༉ རྗེ་མཁན་དྲུང་ཆེན་ཡིག་ཚང་གིས་ གསལ་བསྒྲགས་འབད་མི་ནང་ སྤྱི་ཟླ་༧ པའི་ཚེས་༡ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རིག་འཛིན་ནུས་ལྡན་རྡོ་རྗེའི་གཏེར་ལུང་ལས་་་ ལྕགས་ཁྱིའི་བར་ཆད་ཤིང་འབྲུག་ལོ་ལ་བཟློག།། དགྲ་ཤེད་ཡིག་པས་བཟློག་པར་ཐེ་ཚོམ་མེད།། ཟེར་གསུངས་དོ་བཟུམ་སྦེ་ གནམ་ལོ་ལྕགས་ཁྱི་ཤར་བའི་སྐབས་ འཛམ་གླིང་ནང་ དམག་ཆེན་འབྱུང་ནི་ཉེན་ཁ་ སྦོམ་སྦེ་ར་ཡོདཔ་ལས་ དེའི་ཞི་ཐབས་ལུ་དམིགས་ཏེ་ རྒྱལ་ཁབ་ནང་འཁོད་ཀྱི་ ཆོས་སྡེ་ཁག་དང་ མི་སེར་ཡོངས་ཀྱི་ ཁ་ཐུག་ལས་ སྐུ་རིམ་གཙོ་བོ་ སིདྡྷིའི་བསྙེན་པ་ ག་དེས་མང་མང་ བསག་གནང་པའི་དགོ་པའི་ཁར་ དམིགས་བསལ་དུ་ དབྱར་གནས་སྐབས་ དགོན་སྡེ་ཁག་གི་ བླམ་དང་ སློབ་དཔོན་ དེ་ལས་ འཕགས་པའི་དགོན་སྡེ་པ་ཚུ་གིས་ བསག་གནང་དགོ་པའི་སྐོར་ལས་ བཀའ་རྒྱ་གནང་ཡོདཔ་ཨིན་པས།