སྣུམ་འཁོར་གྱི་ཁྲལ་དང་ ཐབས་ལམ་གཞན།
༉ སྣུམ་འཁོར་ནང་འདྲེན་གྱི་ཁྲལ་དང་ ཐོབ་སྐལ་ ས་སྣུམ་ནང་འདྲེན་གྱི་རྩིས་ཐོ་ དེ་ལས་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་ཚུ་ སྟབས་གཅིག་ཁར་ བྱུང་དོ་ཡོད་པའི་གནད་དོན་དེ་ ཚ་གྱང་ཆེ་བའི་ གཞི་གནད་ཅིག་ཨིན་མས།
སྣུམ་འཁོར་ནང་འདྲེན་གྱི་ གནས་སྐབས་བཀག་དམ་ ཡང་ཆག་བཏང་ཞིནམ་ལས་ཚུར་ སྣུམ་འཁོར་ནང་འདྲེན་གྱི་གྱངས་ཁ་ ཡར་སེང་སོང་ཡོདཔ་ལས་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་གསརཔ་༧ ལྷགཔ་རེ་ ལྷོད་མི་ལུ་ལྟཝ་ད་ ཟླཝ་རེ་ནང་ སྣུམ་འཁོར་གྱི་གྱངས་ཁ་དེ་ བརྒྱ་ཆ་༡༣༥ ཡར་སེང་སོང་ནུག།
དེ་བཟུམ་སྦེ་ ང་བཅས་ཀྱིས་ ཆུ་ཤོག་གི་ཕད་ཅུང་ཚུ་ ལག་ལེན་འཐབ་ནི་དེ་ཡང་ བཀག་ཆ་འབད་མ་ཚུགས་པར་ཡོདཔ་ད་ ང་བཅས་ཀྱིས་འབད་ཚུགས་མི་དེ་ར་ འཕྲལ་འཕྲལ་སྣུམ་འཁོར་ནང་འདྲེན་ གནས་སྐབས་བཀག་ཆ་འབད་དེ་ གཞུང་གི་སྟབས་བདེ་ཧིང་དང་ ཡང་ཅིན་ སྲིད་དོན་གྱི་ ཨུ་ཚུགས་ཐོག་ལས་ བཀག་ཆ་འབད་མི་དེ་ཨིན་མས།
ང་བཅས་ཀྱི་ ཁྲིམས་བཟོ་མི་ཚུ་གིས་ སྣུམ་འཁོར་ནང་འདྲེན་གྱི་ ཐོབ་སྐལ་ལམ་ལུགས་དེ་ ལོག་སྟེ་ར་ འགོ་བཙུགས་བཅུག་ནི་གི་ ཐབས་ཤེས་བཏོན་པའི་ གྲོས་འཆར་དེ་ མི་མང་གི་ རྒྱབ་འགལ་ལུ་བརྟེན་ ཆ་མེད་བཏང་ཡོདཔ་ད་ རྩིས་ཁྲ་ཚུ་ སྤྱི་ཚོགས་ནང་ ལོག་འོང་ནི་ཨིནམ་བཞིན་དུ་ ག་ཅི་འབྱུང་ནི་ཨིན་ན་དེ་ ཁྲིམས་བཟོ་མི་ཚུ་གི་ ལག་པར་འདུག།
གནས་སྟངས་ངོ་མ་དེ་ སྲིད་བྱུས་ཀྱི་གྲོས་ཐག་ཆོད་ནི་ལུ་ ལམ་སྟོན་འབད་ཚུགས་ནི་ཨིནམ་ད་ སྣུམ་འཁོར་ནང་འདྲེན་འབད་མི་དེ་གིས་ གཞུང་གི་བརྗེ་སོར་མ་དངུལ་ལུ་ ཟད་འགྲོ་སྦོམ་སྦེ་ར་ གནས་དོ་ཡོདཔ་ད་ དེ་གིས་ ཕྱི་དངུལ་གསོག་འཇོག་ཡང་ རྫོགས་ནིའི་ཉེན་ཁ་འདུག།
སྣུམ་འཁོར་ནང་འདྲེན་གྱི་ ཁྲལ་དང་འབྲེལ་བའི་ཟད་འགྲོ་ལུ་བལྟ་བ་ཅིན་ མི་མང་ཤོས་ཅིག་གིས་ ཁྲལ་གྱི་སྲིད་བྱུས་ལུ་བརྟེན་ འདྲ་མཉམ་མེད་པའི་གནས་སྟངས་ ཡར་འཕར་འགྱོ་དོ་ཡོདཔ་སྦེ་ བཤད་དོ་ཡོདཔ་ད་ དེ་འབདཝ་ད་ སྣུམ་འཁོར་གྱི་གྱངས་ཁ་ ཡར་འཕར་འགྱོ་མི་དང་བསྟུན་ གཞི་རྟེན་མཐུན་རྐྱེན་ཚུ་ བཞག་མ་ཚུགས་པའི་བསྒང་ལས་ ཐབས་ལམ་བཏོན་དགོཔ་འདུག།
ཧེ་མ་འབད་བ་ཅིན་ ཀུན་གསལ་གྱིས་ སྣུམ་འཁོར་ཁྲལ་ཡར་སེང་གི་ བསམ་འཆར་བཀོད་ཡོདཔ་ད་ དཔེ་འབད་བ་ཅིན་ བཟའ་ཚང་གི་སྣུམ་འཁོར་༢ པ་དང་ ཡང་ཅིན་༣ པ་ལུ་ བཟའ་ཚང་གི་ཚད་གཞི་དང་ ལག་ལེན་དང་བསྟུན་ ཁྲལ་བཀལ་དགོཔ་འདུག།
ག་ཅི་སྨོ་ཟེར་བ་ཅིན་ ནང་འདྲེན་འབད་མ་ཆོག་པའི་ བཀག་དམ་འབད་ནི་དེ་ ལག་ལེན་དང་མ་མཐུནམ་ཅིག་ཨིནམ་ད་ སྣུམ་འཁོར་འགོ་ཐོག་ ཉོ་ནིའི་དང་འདོད་ཡོད་མི་ཚུ་ལུ་ གོ་སྐབས་མ་བྱིན་པར་ བཞག་ནི་མི་འོང་།
སྣུམ་འཁོར་དེ་ ལཱ་གཡོག་འཚོལ་མི་ཚུ་གི་དོན་ལུ་ ཁྱད་ཚད་ངེས་ཏིག་ཅིག་མེན་རུང་ ཕན་ཐོགས་ཡོདཔ་ལས་ རིན་གོང་དང་ ཁྲལ་བཏབ་ནིའི་ཐད་ཁར་ དཀའ་ངལ་ཅིག་མེན་པས།
ང་བཅས་རའི་ འཁོར་ལམ་བདའ་སྟེ་ འགྲུལ་སྐྱོད་དཀའ་ངལ་བྱུང་མི་དེ་ མི་མང་སྐྱེལ་འདྲེན་ལམ་ལུགས་ ལེགས་བཅོས་འབད་བ་ཅིན་རྐྱངམ་གཅིག་ སེལ་ཐབས་འབད་ཚུགས་ནི་ཨིནམ་ད་ ཁྲོམ་སྡེའི་བཱསི་ཚུ་ དྲོ་པ་ཧ་སག་ལས་ ཧོང་ཚོ་དང་ ལྕམ་སྒང་ དེ་ལས་ གདང་རས་ནང་ཚུ་ནང་ རྒྱུན་འགྲུལ་འཐབ་དོ་ཡོདཔ་ལས་ རྒྱུན་འགྲུལ་འཐབ་ནི་ལུ་ འཇམ་ཏོང་ཏོ་ཅིག་ཨིནམ་ད་ དེ་ཡང་ གླ་ཆ་ཕབ་ཆག་ཡོད་པའི་ཁར་ ག་དེམ་ཅིག་སྦེ་ ཕན་ནུས་ཅན་དང་ བློ་གཏད་ཚུགསཔ་བཟོ་བ་ཅིན་ མི་མང་ཤོས་ཅིག་གིས་ སྣུམ་འཁོར་ཉོ་ནི་དང་ ཡང་ཅིན་ སྣུམ་འཁོར་བདའ་ནི་མེན་པར་ མི་མང་སྐྱེལ་འདྲེན་ལམ་ལུགས་ལུ་ གདམ་ཁ་རྐྱབ་འོང་།
ད་རེས་ གློག་ཤུགས་སྣུམ་འཁོར་ལུ་ སྤྲོ་བ་བསྐྱེད་མི་ ཡར་འཕར་འགྱོ་དོ་ཡོདཔ་ལས་ མང་ཤོས་ཅིག་གིས་ གོང་ཚད་མར་ཕབ་འབད་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་མས།
ང་བཅས་རའི་ གཙང་སྦྲ་ལྡན་པའི་ སྲིད་བྱུས་ཚུ་གི་དོན་ལུ་ ཤེས་རྟོགས་བྱུང་སྟེ་ཡོད་པའི་ གློག་ཤུགས་འགྲུལ་འཁོར་ཚུ་གི་ ཁེ་ཕན་ཚུ་ཐོབ་ཡོདཔ་ལས་ རྒྱབ་སྐྱོར་སྦོམ་སྦེ་ར་ འབད་ཚུགས་ནི་ཨིནམ་ད་ འདི་བཟུམ་འབད་ཚུགས་པ་ཅིན་ ས་སྣུམ་བླུགས་མི་ སྣུམ་འཁོར་ནང་འདྲེན་གྱི་དཀའ་ངལ་དེ་ཡང་ མར་ཕབ་འབད་ཚུགས།
མི་ཚུ་གིས་ སྔོ་ལྗང་དང་ གཙང་སྦྲ་ལྡན་པའི་ གློག་ཤུགས་འགྲུལ་འཁོར་ལུ་ སེམས་ཤུགས་བསྐྱེད་བཅུག་ནིའི་དོན་ལས་ གོང་ཚད་མར་བཅགས་དང་ ཐོབ་སྐལ་ དེ་ལས་ རྒྱལ་ཁབ་ནང་འཁོད་ལུ་ འཕྲུལ་ལྟོ་བསྐྱར་གསོའི་ས་གོ་ཚུ་ གང་མང་གཞི་བཙུགས་འབད་དགོཔ་འདུག།
གལ་སྲིད་ དཔལ་འབྱོར་དེ་ ནང་འདྲེན་འབད་མི་ སྣུམ་འཁོར་གྱི་གྱངས་ཁ་ལུ་ དབྱེ་ཞིབ་འབད་བལྟ་བ་ཅིན་ མི་ཚུ་གིས་ དཔལ་འབྱོར་གྱི་གནས་སྟངས་ མར་ཉམས་འགྱོ་བའི་སྐོར་ལས་ ཉོགས་བཤད་བཀོད་རུང་ དོན་ངོ་མ་ལུ་ ལེགས་ཤོམ་འགྱོ་བའི་ བརྡ་མཚོན་ཨིན།