༉ འཕྲུལ་རིག་གཙང་སྦྲ་བཟོ་གྲྭའི་དོན་ལུ་ དམིགས་གཏད་བསྐྱེད་མི་ བསམ་རྩེ་དམ་དུམ་བཟོ་གྲྭ་ས་ཁོངས་དེ་ ལོ་ངོ་མང་རབས་ཅིག་གི་རིང་ ཐོགས་ལུས་པའི་ཤུལ་ ད་རེས་ ལོག་སྟེ་ར་ ལཱ་འབད་ནི་འགོ་བཙུགས་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ཟླ་༨ པའི་ནང་ འགོ་འབྱེད་འབད་མི་ ས་ཁོངས་དེ་ནང་ གླ་ཁར་སྡོད་མི་ ངེས་བརྟན་མེད་མི་ལུ་བརྟེན་ དཀའ་ངལ་ཚུ་བྱུང་ཡོདཔ་ད་ འདས་པའི་ལོ་༨ ཀྱི་རིང་ ཏན་ཏན་མེད་མི་ གླ་ཁར་སྡོད་མི་༨༠ དེ་ཅིག་ བཏོན་བཏང་ཡོདཔ་ད་ དེ་ཡང་ ཁོང་གིས་ ཚོང་ལཱ་འགོ་བཙུགས་མ་ཚུགས་ནི་དེ་གིས་ཨིན་པས།
ད་རེས་ནངས་པར་ ཚོང་འབྲེལ་ལས་ཁུངས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ ཚོང་འབྲེལ་ས་ཁོངས་དེ་ནང་ ཚོང་འབྲེལ་འཐབ་མི་ཚུ་གིས་ ས་ཚན་སྟོངམ་ཚུ་ནང་ ག་ཐོབ་རྐྱབ་སྟེ་འོང་དོ་ཡོདཔ་ལས་ བཟོ་གྲྭ་ས་ཁོངས་ཀྱིས་ ཤུལ་མའི་ལོ་༢ ནང་ ཡར་དྲག་སྦོམ་སྦེ་ར་ འགྱོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ད་ལྟོ་ ང་བཅས་ཀྱིས་ ལས་འགུལ་གྱི་དོན་ལུ་ དང་འདོད་ཡོད་མི་ཚུ་ལུ་ གོ་སྐབས་བྱིན་ཐབས་ལུ་ ཞུ་ཡིག་བཙུགས་མི་ཚུ་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་དོ་ཟེར་ འགོ་དཔོན་ཅིག་གིས་ བཤདཔ་ཡོདཔ་ད་ ད་ལྟོ་ ས་ཚན་སྟོངམ་ ཉུང་སུ་ཅིག་ལས་བརྒལ་མེདཔ་བཞིན་དུ་ བགོ་བཀྲམ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
དམ་དུམ་བཟོ་གྲྭ་ས་ཁོངས་དེ་ ས་ཆ་ཨེ་ཀར་༢༣༤ ནང་ཁྱབ་སྟེ་ཡོདཔ་བཞིན་དུ་ ས་ཁོངས་ཁག་༣ ལུ་ བགོ་བཤའ་རྐྱབ་སྟེ་ཡོདཔ་ད་ ས་ཁོངས་ཨེ་ནང་ ས་ཨེ་ཀར་༡༤༣ དང་ ས་ཁོངས་བི་ནང་ ས་ཨེ་ཀར་༦༥ དེ་ལས་ ས་ཁོངས་སི་ནང་ ས་ཨེ་ཀར་༢༥ ཡོདཔ་ཨིན་པས།
ས་ཚན་༤༥ བགོ་བཀྲམ་འབད་མིའི་ནང་་ལས་ བཟོ་གྲྭ་༡༨ མཇུག་བསྡུ་ཡོདཔ་ད་༡༡ རྐྱབ་པའི་བསྒང་དང་ ༡༦ ཡིག་ཆ་བཟོ་བའི་བསྒང་ཡོདཔ་ཨིན་པས།
མ་གཞི་ ས་ཁོངས་བི་དེ་ནང་ ཆུ་རུད་འོང་ནིའི་ ཉེན་ཁ་ཡོདཔ་ལས་ ད་ཚུན་ ས་ཁོངས་དེ་ གོང་འཕེལ་གཏང་མ་ཚུགས་པར་ཡོདཔ་ད་ ས་ཁོངས་དེ་ནང་ ལྟ་རྟོག་འབད་དོ་ཡོདཔ་བཞིན་དུ་ ད་ལྟོ་ ས་ཆ་ཨེ་ཀར་༧ རྡོ་དཀྲུམ་འཕྲུལ་ཁང་༢ ལུ་ གླ་ཁར་སྤྲོད་ཡོདཔ་ཨིན་པས།
བཟོ་གྲྭ་ས་ཁོངས་དེ་ནང་ བཟོ་གྲྭ་སྣ་ཚོགས་ཡོདཔ་ད་ དེ་ནང་ ཚོང་འབྲེལ་ལས་ཁང་སྦོམ་༢ ཡོད་མི་དེ་ཡང་ ཕྱི་ཁའི་ཐད་ཀར་མ་རྩ་བཙུགས་མི་ལས་སྡེ་ དགྲ་ལྷ་ཚར་བཟོ་སྒེར་སྡེ་དང་ ཨི་ཀོ་སིན་ ཕའེ་བར་ལས་སྡེ་ཨིནམ་ད་ དེ་བཟུམ་སྦེ་ ལས་སྡེ་སྦོམ་༡༩ དང་ ཆུང་རིམ་༡༧ དེ་ལས་ བཟོ་གྲྭ་ཁང་ཆུང་བ་༣ ཡོདཔ་ཨིན་པས།
བཟོ་གྲྭ་འཕྲུལ་ཁང་གི་ འགོ་འདྲེན་པ་ཚུ་གིས་ ས་ཁོངས་ཀྱི་མཐུན་རྐྱེན་ཚུ་ འཕྲོ་མཐུད་དེ་ར་ གནོད་སྐྱོན་དང་ཉམས་འགྱོ་ནི་ལས་ བཀག་ཐབས་ལུ་ དེ་འཕྲོ་ལས་ རྒྱུན་སྐྱོང་འཐབ་དགོཔ་སྦེ་ སླབ་དོ་ཡོདཔ་ད་ ལ་ལོ་ཅིག་གིས་ རང་གི་མིང་ཐོ་ཁར་ ཚོང་ལཱ་གཞན་ལུ་འཐབ་བཅུག་པའི་ ཚ་གྱང་ཚུ་ བཤད་དོ་ཡོདཔ་ཨིན་པས།
ཚོང་པ་གཞན་ཅིག་གིས་ སླབ་མིའི་ནང་ བཟོ་གྲྭ་ཁང་རྐྱབ་ནིའི་དོན་ལུ་ སྐྱིན་འགྲུལ་ལེན་མི་ ལ་ལོ་ཅིག་གིས་ སྐྱིན་འགྲུལ་དེ་ ལཱ་གཞན་གྱི་དོན་ལུ་ ལག་ལེན་འཐབ་ནུག་ཟེར་ཨིནམ་ད་ ད་ལྟོ་ སྐྱིན་འགྲུལ་ལོག་བཏབ་ནིའི་དུས་ཚོད་ཨིན་རུང་ མང་ཤོས་ཅིག་གིས་ ལས་འགུལ་འགོ་བཙུགས་མ་ཚུགས་པར་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༢༥ ལུ་ བཟོ་གྲྭ་ས་ཁོངས་དེ་གི་ འགོ་འདྲེན་པ་ཚུ་གིས་ ས་གླར་སྤྱོད་གོང་ཚད་ མར་ཕབ་འབད་དགོ་པའི་ ཞུ་བ་ཕུལ་བའི་ཤུལ་ལས་ བཟོ་གྲྭ་ལས་ཁུངས་ཀྱིས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་དང་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ བཟོ་གྲྭ་ས་ཁོངས་ཀྱི་ ས་གླར་སྤྱོད་གོང་ཚད་ མར་ཕབ་འབད་ནི་གི་ བསྐྱར་ཞིབ་འབད་དོ་ཡོདཔ་ཨིན་པས།
ལས་ཁུངས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ད་ལྟོའི་བསྐྱར་ཞིབ་དེ་ བསམ་རྩེ་ལུ་ཡོད་པའི་ དམ་དུམ་དང་ ནོར་བུ་སྒང་ དེ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ཡོད་མི་ མོ་ཏང་ག་ལུ་ ཆ་གནས་འབད་དེ་ཡོད་ཟེར་ཨིན་པས།
རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ ས་གླར་སྤྱོད་གོང་ཚད་དེ་ དུས་ཅི་ལས་འགོ་བཙུགས་ ས་ཆ་ཕིཊ་གྲུ་༤ རེ་ལུ་ དངུལ་ཀྲམ་༠.༡༥ འབད་མི་དེ་ ས་ཆ་ཕིཊ་གྲུ་༤ རེ་ལུ་ དངུལ་ཀྲམ་༤.༡ ལུ་ ཡར་སེང་འབད་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།