༉ སྤྱི་ལོ་༢༠༢༤ གི་ འཛམ་གླིང་ཞི་བདེའི་གྲོས་ཐོ་ནང་ རྒྱལ་ཁབ་༡༦༣ གྱི་གྲས་ལས་ འབྲུག་རྒྱལ་ཁབ་འདི་ ལྷོ་ཨེ་ཤི་ཡའི་ནང་ ཞི་བདེ་ཅན་གྱི་ རྒྱལ་ཁབ་གནས་ཐོ་ཨང་༢༡ པའི་ནང་ ཚུད་ཡོད་པའི་ངོས་འཛིན་འབད་ཡོདཔ་ཨིན་པས།
འབྲུག་འདི་ འཛམ་གླིང་ནང་ ལྷོ་ཨེ་ཤི་ཡའི་ ཞི་བདེ་ཅན་གྱི་རྒྱལ་ཁབ་༢༡ གི་གྲས་ཁར་ཚུད་མི་ རྒྱལ་ཁབ་ཅིག་ཨིནམ་ད་ སྤྱི་ལོ་༢༠༢༣ ལུ་ ཨང་༡༧ པ་ནང་ཡོད་མི་དེ་ གནས་རིམ་༤ གིས་ མར་བབས་སོང་ཡོདཔ་སྦེ་ཨིན་པས།
འཛམ་གླིང་ཞི་བདེའི་གྲོས་ཐོ་དེ་ ངོས་འཛིན་ཅན་གྱི་ གནད་དོན་ཁག་༢༣ ཡོད་མི་ཚུ་ཡང་ གཙོ་རིམ་ཅན་གྱི་གནད་དོན་གསུམ་ མི་སྡེ་ཉེན་སྲུང་དང་ ནང་འཁོད་སྲུང་སྐྱོབ་ དེ་ལས་ རྒྱལ་སྤྱིའི་བྲེལ་ཟིང་ཚུ་ ཚུད་དོ་ཡོདཔ་ཨིན་པས།
འབྲུག་གི་གྲུབ་འབྲས་ཚུ་ འཕྲོ་མཐུད་དེ་ར་ ཌོ་མེན་འདི་གི་ཐོག་ལུ་ཡོདཔ་བཞིན་དུ་ འཛམ་གླིང་ནང་ ཞི་བདེ་ཚུ་ རྩ་བརྟན་གནས་མ་ཚུགསཔ་སྦེ་ ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ ལུ་ འཛམ་གླིང་ཞི་བདེ་གྲོས་ཐོའི་ ཐོན་རིམ་༡༨ པ་ཨིནམ་ད་ དེ་ཡང་ གནས་རིམ་༡༦༣ ལས་འབདཝ་ད་ རང་བཙན་གྱི་རྒྱལ་ཁམས་དང་ ས་ཁོངས་ཚུ་ ཞི་བདེའི་གནས་ཐོ་དང་བསྟུན་ ཚུད་དོ་ཡོདཔ་ད་ རྒྱལ་ཁམས་ཞི་བདེ་ཚུ་ སྤུས་ཚད་དང་ འབོར་ཚད་ཐོག་ལུ་ ལག་ལེན་འཐབ་མི་༢༣ ཡོདཔ་ད་ དེ་ཚུ་ག་ར་ མི་སྡེ་ཉེན་སྲུང་དང་ སྲུང་སྐྱོབ་ ནང་འཁོད་དང་ རྒྱལ་སྤྱི་བྲེལ་ཟིང་ཚུ་ལུ་ གཞི་བཀོད་འབད་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ ལུ་ འཛམ་གླིང་ཞི་བདེ་གྲོས་ཐོ་ཚུ་ ངོ་མའི་ཐོག་ལུ་འབདཝ་ད་ འདས་པའི་ལོ་༡༦ གི་ནང་འཁོད་ལུ་ ཞི་བདེ་ཚུ་ཚར་༡༢ དེ་ཅིག་ མར་བབས་སོང་ཡོདཔ་སྦེ་ཨིནམ་ད་ འདས་པའི་ལོ་དང་ཕྱདཔ་ད་ ཞི་བདེ་དེ་ བརྒྱ་ཆ་༠.༥༦ གི་གནས་ཐོ་སྦེ་ ཡོདཔ་བཞིན་དུ་ དེ་ཚུ་གི་གྲས་ལས་ རྒྱལ་ཁབ་༩༧ དེ་ ཞི་བདེ་མར་བབས་སོང་བའི་ བརྡ་མཚོན་ཡོདཔ་ཨིན་རུང་ རྒྱལ་ཁབ་༦༥ གིས་ ལེགས་ཤོམ་སོང་ཡོད་པའི་ གནས་ཐོ་ཡང་ཡོདཔ་ཨིན་པས།
བྲེལ་ཟིང་སྦོམ་ཤོས་དེ་ སྙན་ཞུ་དང་འཁྲིལ་བ་ཅིན་ འཛམ་གླིང་དམག་ཆེན་༢ པའི་སྐབས་སུ་བྱུང་ཡོདཔ་ད་ དེ་ཁར་ བྲེལ་ཟིང་ཅན་༥༦ ཡོདཔ་བཞིན་དུ་ བྲེལ་ཟིང་ཆུང་ཀུ་རེ་ཐོན་མི་ཚུ་ གྲོས་མཐུན་འབད་ཡོདཔ་ད་ དེ་ཡང་ དམག་འཛིང་དང་ ཞི་བདེའི་ཆིངས་ཡིག་ཐོག་ལུ་ འབད་དོ་ཡོདཔ་ཨིན་པས།
རྒྱལ་ཁབ་༩༢ ནང་ བྲེལ་ཟིང་ཚུ་ཡར་འཕར་འགྱོ་དོ་ཡོདཔ་ད་ དམག་ཐོག་ལས་འབད་བ་ཅིན་ ལོ་༡༦ གི་ནང་འཁོད་ལུ་ རྒྱལ་ཁབ་༡༠༨ ལུ་ བསྒྱུར་བཅོས་ཚུ་ སོང་ཡོདཔ་སྦེ་ཨིན་པས།
ཉེན་སྲུང་དང་ སྲུང་སྐྱོབ་ཐོག་ལས་ རྒྱལ་ཁབ་༨༡ ནང་ ལེགས་ཤོམ་སོང་ཡོད་རུང་ རྒྱལ་ཁབ་༧༧ ནང་ སྐྱོ་སུ་སོང་ཡོདཔ་བཞིན་དུ་ རྒྱལ་ཁབ་ཐབས་སྐྱོ་སུ་སོང་མི་ཚུ་ཡང་ ཡུག་རེན་དང་ མ་ཡེན་མར་ བྱུང་མེ་ཀ་ཌོ་ནི་ཡ་ཚུ་ ཨིན་པའི་གྲས་ལས་ ཡུག་རེན་དེ་ སྐྱོ་དྲགས་ར་སོང་ཡོདཔ་ལས་ དམག་མི་ལུ་ཟད་འགྲོ་སྦོམ་གནས་མི་ཅིག་ཨིནམ་བཞིན་དུ་ ངོས་འཛིན་བྱུང་མི་ལྟར་དུ་འབད་བ་ཅིན་ དམག་འཛིང་དང་འབྲེལ་བའི་དཀའ་ངལ་དེ་ སྐྱོ་དྲགས་སྦེ་ར་ ཡོདཔ་ཨིན་པས།
འབྲུག་འདི་ དམག་འཛིང་དང་འབྲེལ་བའི་གནས་ཐོ་ནང་ ཞི་བདེ་ཅན་ཨང་བཞི་པ་སྦེ་ཡོདཔ་ད་ ལྷོ་ཨེ་ཤི་ཡ་དེ་ རྒྱལ་ཁབ་༩ གི་གྲས་ལས་ གནས་ཐོ་ཨང་༣ པའི་ནང་ཡོདཔ་བཞིན་དུ་ དེ་ཡང་ སྤྱི་ལོ་༢༠༡༩ ལུ་ ཐོ་བཀོད་འབད་ཡོདཔ་ཨིན་པས།
འཛམ་གླིང་ནང་ ལུང་ཕྱོགས་༩ ཡོད་ས་ལས་༨ འདས་པའི་ལོ་ནང་ ཞི་བདེ་ཅན་ཨིནམ་ད་ ར་ཤི་ཡ་དང་ ཡུ་ར་ཤི་ཡ་དེ་ འདས་པའི་ལོ་ལུ་ ལེགས་བཅོས་འབད་དགོཔ་སྦེ་ ཡོདཔ་ཨིན་པས།
ལྷོ་ཨེ་ཤི་ཡ་ལུ་ ཤྲི་ལངྐ་རྩིས་པའི་རྒྱལ་ཁབ་བཞི་ གནས་ཐོ་༡༠༠ ནང་ཚུད་ཡོདཔ་ད་ རྒྱ་གར་རྒྱལ་ཁབ་འབད་བ་ཅིན་ གནས་ཐོ་༡༡༦ དང་ པ་ཀིས་ཏཱན་༡༤༠ ཨཕ་ག་ནིས་ཏཱན་༡༦༠ སྦེ་ཡོད་པའི་ཁར་ བང་ལ་དེཤ་དེ་༩༣ དང་ ནེ་པཱལ་༣༠ འབད་ཡོདཔ་མ་ཚད་ སྤྱི་ལོ་༢༠༢༤ གི་འཛམ་གླིང་ཞི་བདེ་གྲོས་ཐོ་ནང་ ལུང་ཕྱོགས་ཨང་༣ པ་སྦེ་ ཡོདཔ་ཨིན་པས།
ལུང་ཕྱོགས་ཚུ་ནང་ དུམ་གྲ་ཅིག་ ཞི་བདེ་མར་ཉམས་སོང་བའི་ གནད་དོན་ཚུ་ཡང་ རྒྱལ་ཁབ་བདུན་གྱི་གྲས་ལས་ བཞི་གིས་ གནས་ཐོ་ཚུ་མར་བབས་སོང་ཡོད་སྦེ་ཨིནམ་ད་ འདི་བཟུམ་གྱི་ མར་བབས་སོང་མི་དེ་ དམག་འཐབ་དང་འབྲེལ་བའི་ གནད་དོན་མངམ་ ཡོད་མི་ལུ་བརྟེན་ཨིན་པས།
ཨིན་རུང་ ཌོ་མེན་གྱི་གནས་ཐོ་དང་འཁྲིལ་བ་ཅིན་ ད་ལྟོ་དམག་འཐབ་འབད་མི་དང་ ཉེན་སྲུང་ དེ་ལས་ སྲུང་སྐྱོབ་ཚུ་ནང་ ལེགས་ཤོམ་འགྱོ་དོ་ཡོདཔ་སྦེ་ཨིན་པས།
འདས་པའི་ལོ་ལུ་འབད་བ་ཅིན་ འབྲུག་འདི་ ལུང་ཕྱོགས་ཚུ་གི་གྲས་ལས་ ཞི་བདེ་རྒྱ་ཆེཝ་སྦེ་ཡོད་པའི་ ལུང་ཕྱོགས་ཅིག་ཨིནམ་ད་ འབྲུག་རྒྱལ་ཁབ་ནང་ ཁྲིམས་སྲུང་འགག་པའི་གནས་ཐོ་དེ་ རྒྱལ་ཁབ་ཀྱི་ཚད་གཞི་དང་ཕྱདཔ་ད་ མཐོ་སུ་ཡོདཔ་ད་ ཁྲིམས་སྲུང་འགག་པ་༦༠༠ ཡོད་མི་ལུ་ མི་སེར་གྱི་ཚད་གཞི་༡༠༠,༠༠༠ ཡོདཔ་སྦེ་ཨིན་པས།
སྙན་ཞུ་དང་འཁྲིལ་བ་ཅིན་ ཞི་བདེ་ཅན་དང་ ཞི་བདེ་མེད་མི་རྒྱལ་ཁབ་ཚུ་ འདས་པའི་ལོ་༡༦ གི་ནང་འཁོད་ལུ་ ཁྱད་པར་སྦོམ་ཞུགས་ཡོདཔ་ད་ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཁབ་༢༥ ཞི་བདེ་ཅན་སྦེ་ཡོད་མི་དེ་ སྤྱི་ལོ་༢༠༢༤ བརྒྱ་ཆ་༡ གུ་ལྷོད་ཡོདཔ་ད་ ཞི་བདེ་མེད་པའི་རྒྱལ་ཁབ་༢༥ ཡོད་མི་དེ་ ཞི་བདེ་ནང་བརྒྱ་ཆ་༧.༥ ལུ་ ལྷོད་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།