༉ འཛམ་གླིང་སྤྱི་ཚོགས་ རྒྱལ་སྤྱི་ཨ་ལོའི་མ་དངུལ་གྱིས་ དགེ་འདུན་གཙུག་ལག་འདུས་ཚོགས་ཡིག་ཚང་དང་གྲྭ་ཚང་ ཆོས་དང་གསོ་བའི་ཡིག་ཚང་ དེ་ལས་ གྲྭ་ཚང་ཨ་ལོ་གཅེས་སྐྱོང་ཡིག་ཚང་༣ དང་མཉམ་འབྲེལ་ཐོག་ལས་ སྤྱི་ཟླ་༤ པའི་ཚེས་༡༥ ལས་ཉིནམ་༣ གྱི་རིང་ གྲྭ་ཚང་ཨ་ལོ་གཅེས་སྐྱོང་གི་ གསལ་ཞུའི་ལས་རིམ་དེ་ སྤྱི་ཟླ་༤ པའི་ཚེས་༡༧ ལུ་ མཇུག་བསྡུ་ཡོདཔ་ཨིན་པས།ལས་རིམ་དེ་ཡང་ གྲྭ་ཚང་ཨ་ལོ་གཅེས་སྐྱོང་དང་འབྲེལ་བའི་ ཐབས་བྱུས་ལེགས་བཅོས་དང་ མཐུན་རྐྱེན་གཞི་བཙུགས་ གསོ་བའི་བསླབ་སྟོན་དང་ ཤེས་ཡོན་གོང་འཕེལ་ལུ་དམིགས་ཏེ་ རྫོང་ཁག་༢༠གི་ དགེ་འདུན་སློབ་གྲྭ་ལྟེ་བ་དང་ ཨ་ནེམོ་གྲྭ་ཚང་ལྟེ་བ་ཚུ་ནང་ ཨ་ལོ་གཅེས་སྐྱོང་ལྟེ་བ་རེ་ གཞི་བཙུགས་འབད་ནིའི་དོན་ལུ་ ས་ཁོངས་བརྟག་ཞིབ་ཀྱི་ ལས་རིམ་འགོ་དང་པ་སྦེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
འགོ་བཙུགས་ཀྱི་རྟེན་འབྲེལ་ནང་ ལས་ཚོགས་སློབ་དཔོན་མཆོག་གིས་ བཀའ་སློབ་དང་ ལམ་སྟོན་ཚུ་ གནང་ཡོདཔ་མ་ཚད་ ཉིནམ་མཇུག་ལུ་ སྤུ་ན་ཁ་རྫོང་ཁག་བདག་སྐྱོང་གི་ དྲགོས་རྫོང་བདག་གིས་གཙོས་པའི་ དྲགོས་རྫོང་རབ་དང་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ གཞན་ཡང་འབྲེལ་ཡོད་འགོ་དཔོན་ཚུ་གིས་ དགོས་མཁོའི་རྒྱབ་སྐྱོར་གནང་ནིའི་དོན་ལུ་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།
གྲོས་བསྡུར་ཞལ་འཛོམས་ནང་ གྲལ་གཏོགས་འབད་མི་ཚུ།