ཁ་ཙ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱ་གར་གྱི་ ཕྱི་འབྲེལ་ལྷན་ཁག་གི་ མཉམ་འབྲེལ་དྲུང་ཆེན་(བྱང་ཕྱོགས་) ཤྲི་ ཨ་ནུ་རག་ སི་རི་བཱསི་ཏ་དང་ཕྱད་ཡོདཔ་བཞིན་དུ་ བློན་ཆེན་གྱིས་ འབྲུག་གི་ གོང་འཕེལ་མཉམ་རོགས་གཙོ་ཅན་ཅིག་སྦེ་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ མཉམ་འབྲེལ་དང་ རྒྱབ་སྐྱོར་ཚུ་འབད་ཡོདཔ་ལས་ རྒྱ་གར་གཞུང་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པའི་གནས་ཚུལ།