོདཔ་ཨིན་པས།
འབྲུག་མཁའ་འགྲུལ་གྱི་ འགྲུལ་པ་དེ་ བརྒྱ་ཆ་༡༢༢ དེ་ཅིག་དང་ མི་ངོམ་༢༠༡,༩༧༩ ལུ་ ཡར་འཕར་སོང་ཡོདཔ་བཞིན་དུ་ ཁྲལ་མ་བཏབ་པའི་ཤུལ་ལས་ ཁེབ་སང་དངུལ་ཀྲམ་ས་ཡ་༢༩༡.༣༤ བཟོ་ཡོདཔ་ད་ སྤྱི་ལོ་༢༠༢༢ ལུ་འབད་བ་ཅིན་ དངུལ་ཀྲམ་ཐེར་འབུམ་༡.༡༥ རྒུད་ཕོག་ཡོདཔ་ཨིན་པས།
ན་ཧིང་ དམིགས་བསལ་དུ་ ནུས་ཤུགས་དང་ཐོན་སྐྱེད་དང་ བརྒྱུད་འཕྲིན་ལས་སྡེ་ཚུ་གིས་ གྲུབ་འབྲས་ལེགས་ཤོམ་ཡོདཔ་བཞིན་དུ་ དེ་ཡང་ དགེ་ལེགས་ཕུག་ལུ་ དྲན་ཤེས་ཁྲོམ་ཚོགས་ཀྱི་དོན་ལུ་ གལ་ཅན་ཅིག་ཨིན་ཟེར་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱིས་ བཀོདཔ་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱིས་ བཀོད་མིའི་ནང་ འབྲུག་མཁའ་འགྲུལ་དེ་ རྒྱལ་ཡོངས་ཀྱི་ སྐྱེལ་འདྲེན་པ་ཅིག་འབདཝ་ལས་ དགེ་ལེགས་ཕུག་ལུ་ དྲན་ཤེས་ཁྲོམ་ཚོགས་དང་ འབྲུག་གི་དོན་ལུ་ གལ་ཅན་ཅིག་ཨིན་མི་དེ་ཡང་ སྐྱེལ་འདྲེན་དང་ཡར་སེང་དང་ དགོས་མཁོ་འགྲུབ་ནི་ལུ་བརྟེན་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱི་ གནས་ཚུལ་གསར་བཏོན་དང་འཁྲིལ་བ་ཅིན་ གློག་མེ་ཐོན་སྐྱེད་ཀྱིས་ དགེ་ལེགས་ཕུག་དྲན་ཤེས་ཁྲིམ་ཚོགས་དེ་ འཕྲུལ་རིག་དཔལ་འབྱོར་གོང་འཕེལ་གཏང་ནི་དང་ སྤྱིར་བཏང་ རྒྱལ་ཁབ་ཀྱི་དོན་ལུ་ གལ་གནད་ཅན་ཅིག་ཨིན་པས།
དངུལ་འབྲེལ་ཞབས་ཏོག་དང་ འཕྲུལ་རིག་མ་རྩ་གཞི་བཙུགས་ནང་ འབྲུག་གི་དངུལ་ཁང་ནང་ ཌི་ཇི་ཊཱལ་བརྗེ་སོར་ཡར་སེང་སོང་ཡོདཔ་བཞིན་དུ་ ཨེམ་བཱོབ་བརྗེ་སོར་ དངུལ་ཀྲམ་ཐེར་འབུམ་༦༧ དང་ གོ་བཱོབ་དངུལ་ཀྲམ་ས་ཡ་༤༢༨ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
བཱོ་བིཊ་ཟེར་ ཕྱི་དངུལ་འོང་མི་ཞབས་ཏོག་ཐོག་ལས་ ཡོངས་བསྡོམས་ཨེ་ཡུ་ཌི་ས་ཡ་༤༨.༠༡ ལྷན་ཐབས་འབད་ཡོདཔ་ད་ འབྲུག་གི་དངུལ་ཁང་གི་ ཁྲལ་བཏབ་པའི་ཤུལ་ལས་ ཁེ་སང་དངུལ་ཀྲམ་ཐེར་འབུམ་༡ བཟོ་ཡོདཔ་ད་ སྤྱི་ལོ་༢༠༢༢ ལུ་འབད་བ་ཅིན་ ཁེ་སང་དངུལ་ཀྲམ་ས་ཡ་༦༧༦.༥༧ ལས་བརྒལ་ བཟོ་མ་ཚུགས་པས།
དེ་བཟུམ་སྦེ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱི་ ཟད་འགྲོ་དེ་ དངུལ་ཀྲམ་ཐེར་འབུམ་༤༠.༦ འབདཝ་ད་ བརྒྱ་ཆ་༢༢.༧༩ དེ་ཅིག་ ཡར་འཕར་སོང་ཡོདཔ་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱི་ བཀོད་ཁྱབ་གཙོ་འཛིན་ ཨུ་ཇཱལ་ ཌིབ་ ཌ་ཧཱལ་གྱིས་ སླབ་མིའི་ནང་ གཞི་བཟུང་ཚད་དང་ དེ་གི་ལས་སྡེ་ཚུ་གིས་ སྤྱི་ལོ་༢༠༢༣ ལུ་ གྲུབ་འབྲས་ལེགས་ཤོམ་ཐོན་ཏེ་ཡོདཔ་ད་ ནད་ཡམས་ལུ་བརྟེན་ འབྱེམ་ཕོག་མི་ཚུ་ ལོག་ཡར་དྲག་གཏང་ཚུགས་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚད་འཛིན་གྱི་ ལས་སྡེ་ག་ར་གིས་ གྲུབ་འབྲས་ལེགས་ཤོམ་ བྱུང་སྟེ་ཡོདཔ་བཞིན་དུ་ དུས་ཅིག་ཡང་ ལྷག་པར་དུ་ ཡར་དྲག་འགྱོ་ནི་གི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
གཞུང་དང་ སྒེར་སྡེ་མཉམ་འབྲེལ་ཐོག་ལས་ ཚད་འཛིན་གྱིས་ འབྲུག་གི་རྒྱལ་ཡོངས་གོང་འཕེལ་གཏང་ནི་ལུ་ མ་རྩ་གཞི་བཙུགས་འབད་ནི་ཨིན་པའི་ཁར་ འབྲུག་པའི་མི་སེར་ཚུ་གི་ མི་ཚེ་སྤུས་ཚད་ ཡར་དྲག་གཏང་ནི་ལུ་ རྒྱབ་སྐྱོར་ཚུ་ འབད་འོང་ཟེར་ཨིན་པས།
ལས་སྡེ་ཚུ་གིས་ གཞུང་ལུ་ སྐྱེལ་བཙུགས་དངུལ་ཀྲམ་ཐེར་འབུམ་༡༦.༤ བྱིན་མི་དེ་ སྤྱི་ལོ་༢༠༢༢ (དངུལ་ཀྲམ་ཐེར་འབུམ་༡༤.༡༤) དང་ཕྱདཔ་ད་ བརྒྱ ཆ་༡༦ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།
དེ་ནང་ དངུལ་རྩིས་ལྷན་ཁག་ལུ་ བགོ་བཤའི་ཁེབ་སང་སྦེ་ དངུལ་ཀྲམ་ཐེར་འབུམ་༥.༠༦ བྱིན་མི་དེ་ཡང་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༥༠.༣ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལས་སྡེ་ཚུ་གིས་ ནུས་ཤུགས་སྤྱོད་འཐུས་ དངུལ་ཀྲམ་ཐེར་འབུམ་༢.༠༩ བྱིན་མི་དེ་ཡང་ སྤྱི་ལོ་༢༠༢༢ དང་ཕྱདཔ་ད་ བརྒྱ་ཆ་༡༩.༦ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་དང་ དེ་གི་ལས་སྡེ་ཚུ་གིས་ སྐྱེལ་བཙུགས་དངུལ་ཀྲམ་ཐེར་འབུམ་༩.༥༨ བྱིན་ཡོདཔ་ད་ སྤྱི་ལོ་༢༠༢༢ ལུ་ འབད་བ་ཅིན་ དངུལ་ཀྲམ་ཐེར་འབུམ་༨ ལས་བརྒལ་ མེདཔ་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱིས་ བཀོད་མིའི་ནང་ དངུལ་འབྲེལ་ལས་སྡེ་ཚུ་གིས་ རྒྱུ་ནོར་གཞི་བཟུང་ཚད་ལུ་ དངུལ་ཀྲམ་ཐེར་འབུམ་༤༩.༧༥ ལྷན་ཐབས་འབད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

Advertisement