༉ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གིས་ སོ་ནོ་མི་ ཏ་ན་ཀ་དེ་ འབྲུག་གི་དོན་ལུ་ རྒྱལ་ཁབ་མདོ་ཆེན་གསརཔ་སྦེ་ བསྐོ་བཞག་འབད་ཡོདཔ་ཨིན་པས།
སོ་ནོ་མི་ ཏ་ན་ཀ་གིས་ འབྲུག་ལུ་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གི་ ལག་ལེན་ཚུ་དང་ གཞུང་དང་ གོང་འཕེལ་མཉམ་རོགས་ དེ་ལས་ འབྲེལ་གཏོགས་ཅན་ཚུ་དང་གཅིག་ཁར་ སྲིད་བྱུས་གྲོས་བསྟུན་ཚུ་གི་སྐོར་ལས་ འགོ་ཁྲིད་འབད་ནི་ཨིན་པས།
མོ་གིས་ འབྲུག་གི་དོན་ལུ་ གསརཔ་ཆ་འཇོག་གྲུབ་མི་ རྒྱལ་ཁབ་མཉམ་རོགས་ཐབས་བྱུས་(སི་པི་ཨེསི་) ༢༠༢༤-༢༠༢༨ ཅན་མ་ ལག་ལེན་འཐབ་ནི་ཨིནམ་ད་ དེ་ཡང་ གཞུང་གི་ ལོ་༥ འི་འཆར་གཞི་༡༣ པ་དང་ མཐུན་སྒྲིག་འབད་དེ་ཨིན་པའི་གནས་ཚུལ།

Advertisement