༉ ཐིམ་ཕུག་ལུ་སྦེ་ ཉིནམ་གཉིས་ཀྱི་ སོ་ནམ་བཟའ་ཆས་གྲོས་འཛོམས་འཚོགས་མི་དེ་ ཁ་ཙ་མཇུག་བསྡུ་ཡོདཔ་ད་ གྲོས་བསྡུར་གྱི་སྐབས་ལུ་ སྡེ་ཚན་ནང་ ཡུན་རིངམོ་སྦེ་ར་ དོ་འགྲན་བྱུང་ཡོད་པའི་གནད་དོན་ཚུ་ཡང་ ཚོང་ཉོ་མི་དང་ བཙོང་མིའི་ལས་རིམ་དང་ ནང་འཁོད་ཀྱི་སོ་ནམ་པ་ཚུ་ལུ་ མཁོ་འདོད་བཀོད་མིའི་གནད་དོན་ཚུ་གི་སྐོར་ལས་ གསལ་བཤད་འབད་ཡོདཔ་ཨིན་པས།
གྲོས་འཛོམས་དེ་ཁར་ འཐུས་མི་༨༠ ལྷགཔ་ཅིག་གིས བཅའ་མར་གཏོགས་ཡོདཔ་ད་ དེ་ཡང་ འཆར་གཞི་༡༣ པའི་ནང་ དམིགས་ཡུལ་ཚུ་གྲུབ་ཐབས་ལུ་ སོ་ནམ་འབྲེལ་མཐུན་དང་ གཅིག་བསྡོམས་འབད་མི་ གཞུང་གི་འགོ་དཔོན་ དེ་ལས་ འབྲེལ་བ་ཅན་གྱི་ལས་ཚབ་ཚུ་ ཡོདཔ་ཨིན་པས།
མཉམ་འབྲེལ་ཐོག་ལས་འབད་མི་ ཐབས་བྱུས་ཀྱི་དམིགས་གཏད་དེ་ གཙོ་རིམ་ཅན་གྱི་ལས་འགུལ་ མ་རྩ་གཞི་བཙུགས་ཚུ་གི་དོན་ལུ་སྦེ་ རྒྱལ་ཡོངས་ནང་འཁོད་ཐོན་སྐྱེད་ འཆར་སྣང་གྲུབ་འབྲས་ཚུ་ སྤྱི་ལོ་༢༠༢༩ གི་ནང་འཁོད་ལུ་ ཡོངས་འབོར་ཡུ་ཨེས་ཌི་ཐེར་འབུམ་༥ བཟོ་ཚུགས་པའི་རྩིས་ཨིན་པས།
སོ་ནམ་ཚོང་འབྲེལ་དང་ མཉམ་འབྲེལ་ལས་ཁུངས་ཀྱི་མདོ་ཆེན་ ཀརྨ་རྡོ་རྗེ་གིས་ བཤད་མིའི་ནང་ འགོ་ཐོག་གྲོས་འཛོམས་དེ་ སོ་ནམ་པ་ཚུ་ལུ་ གདོང་ལེན་བྱུང་ཡོད་པའི་ གསལ་བཤད་འབད་དེ་ འཆར་གཞི་༡༣ པའི་ གནད་འགག་ཅན་གྱི་དམིགས་གཏད་ཚུ་ གྲུབ་ཐབས་ལུ་ཨིན་ཟེར་ཨིན་པས།
རྒྱལ་ཡོངས་ནང་འཁོད་ཐོན་སྐྱེད་ཡར་དྲག་དེ་ སོ་ནམ་དང་ སྒོ་ནོར་སྡེ་ཚན་ནང་ལས་བཟོ་སྟེ་ སྤྱི་ལོ་༢༠༢༣ ལུ་ དངུལ་ཀྲམ་ཐེར་འབུམ་༣༡ ལས་ སྤྱི་ལོ་༢༠༢༩ ལུ་ དངུལ་ཀྲམ་ཐེར་འབུམ་༥༠ ད་ལྟོའི་གནས་གོང་དང་འཁྲིལ་ འབད་ནི་ཨིན་ཟེར་ཨིན་པས།
འཆར་དངུལ་ དངུལ་ཀྲམ་ས་ཡ་༡,༨༠༠ བཞག་མི་ཚུ་ ཚོང་འབྲེལ་རིམ་ལུགས་ཡར་དྲག་བཟོ་སྟེ་ ཁྲིམས་དོན་རྒྱུན་བཀོད་གཞི་སྒྱུར་དང་ སྲིད་བྱུས་ཚུ་ལུ་དམིགས་ཡུལ་བསྐྱེད་དེ་ སོ་ནམ་ཟ་ཆས་སྡེ་ཚན་ལུ་ རྒྱབ་སྐྱོར་འབད་ནི་ཨིན་ཟེར་ཨིནམ་ད་ དངུལ་འབྲེལ་གྱི་ཐོག་ལས་འབད་བ་ཅིན་ སེམས་ཤུགས་ཐབས་ལམ་དང་ གཞི་རྟེན་གོང་འཕེལ་ཚུ་ གོ་སྐབས་དང་པའི་གྲངས་སུ་ བཞག་སྟེ་ཡོད་ཟེར་ཨིན་པས།
དཔལ་འབྱོར་གོང་འཕེལ་དང་ ཚོང་འབྲེལ་འགོ་དཔོན་༡༥ དང་སྦྲགས་ རྫོང་ཁག་སོ་ནམ་འགོ་དཔོན་ཚུ་གིས་ རང་སོའི་རྫོང་ཁག་ཚུ་ནང་ ལོ་བསྟར་སོ་ནམ་དང་ སྒོ་ནོར་ཐོན་སྐྱེད་ཀྱི་སྙན་ཞུ་ཚུ་ འབད་དེ་ཡོད་ཟེར་ཨིནམ་ད་ ཁོང་ཆ་ཁྱབ་ཀྱིས་ ད་ལྟོའི་ཚོང་འབྲེལ་གནས་སྟངས་དང་ ཚོང་ལམ་ཐབས་བྱུས་ མཐུན་འབྲེལ་ ཁོང་རའི་འཆར་གཞི་ཡོད་མི་ཚུ་ འཆར་གཞི་༡༣ པའི་དོན་ལུ་ བཅད་བསྡུས་ཏེ་ བཀོད་ཡོདཔ་ཨིན་པས།
འཆར་གཞི་དེ་ནང་ རྒྱ་ཁྱབ་ཅན་གྱི་ཚོང་འབྲེལད་ང་ སོ་ནམ་གྱི་ཚོང་བཙོང་མི་ སྡེ་ཚན་ཁག་སོ་སོ་ཚུ་གི་ སྒོ་ནོར་གྱི་ཐོན་སྐྱེད་དེ་ཡང་ ཟ་ཁང་ ལྟ་བཤལ་ལྟེ་བ་ སྨན་ཁང་ སློབ་གྲྭ་ དེ་ལས་ རྒྱལ་སྲུང་སྡེ་ཚན་ཚུ་ནང་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།
ལས་རིམ་གྱི་ཆ་ཤས་སྦེ་ གཞུང་གི་འགོ་དཔོན་ཁག་ཚུ་གི་བར་ན་ སོ་ནམ་པ་དང་ བར་འབྲེལ་ཚོང་འབྲེལ་བ་ཚུ་གི་ཐོག་ལུ་ གྲོས་བསྡུར་ཚུ་ ཞིབ་པར་འབད་ཡོདཔ་ཨིན་པས།
སོ་ནམ་དང་ སྒོ་ནོར་ལྷན་ཁག་གིས་ སྤྱི་ཟླ་༨ པའི་ཚེས་༢༨ ལུ་ འཆར་གཞི་༡༣ པའི་ཡིག་ཆ་ཚུ་ཡང་ འགོ་འབྱེད་འབད་ཡོདཔ་ཨིན་པས།
ལྷན་ཁག་གི་འགོ་དཔོན་གྱིས་ འབད་བ་ཅིན་ འཆར་གཞིའི་ནང་ འཆར་དངུལ་ དངུལ་ཀྲམ་ས་ཡ་༡༤,༩༨༣.༡༥ འགྲོ་སོང་ཡོངས་བསྡོམས་ཀྱི་ བརྡ་སྟོན་དམིགས་འཆར་སྦེ་ བཞག་ཡོདཔ་བཞིན་དུ་ འཆར་གཞིའི་ནང་ གཙོ་རིམ་ཅན་གྱི་ལས་འགུལ་༥ སོ་ནམ་ཚེོང་འབྲེལ་རྒྱ་ཆེཝ་སྦེ་ གོང་འཕེལ་བཏང་ནི་དང་ སོ་ནམ་ཚོང་འབྲེལ་ཆུང་བ་ འབད་མི་ཚུ་ལུ་རྒྱབ་སྐྱོར་འབད་ནི་ རིན་ཐང་ཆེ་བའི་ཐོན་སྐྱེད་གོང་འཕེལ་ ཚོང་འབྲེལ་གྱི་གནས་སྟངས་ལེགས་བཅོས་འབད་ནི་ དེ་ལས་ ཞབས་ཏོག་ཚུ་ ག་དེ་དྲག་དྲག་ ལེགས་ཤོམ་བྱིན་ནི་ཚུ་ཡོདཔ་ཨིན་པས།
གྲོས་འཛོམས་དེ་ འཛམ་གླིང་དངུལ་ཁང་དང་ ལྷོ་ཨེ་ཤི་ཡ་སྲིད་དོན་འགོ་ཁྲིདཔ་ཚུ་གིས་ གནད་དོན་ཁག་ལེ་ཤ་ཅིག་ལུ་དམིགས་ཏེ་བསྐྱེད་དེ་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ལས་འགུལ་དེ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ཚུགས་ཐབས་ལུ་ ཕྱིའི་གྲོགས་རམ་དང་ འཆར་གཞི་ཚུ་ ལེགས་ཤོམ་སྦེ་ བཟོ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement