༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ ཚོང་འབྲེལ་གོང་ཚད་སྙན་ཞུ་ལྟར་དུ་འབད་བ་ཅིན་ འདས་པའི་ལོ་དང་ཕྱདཔ་ད་ སྤྱི་ལོ་༢༠༢༤ ལུ་ ཚོང་ཆས་ཚུ་ གོང་ཚད་བརྒྱ་ཆ་༢.༨༢ དེ་ཅིག་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
འདི་བཟུམ་གྱི་ སྐྱ་ནམ་གོང་ཚད་ཡར་སེང་སོང་མི་ལུ་བརྟེན་ ཁྱིམ་གུང་རེ་རེ་བཞིན་དུ་གིས་ འདས་པའི་ལོ་ནང་ ཉོ་སྤྱོད་འབད་མི་ལུ་ ད་རེས་ བརྒྱ་ཆ་༢.༨༢ འཐེབ་སྤྲོད་དེ་ ཉོ་དོ་ཡོདཔ་སྦེ་ཨིན་པས།
འདས་པའི་ལོ་༥ འི་ནང་འཁོད་ལུ་ ན་ཧིང་འབད་བ་ཅིན་ མར་བབས་སྦོམ་སྦེ་ར་སོང་སྟེ་ བརྒྱ་ཆ་༡.༤༡ ལུ་ལྷོད་ཡོདཔ་ད་ སྤྱི་ལོ་༢༠༢༣ ལུ་ གོང་ཚད་བརྒྱ་ཆ་༤.༢༣ ལུ་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
ནད་ཡམས་ཀྱི་སྐབས་ སྤྱི་ལོ་༢༠༢༠ ལུ་ བརྒྱ་ཆ་༥.༦༣ ལུ་ལྷོད་ཡོདཔ་ད་ སྤྱི་ལོ་༢༠༢༢ ལུ་ བརྒྱ་ཆ་༧.༣༥ ལུ་ ལྷོད་ཡོད་མི་དེ་ ལོ་ཤུལ་མའི་ནང་ མར་བབས་སོང་ཡོདཔ་ཨིན་པས།
རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ ལོ་བསྟར་གྱི་ཟ་ཆས་དང་ ཟ་ཆས་མིན་པའི་གོང་ཚད་ཚུ་ མར་བབས་སོང་ཡོདཔ་སྦེ་ཨིན་པས།
ན་ཧིང་གི་ལོ་ནང་ ཟ་ཆས་ཀྱི་གོང་ཚད་ བརྒྱ་ཆ་༠.༤༨ འབད་མི་དེ་ སྤྱི་ལོ་༢༠༢༣ ལུ་ བརྒྱ་ཆ་༣.༩༧ སྦེ་ཡོད་མི་ལས་ མར་བབས་སོང་ཡོདཔ་ད་ ཟ་ཆས་དང་ ཆང་མིན་པའི་བསིལ་འཐུང་གཞན་གྱི་རིགས་ཚུ་ བརྒྱ་ཆ་༠.༤༩ འབད་མི་གིས་ གཙོ་རིམ་ཅན་གྱི་ གནས་སྟངས་ཅིག་ཨིནམ་ད་ ཆང་གི་རིགས་དང་ རྡོག་མ་གི་གོང་ཚད་ཚུ་ བརྒྱ་ཆ་༠.༢༤ ལུ་ མར་བབས་སོང་ཡོདཔ་སྦེ་ཨིན་པས།
བཟའ་འཐུང་མེན་པའི་ མཁོ་ཆས་གཞན་ཚུ་ སྤྱི་ལོ་༢༠༢༣ ལུ་ བརྒྱ་ཆ་༤.༤༤ ལས་ བརྒྱ་ཆ་༠.༢༥ ལུ་ མར་བབས་སོང་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ སྐྱེལ་འདྲེན་དང་ རྒྱུན་འབྲེལ་གྱི་གོང་ཚད་ བརྒྱ་ཆ་-༠.༦༤ དང་བརྒྱ་ཆ་-༠.༡༤ མར་བབས་སོང་ཡོད་ནི་དེ་གིས་ཨིན་པས།
སྡེ་ཚན་གཞན་མི་ཚུ་ཡང་ གོང་ཚད་ཚུ་ མར་བབས་སོང་ཡོདཔ་ད་ གོ་ལ་དང་ ལྷམ་གྱི་རིགས་ཚུ་ བརྒྱ་ཆ་༦.༩ དང་ བརྒྱ་ཆ་༠.༤༧ མར་བབས་སོང་ཡོདཔ་ད་ ཁྱིམ་དང་ མཁོ་ཆས་ཚུ་ བརྒྱ་ཆ་༨.༢༡ ལས་བརྒྱ་ཆ་༠.༧༦ ནང་དང་ གསོ་བ་ནང་བརྒྱ་ཆ་༡༢.༤༧ ལས་བརྒྱ་ཆ་༠.༦༤ དེ་ལས་ ཤེས་རིག་ནང་བརྒྱ་ཆ་༣.༨༢ ལས་བརྒྱ་ཆ་༠.༢ བཟའ་ཁང་ནང་བརྒྱ་ཆ་༤.༥༩ ལས་བརྒྱ་ཆ་༠.༢༤ སྦེ་ ཡོདཔ་ཨིན་པས།
དངུལ་གྱི་ཤུགས་ཚད་ལས་འབད་རུང་ སྤྱི་ལོ་༢༠༢༤ ཟླ་༡༢ པའི་ནང་ དངུལ་ཀྲམ་༡༠༠ འབད་མི་དེ་ སྤྱི་ལོ་༢༠༡༢ ཟླ་༡༢ པའི་ནང་ དངུལ་ཀྲམ་༥༥.༣ སྦེ་ཡོདཔ་ད་ སྐྱ་ནམ་གྱི་གོང་ཚད་ ཡར་སེང་སོང་མི་ལུ་བརྟེན་ ན་ཧིང་གི་ལོ་ནང་ར་ བརྒྱ་ཆ་༡.༩༨ མར་བབས་སོང་ཡོདཔ་སྦེ་ཨིན་པས།
ཟླཝ་ལས་བཅད་དེ་འབད་རུང་ འདས་པའི་ལོའི་ཟླ་༡༡ པའི་ནང་ བརྒྱ་ཆ་༡.༨༧ འབད་མི་དེ་ ན་ཧིང་ཟླ་༡༢ པའི་ནང་ བརྒྱ་ཆ་༢.༠༢ ལུ་ ལྷོད་ཡོདཔ་ཨིན་པས།
བཟའ་འཐུང་གི་གོང་ཚད་ཚུ་ བརྒྱ་ཆ་༤.༤༧ ཡར་སེང་དང་ བཟའ་འཐུང་དང་ ཆང་མིན་པའི་བསིལ་འཐུང་གཞན་གྱི་རིགས་ཚུ་ བརྒྱ་ཆ་༥.༠༥ ཡར་སེང་སོང་ཡོདཔ་ཨིན་རུང་ ཆང་དང་ རྡོག་མ་གི་རིགས་ཚུ་ བརྒྱ་ཆ་-༢.༤༢ མར་བབས་སོང་ཡོདཔ་སྦེ་ཨིན་པས།
བཟའ་ཆས་མེན་པའི་ སྐྱ་ནམ་གྱི་གོང་ཚད་ཚུ་ ཟླ་༡༢ པ་ཚུན་ བརྒྱ་ཆ་-༠.༦ ལུ་ལྷོད་ཡོདཔ་ད་ དེ་ཡང་ ཁྱིམ་དང་ མཁོ་ཆས་གཞན་གྱི་རིགས་ཚུ་ བརྒྱ་ཆ་-༠.༨༥ མར་བབས་དང་ སྐྱེལ་འདྲེན་བརྒྱ་ཆ་-༥.༤༣ མར་བབས་སོང་མི་ལུ་བརྟེན་ཨིན་པས།
དེ་ལས་ ལུང་ཕྱོགས་ལྟར་དུ་འབད་བ་ཅིན་ ཐིམ་ཕུག་དང་ མགར་ས་ སྤུ་ན་ཁ་ དབང་འདུས་ ཧཱ་ སྤ་རོ་ བསམ་རྩེ་ དེ་ལས་ ཆུ་ཁ་ཚུ་ སྤྱི་ཟླ་༡༢ པ་ཚུན་ལུ་ གོང་ཚད་ཡར་སེང་སོང་སྟེ་ བརྒྱ་ཆ་༡.༣༤ ལུ་ ལྷོད་ཡོདཔ་ཨིན་པས།
ལྟེ་བའི་ལུང་ཕྱོགས་ནང་འབད་བ་ཅིན་ བུམ་ཐང་དང་ དར་དཀར་ནང་ གསར་སྤང་ གཞལམ་སྒང་ ཀྲོང་གསར་ དེ་ལས་ རྩི་རང་ཚུ་ནང་ སྐྱ་ནམ་གོང་ཚད་ཡར་སེང་བརྒྱ་ཆ་༠.༥༢ ལུ་ ལྷོད་ཡོདཔ་ཨིན་པས།
ཤར་ཕྱོགས་ཁ་ཐུག་ལུ་འབད་བ་ཅིན་ མོང་སྒར་དང་ བཀྲིས་སྒང་ བཀྲིས་གཡང་རྩེ་ ལྷུན་རྩེ་ པདྨ་དགའ་ཚལ་ དེ་ལས་ བསམ་གྲུབ་ལྗོངས་མཁར་ཚུ་ནང་ བརྒྱ་ཆ་༠.༤༡ ཡར་སེང་སོང་ཡོད་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement