རྒྱུ་དངོས་ཀྱི་ཇོ་བདག་༡༣,༣༠༠ གིས་ རྒྱུ་དངོས་ཀྱི་ཁྲལ་ མ་བཏབ་པར་ཡོདཔ་ཨིན་པས།
༉ འདས་པའི་ལོ་དང་ཕྱདཔ་ད་ རྩིས་ལོ་༢༠༢༣ གྱི་ རྒྱུ་དངོས་ཁྲལ་གྱི་ བསྡུ་ལེན་འོང་འབབ་བརྒྱ་ཆ་༩༡༡.༩ དེ་ཅིག་ ཡར་འཕར་སོང་ཡོདཔ་ཨིན་པས།
དེ་ཡང་ འདས་པའི་ལོ་ནང་ རྒྱུ་དངོས་ཁྲལ་གྱི་འོང་འབབ་ དངུལ་ཀྲམ་ས་ཡ་༦༠.༩༧ ལས་ ན་ཧིང་གི་ རྩིས་ལོའི་ནང་ དངུལ་ཀྲམ་ས་ཡ་༦༡༦.༩༤ འབདཝ་ད་ དངུལ་ཀྲམ་ཐེར་འབུམ་༥༥༥.༩༧ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་དང་འཁྲིལཝ་ད་ རྒྱུ་དངོས་འོང་འབབ་ཀྱི་ཁྲལ་ ཡར་སེང་འགྱོ་མི་དེ་ཡང་ གནས་གོང་ལུ་གཞི་བཞག་སྟེ་ རྒྱུ་དངོས་ཁྲལ་ འགོ་བཙུགས་མི་ལུ་བརྟེན་ཨིན་པས།
གཞུང་གིས་ རྒྱུ་དངོས་ཁྲལ་བསྡུ་ལེན་བསྐྱར་ཞིབ་འབད་མི་ སྤྱི་ལོ་༢༠༢༢ ཀྱི་ གནམ་དགུན་གྱི་ ཚོགས་བཞུགས་ནང་ སྤྱི་ཚོགས་ཀྱིས་ རྒྱུ་དངོས་ཁྲལ་གྱི་དཔྱད་ཡིག་༢༠༢༢ ཅན་མ་ ཆ་འཇོག་གནང་པའི་ཤུལ་ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
རྒྱུ་དངོས་ཁྲལ་དེ་ ཁྲལ་བཏབ་དགོ་པའི་ རྒྱུ་དངོས་ས་དང་ སྒྲིང་ཁྱིམ་ཚུ་ལུ་ ཁྲལ་བརྒྱ་ཆ་༠.༡ ཡར་སེང་འབད་ཡོདཔ་ཨིན་པས།
རྩིས་ལོ་༢༠༢༣ གྱི་ འོང་འབབ་ཀྱི་ལོ་ནང་ སྤྱི་ལོ་༢༠༢༢ ལུ་ ངོ་རྐྱང་༡༥༠,༢༧༩ གྱིས་ རང་སོའི་རྒྱུ་དངོས་ཁྲལ་ མ་བཏབ་པར་ཡོད་རུང་ སྤྱི་ལོ་༢༠༢༣ ལུ་ ངོ་རྐྱང་༡༦༨,༩༥༦ དེ་ཅིག་ ཡར་འཕར་སོང་ཡོདཔ་ཨིན་པས།
རྒྱུ་དངོས་ཁྲལ་བཏབ་ནིའི་ དུས་ཡུན་དེ་ སྤྱི་ཟླ་༥ པའི་ཚེས་༣༡ ཚུན་ ཡར་སེང་ཡོད་རུང་ ངོ་རྐྱང་༡༣,༣༠༠ དེ་ཅིག་གིས་ རྒྱུ་དངོས་ཁྲལ་ མ་བཏབ་པར་ཡོདཔ་ཨིན་པས།
འོང་འབབ་དང་ཅ་དམ་ལས་ཁུངས་དང་འཁྲིལ་བ་ཅིན་ རྒྱུ་དངོས་ཀྱི་ཁྲལ་ དུས་ཚོད་ཁར་མ་བཏབ་མི་ཚུ་ ཉིན་བསྟར་ཉེས་བྱ་ དངུལ་ཀྲམ་༡༠༠ དང་ ལོ་བསྟར་ཁྲལ་བཏབ་ནི་ཨིན་མི་ལས་ ཉེས་བྱ་བརྒྱ་ཆ་༢༤ བཀལ་ནི་ཨིན་པས།
རྒྱུ་དངོས་ཀྱི་ཁྲལ་བཏབ་ནི་གི་ དུས་ཚོད་འབྱིད་དེ་ ཟླཝ་༣ ལས་བཏབ་པ་ཅིན་ འོང་འབབ་ཁྲལ་གྱི་བཅའ་ཁྲིམས་༢༠༠༡ ཅན་མའི་ ལིའུ་༥ པའི་དོན་ཚན་༣༡ དང་འཁྲིལ་ཏེ་ ཉེས་བྱ་བཀལ་ནི་ཨིན་པས།
རྒྱུ་དངོས་ཁྲལ་གྱི་འོག་ལུ་ སྐམ་ཞིང་དེ་ བཟའ་སྤྱོད་འབད་དེ་ཡོད་པ་ཅིན་ ཁྲལ་ཕབ་ཆག་བརྒྱ་ཆ་༥༠ དང་ ཆུ་ཞིང་འབད་བ་ཅིན་ ཁྲལ་ཕབ་ཆག་བརྒྱ་ཆ་༩༠ རང་ཉིད་སྡོད་སའི་རང་ལུགས་སྡོད་ཁྱིམ་དང་ཉེན་སྐྱོབ་ཀྱི་ས་ཁོངས་ལུ་ ཕབ་ཆག་བརྒྱ་ཆ་༧༠ དེ་ལས་ ལ་ཁའི་མི་ཚུ་ལུ་ རྒྱུ་དངོས་བརྒྱ་ཆ་༩༠ ཐོབ་དོ་ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཁྲལ་བཏབ་མི་ ངོ་རྐྱང་༤༣,༦༠༢ ཀྱིས་ ས་ཞིང་བཟའ་སྤྱོད་འབད་མི་ལུ་བརྟེན་ ཁྲལ་གྱི་ཕབ་ཆག་ཐོབ་ཡོདཔ་ད་ སྐམ་ཞིང་བཟའ་སྤྱོད་འབད་མི་༩༤,༠༦༤ ལུ་ ཕབ་ཆག་ཐོབ་ཅི་ཟེར་ཨིན་པས།
རྒྱུ་དངོས་ཁྲལ་གྱི་ ཕབ་ཆག་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༣༠.༩༡ བྱིན་ཡོདཔ་ཨིན་པས།
འོང་འབབ་དང་ཅ་དམ་ཁུངས་དང་འཁྲིལ་བ་ཅིན་ ད་རེས་ ཁྲམ་བསྣར་འགྱངས་ལུས་མི་ རྒྱུ་དངོས་ཇོ་བདག་ཚུ་ རྒྱལ་ཡོངས་ཌི་ཇི་ཊཱལ་ངོ་རྟགས་ལམ་ལུགས་ཐོག་ལས་ ཁྲལ་བཏབ་མི་ཚུགས་ནི་ཨིནམ་ལས་ ཉེ་འདབས་ཀྱི་ ལུང་ཕྱོགས་འོང་འབབ་དང་ཅ་དམ་ཡིག་ཚང་ ཡང་ཅིན་ ས་གནས་གཞུང་གི་ ཡིག་ཚང་དང་འབྲེལ་འཐབ་གནང་ཟེར་ གསལ་བསྒྲགས་འབད་དེ་འདུག།
རྩིས་ལོ་༢༠༢༣ ལུ་ རང་སོའི་འབབ་ཁུངས་ཀྱི་ འོང་འབབ་དེ་ དངུལ་ཀྲམ་ཐེར་འབུམ་༡.༧༧ ལུ་ མར་བབས་སོང་ཡོདཔ་ད་ རྩིས་ལོ་༢༠༢༢ ལུ་ འབད་བ་ཅིན་ རང་སོའི་འོང་འབབ་ཀྱི་ འོང་འབབ་དངུལ་ཀྲམ་ས་ཡ་༡.༩༢ ཡོདཔ་ཨིན་པས།
རང་སོའི་ འབབ་ཁུངས་ཀྱི་ཁྲལ་བཏབ་མི་དེ་ སྤྱི་ལོ་༢༠༢༢ ལུ་ ངོ་རྐྱང་༦༣,༨༡༢ ལས་ སྤྱི་ལོ་༢༠༢༣ ལུ་༦༨,༣༤༨ དེ་ཅིག་ ཡར་སེང་སོང་ཡོདཔ་ད་ ཁྲལ་མ་བཏབ་མི་ ངོ་རྐྱང་༧,༩༧༦ ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ རང་སོའི་འབབ་ཁུངས་ཀྱི་ཁྲལ་ བརྒྱ་ཆ་༨.༠༣ མར་བབས་སོང་མི་དེ་ཡང་ སྤྱི་ལོ་༢༠༢༢ ལུ་ ཁྲལ་སྦོམ་སྦེ་བཏབ་དག་པ་ཅིག་ ཡར་སེང་སོང་མི་ལུ་བརྟེན་ཨིན་མས་ཟེར་ཨིན་པས།
ཁྲབ་བཏབ་མི་ཚུ་ལས་གཅིག་ བགོ་བཤའ་འཆང་མི་ ཕེ་རོ་སི་ལི་ཀཱོན་ལས་སྡེ་ཨིནམ་བཞིན་དུ་ སྤྱི་ལོ་༢༠༢༡ ལུ་ ཁེ་སང་བརྒྱ་ཆ་༣༥༠ གསལ་བསྒྲགས་འབད་ཡོདཔ་ད་ སྤྱི་ལོ་༢༠༢༢ ལུ་ ཁེ་སང་བགོ་བཤའ་ བརྒྱ་ཆ་༤༠༠ གསལ་བསྒྲགས་འབད་ནུག།
ཚོང་གི་འབབ་ཁུངས་ཁྲལ་འབད་བ་ཅིན་ དངུལ་ཀྲམ་ཐེར་འབུམ་༡.༡༢ ལས་ དངུལ་ཀྲམ་ས་ཡ་༧༥༤.༥༥ འབདཝ་ད་ བརྒྱ་ཆ་༣༢.༠༡ དེ་ཅིག་ མར་བབས་སོང་ནུག།
དེ་བཟུམ་སྦེ་ ཚོང་གི་འབབས་ཁུངས་ཀྱི་ཁྲལ་ བཏབ་མི་ཡང་ ངོ་རྐྱང་༥༡,༠༡༦ ལས་༤༡,༥༡༥ ལུ་ མར་བབས་སོང་ཡོདཔ་ད་ ཁྲལ་མ་བཏབ་མི་དེ་ ངོ་རྐྱང་༡,༦༨༧ ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ བཤད་མིའི་ནང་ རྩིས་ལོ་༢༠༢༣ ལུ་ ཁྲལ་མ་བཏབ་མི་ཚུ་ དབྱེ་ཞིབ་འབད་བའི་ཤུལ་ལས་ རང་གིས་ ཚོང་གི་འབབ་ཁུངས་ཀྱི་ཁྲལ་ གསལ་སྟོན་འབད་མི་དེ་ བསྒྱུར་བཅོས་འགྱོ་ནི་ཨིན་པས།
དེ་མ་ཚད་ ཁྲལ་མང་ཤོས་བཏབ་མི་ཚུ་གིས་ ཁྲལ་མ་བཏབ་པར་ཡོདཔ་ཨིན་པས།
ལས་འཛིན་འོང་འབབ་ཁྲལ་དེ་ དངུལ་ཀྲམ་ཐེར་འབུམ་༡༠.༣༩ ལས་ དངུལ་ཀྲམ་ཐེར་འབུམ་༡༠.༡༢ ལུ་ མར་བབས་སོང་ཡོདཔ་ད་ སྤྱི་ལོ་༢༠༢༣ ལུ་ ལས་འཛིན་འོང་འབབ་ཁྲལ་མ་བཏབ་མི་༣༥༧ ནང་ སྤྱི་ལོ་༢༠༢༢ ལུ ངོ་རྐྱང་༥༣༠ སྡོད་ཡོདཔ་ཨིན་པས།
འོང་འབབ་ཁྲལ་མ་བཏབ་མི་༡༧༦ ལས་འཛིན་ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་དང་འཁྲིལ་བ་ཅིན་ ལས་འཛིན་གྱི་ འོང་འབབ་ཁྲལ་ མར་བབས་སོང་མི་དེ་ཡང་ གཙོ་བོ་ར་ རེ་འདོད་ཅན་གྱི་ ལས་འཛིན་འོང་འབབ་ཁྲལ་ཡུ་ནིཊ་༡༠༠ དེ་ཅིག་ མ་བཏབ་མི་ལུ་བརྟེན་ཨིན་པས།
ད་ལྟོ་ཚུན་ཚོད་ འོང་འབབ་ཁྲལ་བཏབ་མི་ ལས་འཛིན་༣༥༧ ཡོདཔ་ཨིན་པས།
འོང་འབབ་དང་ཅ་དམ་ལས་ཁུངས་ཀྱིས་ གདོང་ལེན་གཙོ་བོ་ར་ ར་མིསི་ནང་ གཅིག་སྒྲིལ་གྱི་གནས་སྡུད་དང་ བརྡ་དོན་དང་ ཉེན་འཛིན་སྐྱོང་ཐབས་ལམ་མེད་མི་དང་ ཁྲལ་གྱི་དུས་ཚོད་སྐབས་ ར་མིསི་གིས་ དཀའ་ངལ་བྱུང་མི་ཚུ་ཨིན་པས།
དེ་བཟུམ་སྦེ་ མི་སྟོབས་མ་ལང་མི་དང་ འཆར་དངུལ་མེད་མི་གིས་ཡང་ དུས་རྫོགས་འོང་འབབ་དང་བཅའ་ཡིག་ལ་སོགས་པ་ལུ་བརྟེན་ གདོང་ལེན་བྱུང་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།