༉ ཁ་ཙ་ལས་ འགོ་བཙུགས་ཏེ་ སྤྱི་མཐུན་ཕན་བདེ་ཚོགས་སྡེ་གིས་ ཐིམ་ཕུག་ནང་འཁོད་ཀྱི་ འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་༣༢ ཀྱི་དོན་ལས་ ན་གཞོན་འགོ་ཁྲིདཔ་གི་ ལས་རིམ་ཅིག་ འགོ་བཙུགས་ཡོདཔ་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༡༧ ཚུན་ འགོ་འདྲེན་འཐབ་མི་ ལས་རིམ་དེ་ཡང་ ཚོགས་སྡེ་གིས་ གོ་བ་བརྡ་སྤྲོད་དང་ ན་གཞོན་དང་ མི་མང་ལུ་ སྨྱོ་རྫས་དང་ ཆང་ལག་ལེན་གྱི་ ཤེས་ཡོན་བྱིན་ནིའི་ ཁས་ལེན་འབད་མི་དང་ རིམ་སྒྲིག་འབད་དེ་ཨིན་པས།
ན་གཞོན་འགོ་ཁྲིདཔ་ལས་རིམ་གྱིས་ མི་ཚེ་རིག་རྩལ་ མནོ་བསམ་བཏང་ཐངས་དང་ མི་མང་གསལ་བཤད་ ཞིབ་འཚོལ་ བརྡ་དོན་ དེ་ལས་ འགོ་ཁྲིདཔ་འབད་ནིའི་དོན་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དེ་མ་ཚད་ ལས་རིམ་གྱིས་ རང་སོའི་རིག་རྩལ་གོང་འཕེལ་དང་ ཞི་བའི་འབྲེལ་འཛིན་ བློ་སྟོབས་ཡར་དྲག་དང་ ལཱ་གི་ དཀའ་ངལ་བསལ་ནི་ སྙིང་རྗེ་ དེ་ལས་ འགོ་ཁྲིད་པའི་སྤུས་ཚད་ལ་སོགས་པ་ཚུ་ བཟོ་ནི་ཨིན་པས།
དོ་འགྲན་ཅན་གྱི་ ལས་རིམ་ནང་ རྩོད་བསྡུར་དང་ མི་མང་གསལ་བཤད་ཚུ་ རྫོང་ཁ་དང་ ཨིང་སྐད་༢ ཆ་རའི་ཐོག་ལས་ དུས་ཡུན་ཆུ་ཚོད་༢ འོང་ནི་ཨིན་པས།
ཁ་ཙ་གི་ རྩོད་བསྡུར་ནང་ བྷུ་ཊཱན་ཕུཊ་བཱོལ་ཨེ་ཀ་ཌ་མིག་དང་ རིན་ཆེན་འབྲིང་རིམ་སློབ་གྲྭ་༢ ཀྱིས་ “ཕ་མའི་སྐྱོང་བཞག་དང་ སློབ་གྲྭ་- སྨྱོ་རྫས་ལག་ལེན་བཀག་ཐབས་འབད་ནི་དེ་ འགན་ཁུར་སྦོམ་ག་ལུ་ཡོད་ག་?” ཟེར་བའི་བརྗོད་དོན་ཐོག་ལུ་ རྩོད་བསྡུར་འབད་ཡོདཔ་ཨིན་པས།
བྷུ་ཊཱན་ཕུཊ་བཱོལ་ཨེ་ཀ་ཌ་མིག་གིས་ རྩོད་བསྡུར་དང་ མི་མང་གསལ་བཤད་འགྲན་བསྡུར་༢ ཆ་ར་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
བྷུ་ཊཱན་ཕུཊ་བཱོལ་ཨེ་ཀ་ཌ་མིག་དང་ སློབ་དཔོན་ཚུ་ རྒྱལ་ཁ་འཐོབ་ནི་ལུ་ རེ་བ་སྦོམ་བསྐྱེད་དེ་ཡོདཔ་ད་ ཁོང་གིས་ སླབ་མིའི་ནང་ སློབ་གྲྭ་གིས་ སྦྱང་བ་ཚུ་ ཚད་ཅིག་ལས་བརྒལ་མ་འབད་རུང་ རེ་བ་དེ་ སྦོམ་སྡོད་ཅི་ཟེར་ཨིན་པས།
རྩོད་བསྡུར་གྱི་ དོན་ཚན་མང་ཤོས་ཅིག་ སྨྱོ་རྫས་དང་འབྲེལ་བའི་ སྨྱོ་རྫས་ཤེས་ཡོན་ལས་རིམ་དང་ སྨྱོ་རྫས་ནང་ལང་ཤོར་ཐལ་མི་ཚུ་བཀག་ཐབས་ སྨྱོ་རྫས་ལག་ལེན་འཐབ་མི་ཚུ་ལུ་ མི་སྡེ་ལས་ ཆགས་དང་ ཕྱོགས་རིས་འབད་མི་ ལ་སོགས་པའི་ དོན་ཚན་ཚུ་ ཡོདཔ་ཨིན་པས།
སྔོན་འགྲོའི་སྐོར་ཐེངས་ལས་རིམ་ནང་ སློབ་ཕྲུག་ཚུ་གིས་ གདམ་ཁ་འབད་བའི་ མི་སྡེ་ལས་ཚོགས་ཀྱི་དོན་ཚན་༨ དང་འབྲེལ་བའི་ མི་མང་རིག་རྩལ་ཚུ་ འགྲེམ་སྟོན་འབད་ཡོདཔ་ད་ བཅའ་མར་གཏོགས་མི་རེ་གིས་ མི་སྡེ་ལས་ཚོགས་ཀྱི་ སྤྱིར་བཏང་འགན་ཁུར་ཚུ་ལུ་ གཙོ་རིམ་བཟུང་སྟེ་ མི་སྡེ་དང་ རྒྱལ་ཡོངས་ནང་ ཁེ་ཕན་སྐོར་ལས་ བཤད་ཡོདཔ་ཨིན་པས།
མཐའ་བཅད་འོག་མའི་ནང་ བཅའ་མར་གཏོགས་མི་ཚུ་གིས་ སྨྱོ་རྫས་དང་ ཌི་ཇི་ཊཱལ་ཨེ་ཨའི་ དེ་ལས་ ན་གཞོན་ལཱ་གཡོག་ ལ་སོགས་པའི་ དོན་ཚན་ཐོག་ལུ་ གསལ་བཤད་འབད་ཡོདཔ་ཨིན་པས།
དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་རིམ་༡༢ པའི་ སློབ་ཕྲུག་ཚེ་རིང་གཡང་སྒྲོན་གྱིས་ སླབ་མིའི་ནང་ སྤྱི་མཐུན་ཕན་བདེ་ཚོགས་པའི་ ལས་རིམ་གྱིས་ རྫོང་ཁ་རྐྱངམ་གཅིག་མེན་པར་ སློབ་ཕྲུག་ཚུ་ལུ་ སྨྱོ་རྫས་བཀག་ཐབས་དང་ འགོ་ཁྲིད་པའི་སྐོར་ལས་ ཧ་གོ་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
གསོ་བ་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ གཞུང་གིས་ རྒྱལ་ཁབ་ནང་ སྨྱོ་རྫས་ལག་ལེན་དང་ སེམས་ཁམས་འཕྲོད་བསྟེན་གྱི་ དཀའ་ངལ་སེལ་ཐབས་འབད་དེ་ ན་གཞོན་ཚུ་ལུ་ ཞི་བདེ་བཟོ་ནི་ལུ་ ཁས་ལེན་འབད་དེ་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འགོ་ཁྲིདཔ་དང་ བརྡ་དོན་རིག་རྩལ་དེ་ རང་རྐྱང་གོང་འཕེལ་གྱིས་མ་དོ་བར་ འཛམ་གླིང་ནང་ དོན་སྨིན་ཅན་བཟོ་ནི་ལུ་ དགོས་མཁོ་ཅན་ཅིག་ཨིན་ཟེར་ཨིན་པས།
ལས་རིམ་དེ་ རྒྱལ་ཡོངས་དངུལ་ཁང་གིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འབྲུག་རྒྱང་བསྒྲགས་ལས་འཛིན་དང་ མཉམ་འབྲེལ་འབད་དེ་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།