༉ རྒྱ་གར་ལྟ་བཤལ་པའི་ལས་རིམ་ཚུ་ རྒྱ་གར་གྱི་ས་གནས་ཁྲོམ་ཚོགས་བཞི་ནང་འགོ་འདྲེན་འཐབ་མི་གིས་ འབྲུག་ལུ་ རྒྱ་གར་གྱི་ལྟ་བཤལཔ་གྱངས་ཁ་ མང་སུ་འོང་ནིའི་ དམིགས་ཡུལ་ཡོདཔ་ཨིན་པས།
ལྟ་བཤལ་ལས་ཁུངས་ཀྱིས་ ཉིན་གྲངས་ལྔ་འབད་མི་ལས་རིམ་དེ སྤྱི་ཟླ་༦ པའི་ཚེས་༡༧ ལས་༢༡ ཚུན་འབད་མི་དེ་ རྒྱ་གར་ཁྲོམ་སྡེ་ལྡི་ལི་ མཱོམ་བ་ཡེ་ ཨ་མི་ད་བཱད་ དེ་ལས་ ཀོལ་ཀ་ཊ་ཚུ་ཡོདཔ་ད་ ལས་རིམ་དེ་ཡང་ འབྲུག་ལྟ་བཤལ་དུས་སྟོན་ཐེངས་༥༠ པ་དང་འབྲེལ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ལས་རིམ་གྱི་དམིགས་ཡུལ་དེ་ གནམ་བྱཱར་ལུ་ ལྟ་བཤལཔ་མང་སུ་ ལྷོད་ཚུགས་ཐབས་ལུ་ཨིན་པས།
དུས་ཅི་ སྤྱི་ཟླ་༥ པའི་ནང་འཁོད་ལུ་ རྒྱ་གར་གྱི་ལྟ་བཤལཔ་༡༩,༢༡༢ ལྷོད་ཡོདཔ་ད་ དེ་གིས་ སྤྱི་ཟླ་༤ པ་དང་༥ པའི་ནང་ ལྟ་བཤལ་བརྒྱ་ཆ་ལས་བརྒྱ་སྦེ་ར་འོང་ཡོདཔ་ཨིནམ་ད་ དུས་ཅི་ཟླཝ་༣ གི་ནང་འཁོད་ལུ་ རྒྱ་གར་ལས་འབྲུག་ལུ་ ལྟ་བཤལཔ་༤༡,༣༩༤ ལྷོད་མི་གིས་ བརྒྱ་ཆ་༥༨ ཡོདཔ་སྦེ་ཨིན་པས།
གཞུང་གི་ཁ་ཐུག་ལས་ འབད་བ་ཅིན་ རྒྱ་གར་གྱི་ལྟ་བཤལཔ་༣༠༠,༠༠༠ ལོ་བསྟར་ལྷོད་ཚུགས་པའི་ ཁས་བླངས་ཨིནམ་ད་ རྒྱ་གར་མི་ཁུངས་ ཕྱི་དངུལ་ཌོ་ལར་སྤྲོད་ཐོག་ལས་འོང་མི་ཚུ་ཡང་ བརྒྱ་ཆ་༥༠ ལུ་ ཡར་སེང་འབད་ནིའི་རེ་བ་ཡོདཔ་ད་ ལོ་ངོ་གཉིས་པའི་ནང་བརྒྱ་ཆ་༦༠ དང་ དེ་གི་ཤུལ་ལས་བརྒྱ་ཆ་༧༠ ལྷོད་ཚུགས་པའི་དམིགས་གཏད་བསྐྱེདཔ་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འབྲུག་གི་ལྟ་བཤལ་པའི་སྲིད་བྱུས་དེ་ རིན་ཐང་ཆེ་མ་དང་ གྱངས་ཁ་ཉུང་བའི་ཐབས་བྱུས་ཨིན་ཟེར་ཨིནམ་ད་ དེ་ཡང་ རྒྱལ་ཁབ་ནང་ ལྟ་བཤལཔ་གྱངས་ཁ་མངམ་སྦེ་ ལག་ལེན་འཐབ་མ་ཚུགས་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་གིས་ ལོ་བསྟར་བཞིན་དུ་ ལྟ་བཤལཔ་༣༠༠,༠༠༠ འོང་ནིའི་རེ་བ་དང་ འདི་ལས་ལྷག་སྟེ་འབད་བ་་ཅིན་ འཛིན་སྐྱོང་འཐབ་མི་ཚུགས་ཟེར་ཨིནམ་ད་ འབྲུག་རྒྱལ་ཁབ་ནང་ ལྟ་བཤལཔ་གྱངས་ཁ་མངམ་སྦེ་ འཛིན་སྐྱོང་དང་ ཤོང་ཚད་ཚུ་མེད་ཟེར་ཨིན་པས།
དུས་སྟོན་ལས་རིམ་ནང་ ངོས་ལེན་སྦོམ་བྱུང་མི་དེ་ཡང་ རྒྱལ་ཁབ་ཀྱི་ངོ་ཚབ་ལས་སྡེ་༦༠༠ དང་ རྒྱ་གར་ལས་༧༠༠ གིས་ བཅའ་མར་གཏོགས་ཡོདཔ་ད་ ལས་རིམ་ནང་འབྲུག་པའི་འགྲེམས་སྟོན་པ་༡༨ ཡོད་མི་ཚུ་ཡང་ ལྟ་བཤལ་ལག་ལེན་པ་དང་ ཟ་ཁང་ གནམ་གྲུའི་ལས་སྡེ་ གོང་ཡངས་ཀྱི་ལས་རིམ་ གཅིག་སྡོམས་ལུ་ཁེ་ཕན་ དེ་ལས་ རྒྱ་གར་གྱི་ ལྟ་བཤལཔ་ཚུ་ སེམས་ཤུགས་བྱིན་ཐབས་འབད་མི་ཚུ་ ཡོདཔ་ཨིན་པས།
ལྟ་བཤལ་ལས་ཁུངས་ཀྱི་ ཚོང་འབྲེལ་འཛིན་སྐྱོང་གཙོ་འཛིན་ ཀ་རི་སཱ་ནི་མ་གིས་ བཤད་མིའི་ནང་ རྒྱ་གར་ལས་ བཅའ་མར་གཏོགས་མི་ཚུ་ སེམས་ཁར་བབས་ཏོག་ཏོ་སྦེ་ འོང་བའི་ཁར་ འབྲུག་པའི་འགྲེམས་སྟོན་པ་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ འབྲུག་གི་ས་གནས་ནང་འོང་ནི་ལུ་ དང་འདོད་སྦོམ་ར་ཡོད་པའི་ ལོ་རྒྱུས་བརྗེ་སོར་འབད་ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ ལས་རིམ་དེ་གིས་ ཧེང་སྐལ་ར་ མཐུན་འབྲེལ་ཚུ་ ཁྱིམ་ཚང་རྒྱལ་ཁབ་དང་གཅིག་ཁར་ ལེགས་ཤོམ་འགྱོ་ནིའི་རྟགས་མཚན་ཨིན་མས་ཟེར་ཨིན་པས།
ང་བཅས་ཀྱིས་ རྒྱ་གར་གྱི་ལྟ་བཤལཔ་མངམ་གིས་ རྒྱལ་ཁབ་ཀྱི་མཛེས་ཆ་ནང་ ལམ་སྲོལ་བཟངམོ་ཚུ་ ཉམས་སུ་མྱོང་ནི་ལུ་ དགའ་ཚོར་ཡོད་ཟེར་ཨིན་པས།
བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཨིས་པེག་ཊམ་ཧོ་ལི་ཌེ་གི་ ནི་ཧ་ཇ་ཡེན་གྱིས་ བཤད་མིའི་ནང་ འགྲེམས་སྟོན་ལས་རིམ་དེ་ ཁྱད་འཕགས་ཅན་ཅིག་ཨིནམ་ད་ ཕན་ཚུན་གྱི་ གོ་སྐབས་ཡོད་ལུགས་ཚུ་ གསལ་སྟོན་འབད་ཐོག་ལས་ འབྲུག་ནང་འཁོད་ལུ་ འོང་ནིའི་སེམས་ཤུགས་བསྐྱེད་བཅུགཔ་མས་ཟེར་ཨིན་པས།
བརྡ་དོན་དང་ གསལ་བསྒྲགས་ཚུ་ ཕན་ཚུན་སྡེ་ཚན་གཉིས་ཆ་ར་གི་ ཁ་ཐུག་ལས་འབད་མི་དེ་གིས་ ཁྱད་དུ་འཕགས་པ་ཅིག་ཨིནམ་ད་ འབྲུག་གི་རྒྱ་ཁྱབ་ཅན་གྱི་གནས་སྟངས་ཚུ་ལུ་ དགའ་བ་བསྐྱེད་ནི་དང་ ལྟ་བཤལ་གོང་འཕེལ་བཏང་ནིའི་ གོ་སྐབས་བྱིན་པའི་ཁར་ འབྲུག་རྒྱལ་ཁབ་དེ་ རྒྱ་གར་ཀོལ་ཀ་ཏ་ལས་ དུས་ཡུན་ཆུ་ཚོད་༡ གི་འཕུར་འགྲུལ་ཨིནམ་ད་ ད་ལས་ཕར་འབད་རུང་ ང་གིས་ ལྟ་བཤལཔ་མང་སུ་བཏང་ནི་ལུ་ གཙོ་རིམ་བསྒྲིག་ནི་ཨིན་ཟེར་ ནི་ཧ་ཇ་ཡེན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement