༉ རྒྱལ་ཁབ་ནང་ གློག་མེ་ལས་འགུལ་ཆུང་བ་ཚུ་གི་ གོ་རིམ་༢ པ་ འགོ་བཙུགས་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༢༠ ཚོད་རྩིས་བཏོན་ཏེ་ཡོདཔ་བཞིན་དུ་ ལས་འགུལ་དེ་ དུས་ཅི་ སྤྱི་ཟླ་༡༠ པའི་ནང་ལས་ འགོ་བཙུགས་ནི་ཨིན་པས།
གོ་རིམ་༢ པའི་ནང་ མེ་ག་ཝཱཊ་༩༠ འབད་མི་ ཇོ་མོ་རི་དང་ མེ་ག་ཝཱཊ་༥༤ འབད་མི་གམ་རི་ མེ་ག་ཝཱཊ་༢༦ འབད་མི་ འབྲུག་བིན་དུ་དང་པ་དང་༢ པ་ དེ་ལས་ མེ་ག་ཝཱཊ་༢༥ འབད་མི་ བོད་སྒར་ན་བརྩིས་ཏེ་ གློག་མེ་ལས་འགུལ་ཆུང་བ་༥ ཚུད་དེ་ ཡོདཔ་ཨིན་པས།
ཇོ་མོ་རི་དང་ འབྲུག་བིན་དུ་གློག་མེ་ལས་འགུལ་ དང་པ་དང་༢ པ་གི་ འཁོར་ལམ་ཚུ་ ཧེ་མ་ལས་ བསལ་ནི་འགོ་བཙུགས་ཏེ་ཡོདཔ་ད་ དེ་ཡང་ ཞི་བའི་ལཱ་ཚུ་བྱིན་པའི་ཤུལ་ལས་ ལས་འགུལ་གྱི་ ལས་སྣ་གཙོ་ཅན་ཚུ་ གཙོ་རིམ་བཟུང་ནིའི་དོན་ལས་ཨིན་པས།
ཇོ་མོ་རི་དང་ འབྲུག་བིན་དུ་དང་པ་དང་༢ པའི་ ལས་འགུལ་དོན་ལས་ འཁོར་ལམ་དེ་ མེད་ཐབས་མེདཔ་ཅིག་ཨིནམ་ད་ གམ་རི་དང་པ་དང་ བོད་སྒར་ནང་ ལས་འགུལ་ལུ་ འཁོར་ལམ་སེལ་ མ་དགོ་མི་དེ་ཡང་ ད་ལྟོ་ཡོད་པའི་ འཁོར་ལམ་ཚུ་ ལག་ལེན་འཐབ་ཚུགས་ནི་ཨིན་པས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ ཇོ་མོ་རི་དང་ གམ་རི་དང་པ་ དེ་ལས་ འབྲུག་བིན་དུ་དང་པ་དང་༢ པའི་ ཞི་བའི་ལཱ་གི་ རིན་བསྡུར་ཚུ་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
ལས་འགུལ་ཚུ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ ཕབ་ཆག་ཅན་གྱི་ ཡན་ལག་ལས་སྡེ་ འབྲུག་ནུས་ཤུགས་ཚད་འཛིན་གྱིས་ ལག་ལེན་དང་ ལྟ་རྟོག་འབད་དོ་ཡོདཔ་ཨིན་པས།
འབྲུག་ནུས་ཤུགས་ཚད་འཛིན་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལས་འགུལ་དེ་ཚུ་ ཁག་འབགཔ་ཡིག་ཆ་ཚུ་ དབྱེ་ཞིབ་འབད་བའི་ བསྒང་ཡོདཔ་བཞིན་དུ་ ལས་འགུལ་དེ་ སྤྱི་ཟླ་༡༠ པ་ལས་ འགོ་བཙུགས་ནི་གི་ ལས་རིམ་ཡོད་ཟེར་ཨིན་པས།
བོད་སྒར་ན་གི་ གློག་མེ་ལས་འགུལ་ཐད་ལུ་ འཕྲལ་མགྱོགས་ར་ འབྲེལ་ཡོད་ལས་སྡེ་ཚུ་ལས་ མཐའ་དཔྱད་ཉོགས་མེད་ལེན་པའི་ཤུལ་ལས་ ཞི་བའི་ལས་སྣ་ཚུ་གི་དོན་ལུ་ རིན་བསྡུར་ཚུ་ གསལ་བསྒྲགས་འབད་ནི་ཨིན་པས།
ཁག་འབགཔ་གི་ ཞི་བའི་ལཱ་ འགོ་བཙུགས་ཞིནམ་ལས་ འཕྲུལ་ཆས་དང་ གློག་མེ་འཕྲུལ་ཆས་དང་འབྲེལ་བའི་ ཡན་ལག་ཚུ་ མཁོ་སྒྲུབ་ཀྱི་རིན་བསྡུར་འབད་ནི་ འགོ་བཙུགས་འོང་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
ཇོ་མོ་རི་ལས་འགུལ་གྱི་ འཁོར་ལམ་སེལ་ནི་ ལཱ་དེ་ ཁག་འབགཔ་༢ ལུ་ བྱིན་ཏེ་ཡོདཔ་ད་ འབྲུག་བིན་དུ་དང་པ་དང་༢ པའི་ འཁོར་ལམ་སེལ་ནི་ ལཱ་དེ་ ཁག་འབགཔ་༡ ལུ་ བྱིན་ནི་ཨིན་པས།
ཞི་བའི་ལཱ་ གཙོ་ཅན་ཚུ་ འགོ་མ་བཙུགས་པར་ཡོདཔ་ད་ རིན་བསྡུར་དབྱེ་ཞིབ་ མཇུག་བསྡུ་བའི་ཤུལ་ལས་ ཁག་འབགཔ་གདམ་ཁ་རྐྱབ་ནི་ འགོ་བཙུགས་ནི་ཨིན་པས།
ལས་རིམ་གྱི་ འགོ་རིམ་དང་པའི་ནང་ གློག་མེ་དང་ དེདང་འབྲེལ་བའི་ ལཱ་ཚུ་ནང་ ཉམས་མྱོང་ཡོད་མི་ ཁག་འབགཔ་ཚུ་ ཕྱི་སེལ་འབད་དེ་ རིན་བསྡུར་གྱི་ ལམ་ལུགས་ཐོག་ལས་ ལཱ་བྱིན་ནི་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གོ་རིམ་༢ པའི་ ལས་འགུལ་གྱི་དོན་ལུ་ ལྕོགས་གྲུབ་གོང་འཕེལ་དང་ ལས་འགུལ་སྦོམ་ནང་ མགོ་ཉོག་དྲགས་ཡོདཔ་ལས་ གློག་མེ་ལས་འགུལ་ལ་ལོ་ཅིག་ནང་ ཉམས་མྱོང་ཅན་གྱི་ ཁག་འབགཔ་དགོཔ་ཡོད་ཟེར་ཨིན་པས།
ཨིན་རུང་ ལས་འགུལ་ཆུང་བའི་དོན་ལུ་ སྤྱིར་བཏང་ཞི་བའི་ལཱ་གི་ ཉམས་མྱོང་དགོས་མཁོ་ལུ་ གཙོ་རིམ་བཟུང་སྟེ་ ཡོད་རུང་ གློག་མེ་བཟོ་སྐྲུན་ནང་ མཁས་མཆོག་དགོཔ་མེདཔ་ཨིན་པས།
དེ་གིས་ མ་འོངས་པའི་ནང་ ཁག་འབགཔ་ལེ་ཤ་ཅིག་ལུ་ ལྕོགས་གྲུབ་གོང་འཕེལ་གཏང་སྟེ་ གློག་མེ་ལས་འགུལ་གྱི་དོན་ལུ་ ཁྱད་ཚད་ཚང་ཚུགས་ནི་ཨིན་པས།
མ་གཞི་ ལས་འགུལ་དེ་ཚུ་ ཆུང་ཀུ་ཅིག་ཨིན་རུང་ ལས་འགུལ་སྦོམ་ མ་ག་ཝཊི་༩༠ འབད་མི་ཡོདཔ་ད་ དེ་ཚུ་ཡང་ འབྲུག་གི་ནུས་ཤུགས་ལས་སྡེ་དོན་ལུ་ཨིན་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཞི་བའི་ལཱ་ཚུ་ ནང་འཁོད་ཀྱི་ ཁག་འབགཔ་ཚུ་གི་དོན་ལུ་ཨིནམ་ད་ དེ་ཡང་ གཙོ་བོ་ར་ མ་འོངས་པའི་ནང་ ལས་འགུལ་སྦོམ་ཚུ་གི་དོན་ལུ་ ལྕོགས་གྲུབ་གོང་འཕེལ་ གཏང་ཐབས་ལུ་ཨིན་པས།
ནང་འཁོད་ནང་ བཟོ་བཀོད་དང་ བཟོ་སྐྲུན་ གློག་མེ་འཕྲུལ་ཆས་ལག་ལེན་འཐབ་ནི་གི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ ལཱ་ཚུ་ འགོ་བཙུགས་ཏེ་ཡོདཔ་ཨིན་པས།
ལས་འགུལ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་ནི་ཐལ་ལུ་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གཞི་བཙུགས་འབད་ནི་ ལྕོགས་གྲུབ་དེ་ ཆུང་ཀུ་ཡོདདཔ་ལས་ ཁ་གསལ་བརྟག་ཞིབ་སྙན་ཞུ་ཚུ་ བཟོ་སྐྲུན་འབད་བའི་སྐབས་ ངེས་མེད་ཀྱི་ གདོང་ལེན་ཚུ་ མར་ཕབ་འབད་ནི་ལུ་ ཆ་ཚང་སྦེ་ ཚུད་དེ་ཡོད་ཟེར་ཨིན་པས།
ལས་འགུལ་རེ་ལུ་ རྒྱུན་བརྟན་གྱི་ དུས་ཚོད་བའི་ཁར་ ལས་འགུལ་ལྟ་རྟོག་པ་འོག་ལུ་ དུས་ཚོད་ཁར་ ཐག་གཅད་ནི་ལུ་ ས་ཁོངས་ཀྱི་ འཛིན་སྐྱོང་སྡེ་ཚན་ བཟོ་སྟེ་ཡོད་ཟེར་ཨིན་པས།
ཆུར་བརྟེན་གློག་མེ་དང་ ཉི་དྲོན་ལས་འགུལ་ཆུང་བའི་དོན་ལུ་ གཞུང་གིས་ རྒྱ་གར་དངུལ་ཁང་ ཚོང་འབྲེལ་སྐྱིན་འགྲུལ་དང་ ཡུ་རོ་པི་ཡཱན་མ་རྩ་གཞི་དངུལ་ཁང་ ཨོ་པིས་མ་དངུལ་ ཇའི་ཀ་ དེ་ལས་ ཨེ་ཤི་ཡཱན་གོང་འཕེལ་ལ་སོགས་པའི་ དངུལ་ཁང་ཚུ་ལས་ མ་དངུལ་ཚུ་ཐོབ་སྟེ་ ཡོདཔ་ཨིན་པས།
འཆར་གཞི་༡༣ པའི་ནང་ གཞུང་གིས་ གློག་མེ་ལས་འགུལ་ཆེ་བ་༡༠ འགོ་བཙུགས་ནི་ཨིནམ་ད་ དེ་ནང་ མེ་ག་ཝཱཊ་༤༠༤ འབད་མི་ ནེ་ར་ཨ་མ་རི་དང་ མེ་ག་ཝཱཊ་༦༠༠ འབད་མི་ མཁོ་ལོང་ཆུ་ མེ་ག་ཝཱཊ་༡,༡༢༥ འབད་མི་ རྡོ་རྗེ་ལུང་ མེ་ག་ཝཱཊ་༡༨༠ འབད་མི་ བུ་ན་མགུ་ མེ་ག་ཝཱཊ་༩༠༠ འབད་མི་ཝང་ཆུ་ མེ་ད་ཝཱཊ་༣༦༣ འབད་མི་ མཁོ་མ་ཆུ་ མེ་ག་ཝཱཊ་༡༧༠ འབད་མི་ དྭངས་ཆུ་ མེ་ག་ཝཱཊ་༧༧༠ འབད་མི་ ལྕངམ་མཁར་ཆུ་དང་པ་ མེ་ག་ཝཱཊ་༢,༥༨༥ འབད་མི་ སཱུན་ཀོཤི་ དེ་ལས་ མེ་ག་ཝཱཊ་༢,༨༠༠ འབད་མི་ ཀུར་རི་-གོང་རི་གི་ གློག་མེ་ལས་འགུལ་ཚུ་ ཚུད་དེ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།