༉ ད་རིས་ ཐིམ་ཕུག་བཀྲིས་ཆོས་རྫོང་གི་ ཀུན་ར་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་འབྲུག་རྒྱལ་༤ པ་མཆོག་ དེ་ལས་ མི་དབང་རྒྱལ་ཡུམ་ལྷན་རྒྱས་ཚུ་གིས་ རྒྱ་གར་གྱི་བློན་ཆེན་བགྲེསཔ་ ཌོག་ཊར་ མཱན་མོ་ཧཱན་སིང་ གཤགས་མིའི་དོན་ལུ་ ཐུགས་སྨོན་གནང་སྟེ་ དཀར་མེ་ཕུལ་ཡོདཔ་ཨིན་པས།
ལས་རིམ་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ དེ་ལས་ འབྲུག་དང་རྒྱ་གར་གྱི་ ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
དེ་བཟུམ་མའི་ ལས་རིམ་དེ་ རྫོང་ཁག་༢༠ ནང་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
རྒྱ་གར་གྱི་ བློན་ཆེན་བགྲེསཔ་དེ་ འབྲུག་གི་ མཛའ་བཤེས་མཐུན་འབྲེལ་ ལེགས་ཤོམ་ཅིག་ཨིནམ་བཞིན་དུ་ བློན་ཆེན་གྱིས་ འབྲུག་ལུ་ སྤྱི་ལོ་༢༠༠༨ དང་༢༠༡༠ འབདཝ་ད་ ཚར་༢ བྱོན་ཡོདཔ་ཨིན་པས།
བློན་ཆེན་བགྲེསཔ་གཤགས་མིའི་ གུས་བཏུད་དང་ རྒྱ་གར་གཞུང་གི་ མི་སེར་དང་གཅིག་སྒྲིལ་ཡོད་པའི་ བརྡ་མཚོན་ལུ་ རྒྱལ་ཁབ་ནང་འཁོད་དང་ ཕྱི་ཁའི་ འབྲུག་གི་གཞུང་ཚབ་ཡིག་ཚང་དང་ དོན་གཅོད་ཡིག་ཚང་ཚུ་ནང་ འབྲུག་གི་རྒྱལ་དར་ཚུ་ ཕྱེད་ཀ་སྦེ་ འཕྱར་ཡོདཔ་ཨིན་པས།
འབྲུག་དང་ རྒྱ་གར་གྱི་བར་ན་ ཕན་ཚུན་བློ་གཏད་དང་ ལེགས་སྨོན་མཐུན་འབྲེལ་ལུ་ གཞི་བཞག་སྟེ་ གཞན་དང་མ་འདྲ་བའི་ མཛའ་བཤེས་མཐུན་ལམ་ སྒྲིང་སྒྲི་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement