༉ གནམ་གཤིས་འགྱུར་བགྲོད་དང་ རང་བཞིན་རྐྱེན་ངན་གྱི་ཉེན་ཁ་ཡར་སེང་ འགྱོ་དོ་ཡོད་མི་ལུ་ འབྲུག་གི་གཙུག་སྡེ་དང་ འཕྲུལ་རིག་གི་ལྕོགས་གྲུབ་འཛིན་སྐྱོང་ཐོག་ ཡར་རྒྱས་བཏང་སྟེ་ སྒྲིང་སྒྲི་བཟོ་ནིའི་དོན་ལུ་ འཛམ་གླིང་དངུལ་ཁང་གིས་ ཡུ་ཨེས་ཌི་ས་ཡ་༤༠ གྲོགས་རམ་སྦེ་ བྱིན་ཡོདཔ་ཨིན་པས།
གནམ་གཤིས་དང་ རྐྱེན་ངན་ཟློག་ཤུགས་གོང་འཕེལ་སྲིད་བྱུས་དངུལ་འབྲེལ་གྱིས་ གཙུག་སྡེ་ཚུ་ གཞི་རྟེན་མཁོ་ཆས་གནད་འགག་ཅན་ཚུ་ལུ་ ཡུན་བརྟན་གྱི་གྲོགས་རམ་དང་ གློག་མེ་ལས་འགུལ་ སྔོན་འགྲོའི་ཉེན་བརྡ་རིམ་ལུགས་དང་ མི་སྡེའི་དངུལ་འབྲེལ་ཟློག་ཤུགས་ ལེགས་ལྡན་བཟོ་ནི་ཚུ་ཡོདཔ་ཨིན་པས།
གློ་བུར་རྐྱེན་ངན་འཛིན་སྐྱོང་གི་ ཉེན་བརྡའི་ཐོག་ལས་ འཕྲལ་མཁོའི་གནད་དོན་ཚུ་ནང་ ལག་ལེན་འཐབ་སྟེ་ གཞུང་ལུ་ འཚབས་ཆེན་གྱི་ངོས་ལེན་ཚུ་ དེ་འཕྲོ་ལས་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་ཨིན་པས།
དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ བཤད་མིའི་ནང་ འདི་བཟུམ་གྱི་ ལས་རིམ་ལག་ལེན་དེ་གིས་ འཆར་གཞི་༡༣ པའི་ལྷན་ཐབས་ འབད་ཚུགས་ནི་དང་ དེ་གིས་ རྒྱལ་ཁབ་ཀྱི་ རྐྱེན་ངན་མར་ཕབ་དང་ རྐྱེན་ངན་འཛིན་སྐྱོང་གི་ ཉེན་ཁ་ལུ་བརྟེན་ དཔལ་འབྱོར་དང་ གཞི་རྟེན་ གཙུག་སྡེ་ མི་སེར་ཚུ་ལུ་ ཉེན་སྲུང་ཅན་དང་ སྒྲིང་སྒྲི་བཟོ་ནིའི་དམིགས་ཡུལ་ཡང་ ཡོདཔ་ཨིན་པས།
དེ་གིས་ ང་བཅས་ལུ་ དགོས་མཁོ་ཅན་གྱི་ དངུལ་འབྲེལ་ཉེན་སྲུང་དང་ གློ་འབུར་གྱི་རྐྱེན་ངན་བཀག་ཐབས་ཚུ་འབད་མི་གིས་ ང་བཅས་རའི་ མི་སེར་དང་ གཞི་རྟེན་མཁོ་ཆས་ཚུ་ ཉེན་སྲུང་ལེགས་ལྡན་འབད་ཚུགས་པའི་ འོས་འབབ་ཡོདཔ་ཨིན་པས།
འདི་དང་འབྲེལ་ ནུབ་བེང་གལ་གྱི་མདོ་ཆེན་ ཨབ་དུ་ལ་སིག་གིས་ བཤད་མིའི་ནང་ འབྲུག་རྒྱལ་ཁབ་དེ་ རང་བཞིན་གྱི་རྐྱེན་ངན་འབྱུང་སྲིད་པའི་ རྒྱལ་ཁབ་ཅིག་དང་ ཡང་ན་ སྐྱེ་ཁམས་ཀྱི་གནས་སྟངས་དང་བསྟུན་ གསོ་བའི་གློ་འབུར་འཕྲོད་བསྟེན་ དགོཔ་གལ་ཆེཝ་སྦེ་འདུག་ཟེར་ཨིན་པས།
ལས་རིམ་དེ་གིས་ གློག་མེ་སྡེ་ཚན་ཉེན་སྲུང་འབད་ནི་ལུ་ གྲོགས་རམ་འབད་ཚུགས་ནི་དང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གཞི་རྟེན་ཅན་ རང་བཞིན་གྱི་རྐྱེན་ངན་དང་ གནམ་གཤིས་འགྱུར་བགྲོད་ཀྱི་ ཉེན་ཁ་ཚུ་ བྱུང་དོ་ཡོད་མི་དེ་ གློག་མེ་ལས་འགུལ་ཚུ་ནང་ ཟློག་ཤུགས་ཀྱི་གོང་འཕེལ་གནས་རིམ་ཚུ་ གོ་རིམ་བཞིན་དུ་ ཡར་སེང་འགྱོ་དོ་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
འབྲུག་གིས་ གློག་མེ་ལས་འགུལ་གོང་འཕེལ་དང་ ཆུ་གསོག་མཛོད་ཁང་ཉེན་སྲུང་ལམ་སྟོན་ཚུ་ བསྒྱུར་བཅོས་འབད་ཡོདཔ་ད་ དེ་གིས་ ཆུ་གསོག་མཛོད་ཁང་ཉེན་སྲུང་དང་ ས་ཁམས་རིག་པའི་གནས་སྟངས་འཛིན་སྐྱོང་ཚུ་ ལེགས་ལྡན་འབད་ཐབས་ལུ་ ཨིན་ཟེར་ཨིན་པས།
དེ་གུ་ལུ་ རྫོང་ཁག་༢༠ འི་ནང་ ཉེན་ཁ་ཅན་གྱི་སྒྲིང་ཁྱིམ་དང་ ཁྱིམ་བཟོ་ གསོ་བ་ ཤེས་རིག་གི་གདོང་ལེན་ཚུ་ ལེགས་ལྡན་བཟོ་ནི་དང་ འབྲུག་གིས་ འབྲུག་སྒྲིང་ཁྱིམ་གྱི་སྒྲིག་གཞི་༢༠༢༣ ཅན་མ་ བསྒྱུར་བཅོས་འབད་མི་དེ་ ཆ་འཇོག་འབད་ཐོག་ལས་ ཡོངས་འབྲེལ་ནང་བཙུགས་ཡོདཔ་བཞིན་དུ་ དེ་གིས་ སྒྲིག་གཞི་དང་ ལམ་སྟོན་ཚུ་ ཚུལ་དང་མཐུནམ་སྦེ་ རྩ་བརྟན་བཟོ་ཚུགས་ཟེར་ཨིན་པས།
གཞན་ཡང་ ཐིམ་ཕུག་ལུ་ བཟོ་བཀོད་གསར་པའི་གནས་རིམ་དང་ སྒྲིག་གཞི་དང་འཁྲིལ་ ཉེན་ཁ་ཅན་གྱི་ས་ཁོངས་ཚུ་ནང་ ཆུ་རུད་ཀྱི་གདོང་ལེན་ཚུ་ ལག་ལེན་འདི་གི་ཐོག་ལས་ བཀོད་རིས་གསར་པའི་སྒོ་ལས་ རྒྱབ་སྐྱོར་འབད་ཚུགས་ནི་དང་ ཐིམ་ཕུག་གི་ལུང་གཤོང་ནང་ མི་རློབས་མཐོ་ཤོས་ཅིག་སྦེ་ཡོདཔ་ལས་ དེ་གིས་ ཉེན་ཁ་ཆེ་བའི་རྐྱེན་ངན་ ས་ཡོམ་དང་ ས་རུད་ ཆུ་རུད་ དེ་ལས་ མེ་རྐྱེན་ལ་སོགས་པ་ཚུ་ འབྱུང་ནིའི་ཉེན་ཁ་ སྦོམ་ར་ཡོདཔ་ཨིན་པས།
འཛམ་གླིང་དངུལ་ཁང་གི་ རྐྱེན་ངན་འཛིན་སྐྱོང་མཁས་མཆོག་དང་ ལས་དོན་སྣ་ཚོགས་སྡེ་ཚན་འགོ་ཁྲིདཔ་ ན་ཧོ་ཤི་བུ་ཡ་གིས་ བཤད་མིའི་ནང་ དངུལ་འབྲེལ་ལུ་བརྟེན་ རང་བཞིན་གྱི་རྐྱེན་ངན་ ཁྱེགས་མཚོ་རྦེད་མི་དང་ མེ་རྐྱེན་གཞན་གྱི་ཉེན་ཁ་ཚུ་ལས་ སྔོན་འགྲོའི་ཉེན་བརྡ་རིམ་ལུགས་ཀྱིས་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིནམ་ད་ གཞན་དང་གཞན་ཡང་ རྒྱལ་ཁབ་ཀྱི་དངུལ་འབྲེལ་རིམ་ལུགས་ཀྱི་གདོང་ལེན་དང་ རྐྱེན་ཉེན་གྱི་ཉེན་བཅོལ་ཚུ་ རྒྱལ་སྤྱིའི་གནས་ཚད་དང་བསྟུན་ གོང་འཕེལ་བཏང་ཚུགས་པའི་ དམིགས་ཡུལ་ཨིན་ཟེར་ཨིན་པས།
དངུལ་འབྲེལ་བྱ་རིམ་ནང་ གནམ་གཤིས་འགྱུར་བགྲོད་ཀྱི་ བུ་ལོན་དང་འབྲེལ་བའི་གནས་དོན་ལུ་བརྟེན་ འབྲུག་གི་མ་རྩ་ཚུ་ གཞི་སྒྱུར་འབད་ནི་དང་ ཡང་ཅིན་ ཞབས་ཏོག་གི་འཐུས་ཚུ་ ལོ་གཉིས་ཀྱི་རིང་ལུ་སྦེ་ ས་ཡོམ་དང་ ཐན་ཤུགས་ ཆུ་རུད་ གསོ་བའི་འཚབས་རྡོལ་གནས་སྟངས་ཚུ་ནང་ ལག་ལེན་འཐབ་ནི་སྦེ་ཡོདཔ་ཨིན་པས།
ལས་རིམ་དེ་ གནམ་གཤིས་འགྱུར་བགྲོད་གཞི་རྩའི་མ་དངུལ་དང་ འཛམ་གླིང་མཐུན་རྐྱེན་ཚུ་གི་སྒོ་ལས་ རྐྱེན་ངན་ཉེན་སྲུང་མར་ཕབ་དང་ བསྐྱར་བཟོ་ཉེན་སྲུང་དང་འབྲེལ་ གོང་འཕེལ་འགྱོ་བའི་བསྒང་གི་ རྒྱལ་ཁབ་ནང་ གཙོ་རིམ་ཅན་གྱི་ རྐྱེན་ངན་འཛིན་སྐྱོང་ཚུ་ ཇ་པཱན་འཛམ་གླིང་དངུལ་ཁང་ལས་རིམ་ཚུ་གིས་ འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement