༉ ཁ་ཙ་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ ཐིམ་ཕུག་ལུ་སྦེ་ ཇ་པཱན་གཞུང་ལས་ ལྟ་རྟོག་སྒྲིག་རྒྱུག་གི་དོན་ལུ་ སྣུམ་འཁོར་ཧའེ་ལགསི་གསརཔ་༢ གྲོགས་རམ་ཐོབ་ཡོདཔ་ཨིན་པས།
སྣུམ་འཁོར་ཚུ་ཡང་ ནིའུ་ལྡི་ལི་ལུ་ཡོད་མི་ ཇ་པཱ་ནིསི་གཞུང་ཚབ་ལས་ཁང་གིས་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
ལྟ་རྟོག་སྒྲིག་རྒྱུག་གི་ སྣུམ་འཁོར་ཚུ་ཡང་ བཀྲིས་སྒང་ལུ་ རང་བྱུང་མི་སྡེའི་འགག་སྡེ་ལྟེ་བ་དང་ གཞལམ་སྒང་ལུ་ ཏིང་ཏི་སྦིས་མི་སྡེའི་འགག་སྡེ་ལྟེ་བ་ལུ་ གཏང་ནི་ཨིན་མས།
དངུལ་ཀྲམ་ས་ཡ་༨ ལྷགཔ་ཅིག་གནས་མི་ སྣུམ་འཁོར་མཁོ་སྒྲུབ་འབད་མི་དེ་ མཐའ་ཟུར་ལས་འགུལ་ཚུ་གི་ གྲོགས་རམ་འོག་ལུ་ ཇ་པཱན་གཞུང་གི་ གྲོགས་རམ་ཐེངས་༤ པ་ཨིན་པས།
རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ གྲོགས་རམ་འདི་གི་ཐོག་ལས་ ད་ལྟོ་ཚུན་ ལྟ་རྟོག་སྒྲིག་རྒྱུག་གི་ སྣུམ་འཁོར་༡༤ མཁོ་སྒྲུབ་འབད་ཡོད་པའི་གནས་ཚུལ།