༉ དྲན་ཤེས་ཟེར་མི་དེ་གི་ གོ་དོན་དེ་ར་ སེམས་ལུ་ངོས་བཟུང་ནི་ཅིག་དང་ དེ་གི་ཐོག་ལས་སྦེ་ མཐོང་སྣང་ལེ་ཤ་ཅིག་ལུ་ གོ་རྟོགས་འབྱུང་ཚུགས་མི་ཅིག་ལུ་ སླབ་ཨིན་ཟེར་ཨིན་པས།
ནང་པའི་ཡོངས་གྲགས་ཅན་གྱི་སྲོག་ཤིང་ རྫོང་གསར་འཇམ་དབྱངས་མཁན་བརྩེ་རིན་པོ་ཆེ་དེ་ རྩོམ་པ་པོ་དང་ གློག་བརྙན་བཟོ་སྐྲུན་འབད་མི་གིས་ འབྲུག་གི་གསར་བཏོད་གྲོས་འཛོམས་སྐབས་ལུ་ འགོ་དང་པ་ བརྗེ་སོར་འབད་ཡོདཔ་བཞིན་དུ་ ཁོ་དང་གཅིག་ཁར་ ནང་པའི་ཆོས་ལུགས་འཛིན་མི་ མཁས་དབང་མེ་ཐིའུ་རི་ཀཱཌ་གིས་ཡང་ གྲོས་བསྡུར་ནང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
རིན་པོ་ཆེ་གིས་ ཁོ་རའི་ རང་རྐྱང་གི་ ལོ་རྒྱུས་བཤདཔ་དང་འབྲེལ་ རྩ་བའི་བླ་མ་ དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་གིས་ ཚར་གཅིག་འབདཝ་ད་ ཁོ་ལུ་ སེམས་ཟེར་མི་ཅིག་ཡོད་ཀ་ཟེར་ དྲི་བ་གནང་ཡི་ཟེར་ཨིནམ་ད་ དེ་བསྒང་ རིན་པོ་ཆེ་གིས་ ཁོ་གི་ལན་ལུ་ དེ་སྦེ་ར་ཨིན་ཟེར་ ངོས་འཛིན་གནང་མི་དེ་གིས་ སེམས་ཀྱི་གནད་ལུགས་ལུ་ གཞི་བཟུང་ཐོག་ སྤྱིར་བཏང་བདེན་པར་འཛིན་ནི་དང་ མི་ག་ར་ལུ་ སེམས་ཡོད་དེ་འབད་རུང་ འདི་ལུ་དྲང་སྤྱོད་ཀྱི་ ཤེས་ཚོར་མྱོང་མི་ཚུགས་པས་ཟེར་ཨིན་པས།
ནང་པའི་ཁ་ཐུག་ལས་ དྲན་ཤེས་ཀྱི་སྐོར་ལས་སླབ་ད་ རིན་པོ་ཆེ་གིས་ བརྗོད་དོན་དེ་ ལྷོད་ཡངས་ཅན་དང་ ཕྱི་འགྱུར་འཚམས་ཅིག་སྦེ་ སོང་མི་དེ་ཡང་ ནམ་ར་འབད་རུང་ ང་བཅས་ཀྱིས་ དྲན་ཤེས་ཟེར་སླབ་ད་ སེམས་འདི་ལུ་ བདག་དབང་འབད་དགོ་ཟེར་ཨིནམ་བཞིན་དུ་ རྒྱལ་ཡོངས་ནང་འབད་བ་ཅིན་ སེམས་ཀྱི་སྐོར་ལས་འབདཝ་ད་ ནུབ་ཕྱོགས་དང་ ཤར་ཕྱོགས་ ཡང་ན་ ཚན་རིག་དང་ ནང་པའི་བར་ན་ དུམ་གྲ་ཅིག་ ངོས་ལེན་འབད་ནི་ལུ་ ཁྱད་པར་ཞུགས་ཏེ་ འདུག་ཟེར་ཨིན་པས།
ཁོ་གིས་ ནན་བསྐྱར་བཤད་མིའི་ནང་ དྲན་ཤེས་ཟེརཝ་ད་ ཐད་ཀར་དུ་ ནང་པའི་དམིགས་ཡུལ་ལུ་ རྐྱངམ་གཅིག་གོ་ནི་མེན་པར་ དེ་ཅིག་གིས་ མཇུག་བསྡུཝ་ཨིན་ཟེརཝ་མེད་པར་ གལ་སྲིད་ དྲན་ཤེས་དེ་ དུས་རྒྱུན་དུ་བཞག་མི་གིས་ ངེས་བརྟན་གྱི་ དམིགས་དོན་ཨིནམ་མ་གཏོགས་ སྤྲོ་ཉམས་ཀྱི་ཐོག་ལས་ ཧ་གོ་ནི་མི་འོང་ཟེར་ རིན་པོ་ཆེ་གིས་ དྲན་གསོ་འབདཝ་ཨིན་པས།
རིན་པོ་ཆེ་གིས་འབད་བ་ཅིན་ སེམས་འདི་ སྣང་མེད་སྦེ་མ་བཞག་པར་ དེ་ལུ་བདག་སྣང་བསྐྱེད་དེ་འབད་བ་ཅིན་ དྲན་ཤེས་ངོ་མ་ཨིན་པའི་ རྨང་གཞི་བཟུམ་ཅིག་ལུ་ འགྱུར་ནི་ཨིན་ཟེར་ཨིན་པས།
མེ་ཐིའུ་རི་ཀཱཌ་གི་ དྲན་ཤེས་དེ་ དྭངས་གསལ་དང་ སྐྱོན་བརྗོད་ལས་འདས་པའི་ གནད་དོན་ཅིག་ལུ་ གོ་ནི་ཨིན་ཟེར་ཨིནམ་ད་ ཁོ་གིས་བཤད་མིའི་ནང་ ནང་པའི་ཁ་ཐུག་ལས་ དྲན་ཤེས་ཟེར་མི་དེ་ དྲང་སྤྱོད་ལུ་ གོམས་འདྲིས་ཚུད་ཚུདཔ་ཅིག་ཨིན་མས་ཟེར་ཨིནམ་ད་ དེ་གིས་ སེམས་ཁམས་ལུ་ གོ་རྟོགས་འབྱུང་ནི་དང་ ནང་པའི་བསླབ་སྟོན་གྱི་གནད་དོན་ལུ་ ག་དེ་སྦེ་ཡོདཔ་ཨིན་ན་ ཤེས་ཚུགསཔ་ཨིན་ཟེར་ཨིན་པས།
ཁོ་གིས་ ནན་བསྐྱར་དུ་བཤད་མིའི་ནང་ དྲན་ཤེས་ཟེར་མིའི་ གལ་ཆེ་ཧིང་དེ་ སྨན་བཟུམ་ཅིག་ལུ་ ཆ་བཞག་འབད་དེ་ ནདཔ་ཚུ་ལུ་ སྨན་གྱིས་ཕན་རླབས་འབྱུང་དོ་བཟུམ་སྦེ་ཨིནམ་ལས་ མི་རིགས་ལེགས་ཤོམ་ཅིག་ ཡོདཔ་འདྲཝ་འབད་བ་ཅིན་ མི་ག་ར་གི་ མི་ཚེའི་ནང་གི་ དམིགས་ཡུལ་གྲུབ་དོ་བཟུམ་ཅིག་ཨིན་ཟེར་ ཁོ་གིས་བཤདཔ་ཨིན་པས།
སྙིང་རྗེ་གི་ཐོག་ལུ་འབད་བ་ཅིན་ རིན་པོ་ཆེ་གིས་ དྲན་ཤེས་དེ་ མིང་གི་རྣམ་གྲངས་བཟུམ་ཅིག་ཨིན་ཟེར་ཨིནམ་ད་ ནང་པའི་ཁ་ཐུག་ལས་ སེམས་དེ་རིམ་པ་བཞིན་དུ་སྦེ་ སྦྱང་བ་འབད་དོ་ཡོདཔ་ད་ ནང་པའི་ལུགས་ལུ་ སེམས་དེ་ར་སངས་རྒྱས་ཨིནམ་ལས་ དེ་ཚུ་ལུ་ ཞི་བདེ་ཟེར་སླབ་མི་དེ་ གནད་དོན་འདི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
རིན་པོ་ཆེ་གིས་ རང་གི་སེམས་རྐྱངམ་གཅིག་ ངོས་འཛིན་འབད་ནི་མེན་པར་ གཞན་གྱི་སེམས་ཡང་ ངོས་འཛིན་འབད་དགོ་ཟེར་ཨིནམ་ད་ ང་བཅས་མང་ཤོས་ཀྱིས་ གཞན་གྱི་སེམས་དེ་ ཁོང་ར་གིས་ ངོས་འཛིན་འབད་འོང་ཟེར་ སླབ་དོ་ཡོདཔ་ལས་ འདི་ཚུ་དུམ་གྲ་ཅིག་ ཁ་སྒྱུར་འགྱོ་བའི་ བརྡ་མཚོན་ཨིན་ཟེར་ཨིན་པས།
བྱམས་དང་སྙིང་རྗེ་གི་ གནད་ཁུངས་ངོ་མ་དེ་ དུས་རབས་༢༡ པའི་ནང་འབད་བ་ཅིན་ གཞན་ཕན་དང་ བྱམས་སྙིང་གཉིས་ལུ་བརྟེན་ དུས་ཡུན་རིང་ཐུང་དང་ བདག་གཞན་གཉིས་ཆ་ར་ལུ་ ཕན་ཐོགས་ཅན་དེ་ ཨིན་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ འཛམ་གླིང་ནང་ གནད་དོན་སྦོམ་ཤོས་ཅིགཔོ་དེ་ གཞན་ཕན་དང་ བྱམས་སྙིང་མེད་མི་ལུ་བརྟེན་ གདོང་ལེན་ཚུ་ བྱུངམ་ཨིན་ཟེར་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།