༉ གསོ་བའི་སྡེ་ཚན་ནང་ ཁྱད་རིག་ཅན་ཚུ་གིས་ གཅིག་ཁར་སྡོད་ཐོག་ལས་ སྨན་ཁང་ཚུ་ནང་ གདོང་ལེན་བྱུང་དོ་ཡོད་པའི་སྐོར་ལས་ ལོ་རྒྱུས་སླབ་པའི་ཁར་ དམིགས་བསལ་གྱི་ སྨན་ཁང་སྦོམ་ཤོས་ཚུ་ནང་ གདོང་ལེན་ཡོད་པའི་ དྲིས་བསྟུན་འབད་ཡོདཔ་བཞིན་དུ་ དྲུང་འཚོ་དང་ སྨན་ཁང་གི་ སྡེ་འཛིན་པ་ རྫོང་ཁག་གི་ གསོ་བའི་འགོ་དཔོན་ཚུ་གིས་ ལོ་རྒྱུས་ཚུ་ བག་གསང་མེད་པར་ སླབ་མི་དེ་ཡང་ གསོ་བའི་ཞབས་ཏོག་ལུ་ ཐོ་མ་ཕོགཔ་སྦེ་ སྨན་ཁང་ཚུ་ནང་ གདོང་ལེན་བྱུང་མ་བཅུག་པའི་ ཐབས་བྱུས་བཏོན་དགོཔ་སྦེ་ཨིན་མས།

མ་གཞི་ འདི་བཟུམ་གྱི་ ཐབས་བྱུས་དེ་ སྤྱིར་བཏང་ ཕྱིས་ཏེ་མ་ལུསཔ་འདྲཝ་འབད་བ་ཅིན་ ལེགས་ཤོམ་ཨིན་རུང་ དཀའ་ངལ་དང་ གདོང་ལེན་སྦོམ་བྱུང་མི་དེ་ སྨན་ཁང་སྦོམ་ཚུ་ནང་ཨིནམ་བཞིན་དུ་ དེ་ཡང་ ལུང་ཕྱོགས་སྨན་ཁང་དང་ རྒྱལ་ཡོངས་གཙོ་བསྟེན་ཁང་ཚུ་ཨིན་མས།

ནདཔ་མང་ཤོས་ཅིག་གིས་ ལུང་ཕྱོགས་དང་ གཙོ་བསྟེན་སྨན་ཁང་ནང་ འོང་དོ་ཡོད་མི་དེ་ཨིནམ་ད་ གནད་དོན་ལ་ལོ་ཅིག་ནང་ རྫོང་ཁག་ནང་ལས་ བཏང་དོ་ཡོདཔ་ད་ ལ་ལོ་ཅིག་ ཁོང་ར་གིས་ གདམ་ཁ་རྐྱབ་སྟེ་ འོང་དོ་ཡོདཔ་ལས་ མི་མང་ཤོས་ཅིག་གི་ སེམས་ཁར་འབད་བ་ཅིན་ སྨན་ཁང་ཟེརཝ་ད་ ལུང་ཕྱོགས་སྨན་ཁང་དང་ གཙོ་བསྟེན་སྨན་ཁང་དེ་ར་དྲག་ཟེར་ མནོ་ལུགས་ཡོད་ནི་དེ་གིས་ སེམས་ཐག་བཅད་དེ་འོངམ་མས།

ད་རེས་སྐབས་ཅིག་ལས་ རང་སོའི་མནོ་དོན་དང་བསྟུན་ ཁྱད་རིག་ཅན་དང་ འཕྱད་ནི་ལུ་ གདམ་ཁ་རྐྱབ་དོ་ཡོད་མི་གིས་ དཀའ་ངལ་ཡོདཔ་ད་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནདཔ་འོང་མི་ རྫོགས་ནི་མེདཔ་ད་ དེ་ཡང་ རང་གིས་ སེམས་ཐག་བཅད་དེ་འོང་མི་དང་ ལ་ལོ་ཅིག་གིས་ ཞུ་བ་འབད་ཐོག་ལས་འོང་མི་གིས་ སྨན་ཁང་ནང་ ནདཔ་བལྟ་ནི་ལུ་ གདོང་ལེན་སྦོམ་ར་ བྱུང་སྟེ་འདུག།

ད་རེས་འཕྲལ་ཁམས་ཅིག་ལས་ མཁས་ཚོགས་ཞལ་འཛོམས་ཐོག་ འབད་དགོཔ་བཟོ་མི་གིས་ གསོ་བའི་འཕྲོད་བསྟེན་ནང་ སྔོན་འགོག་འབད་ནི་ལུ་ ལཱ་ལེ་ཤ་གིས་ ཡངས་སུ་སོང་ཡོདཔ་ད་ མང་ཤོས་ཅིག་གིས་ འདི་བཟུམ་གྱི་ བྱ་རིམ་དེ་གིས་ ནདཔ་དགོས་མཁོ་ཡོད་མི་ཚུ་ལུ་ཡང་ གནོདཔ་མས་ཟེར་ སླབ་དོ་ཡོདཔ་ཨིན་མས།

ལོ་ངོ་བཅུ་ཕྲག་ལས་བཅད་དེ་ གསོ་བའི་འཕྲོད་བསྟེན་ལྟེ་བ་དང་ སྨན་ཁང་འབྲིང་མ་ཚུ་ ལེགས་བཅོས་འབད་ནིའི་ ལཱ་རྩ་འགེངས་ཡོད་རུང་ སྨན་བཅོས་ཀྱི་རིགས་ མང་ཤོས་ཅིག་ རྒེད་འོག་དང་ རྫོང་ཁག་གནས་རིམ་གྱི་ གསོ་བའི་སྨན་ཁང་ཚུ་ནང་ སྨན་བཅོས་འབད་ཚུགས་ཟེར་བའི་ བརྡ་འཕྲིན་སྤེལ་ནི་ལུ་ འཐུས་ཤོར་བྱུང་དོ་བཟུམ་སྦེ་ཡོདཔ་ད་ རྫོང་ཁག་གི་ སྨན་ཁང་ཚུ་ནང་ སྨན་བཅོས་འབད་དེ་ ཤག་བཅོས་འབད་མི་ཚུ་ཡང་ མཐར་འཁྱོལ་བྱུང་ཡོད་རུང་ དེ་ཚུ་ སྙན་ཞུ་མ་འབད་བར་ཡོདཔ་ད་ གལ་སྲིད་ མི་སེར་ཚུ་གིས་ རང་གི་མནོ་དོན་དང་ རྒྱུ་སྦུང་ལུ་ ངོམ་བཏོན་ནི་མེན་པར་ གསོ་བའི་བསླབ་བྱ་ལུ་ ཉནམ་འདྲཝ་འབད་བ་ཅིན་ ཉམས་མྱོང་ཅན་གྱི་ དྲུང་འཚོ་ཚུ་ རྫོང་ཁག་གི་ གནས་རིམ་ནང་ བཏང་ཚུགས་ནི་ཨིན་མས།

ཐབས་བྱུས་བཏོན་ཐོག་ལས་ འབུ་ནི་མེད་པའི་ནད་གཞི་དང་ ཞབས་ཏོག་གཞན་གྱི་རིགས་ཚུ་ མར་ཕབ་འབད་ཚུགས་པ་ཅིན་ སྨན་ཁང་ལུ་ དེ་ཅིག་ར་ གདོང་ལེན་ཚུ་མི་འབྱུང་ནི་དང་ གསོ་བའི་འགོ་དཔོན་གྱིས་ འབད་བ་ཅིན་ དགོས་མཁོ་ཅན་གྱི་ནདཔ་ གཙོ་བསྟེན་སྨན་ཁང་ནང་ བཏང་དགོཔ་ཡོད་མི་ཚུ་ གོ་སྐབས་ཐོབ་མ་ཚུགས་པར་ ཕྱིས་ཏེ་འབད་བའི་བསྒང་ལས་ ཕན་པ་ལས་ལྷག་པའི་ གནོད་པ་བྱུང་དོ་ཡོདཔ་བཞིན་དུ་ དེ་ཚུ་ག་ར་ལུ་ ལེགས་ཤོམ་སྦེ་ བལྟ་དགོཔ་འདུག།

ང་བཅས་དྲུང་འཚོ་དང་ གསོ་བའི་འགོ་དཔོན་ཚུ་ལུ་ ཤེས་རྟོགས་ཡོད་པའི་ཁར་ གཙོ་བསྟེན་དང་ ལུང་ཕྱོགས་སྨན་ཁང་ནང་ བཏང་དགོཔ་ཡོད་མེད་ཚུ་ ཧ་གོ་རུང་ འདས་པའི་རིང་ལུ་ ཐེངས་མང་རབས་ཅིག་ར་ ཕྱི་འགྱུར་སོང་ཡོད་པའི་ གྲུབ་འབྲས་ཚུ་ཡང་ ཐོན་ཏེ་འདུག།

དཔེ་འབད་བ་ཅིན་ ཐིམ་ཕུག་གི་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ ནདཔ་ཚབས་ཆེན་དང་ གློ་བུར་གྱི་ནདཔ་ཚུ་བལྟ དོ་ཡོད་རུང་ ཁྲོམསྡེའི་ནང་ཡོད་པའི་ སྨན་ཁང་ཚུ་གིས་ སྨན་བཅོས་འབད་ཚུགས་པའི་ ནདཔ་ཚུ་གིས་ ད་ལྟོའི་བར་ན་ཡང་ བསྒུགས་སྡོད་ཐོག་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ དྲུང་འཚོ་འདི་ལུ་ར་ གདམ་ཁ་རྐྱབ་སྟེ་འདུག།

ཐིམ་ཕུག་ལུ་ ཡོད་མི་དྲུང་འཚོ་ཚུ་གིས་ ཉིན་བསྟར་བཞིན་དུ་ ནདཔ་༤༠ དང་༥༠ གི་བར་ན་ བལྟ་དོ་ཡོདཔ་ད་ ཁོང་དང་འདྲ་བའི་རྒྱལ་ཁབ་ཀྱི་ དྲུང་འཚོ་ཚུ་གིས་ ནདཔ་༢༠ དེ་རེ་ བལྟ་དོ་ཡོདཔ་བཞིན་དུ་ དེ་ཚུ་གི་གྲས་ལས་ མང་ཤོས་ཅིག་ སྨན་ཁང་ཆུང་བའི་ནང་ལས་ སྨན་བཅོས་འབད་ཚུགས་མི་ཚུ་ ཡོདཔ་སྦེ་བཀོད་དེ་འདུག།

མ་གཞི་ རྒྱལ་ཁབ་ནང་ལས་ རྒྱ་གར་རྒྱལ་ཁབ་ནང་ སྨན་བཅོས་ཀྱི་དོན་ལུ་ བཏང་དགོཔ་འདྲཝ་འབད་བ་ཅིན་ དེ་ལུ་ བྱ་རིམ་ཚུ་ཡོད་མི་དེ་ཡང་ གལ་སྲིད་ ནདཔ་དེ་དང་བསྟུན་པའི་ མཁས་མཆོག་ཚུ་ ང་བཅས་ལུ་མེད་པའི་སྐབས་སུ་ ཕྱི་རྒྱལ་ལུ་ སྨན་བཅོས་འབད་བར་བཏང་དོ་ཡོདཔ་ལས་ དེ་ཚུ་ལུ་ གཞི་བཟུང་ཐོག་ བྱ་རིམ་བསྟར་སྤྱོད་འབད་བ་ཅིན་ གདོང་ལེན་དང་ དཀའ་ངལ་ཚུ་ བསལ་ཚུགས་པའི་ འོས་འབབ་མཐོང་མས།

Advertisement