༉ འབྲུག་མི་ཚུ་གི་དོན་ལུ་ གོ་སྐབས་ལེགས་ཤོམ་ ཨཱསི་ཊེ་ཡའི་སྐྱོད་ཐམ་གྱི་ ལམ་ལུགས་སྒྲིག་གཞི་ དམ་དྲགས་བཟོ་མི་ལུ་བརྟེན་ ཡུ་རོ་པི་ཡཱན་(ཨི་ཡུ་)རྒྱལ་ཁབ་ཚུ་ནང་ འགྱོ་མི་ཡར་སེ་སོང་ཡོདཔ་ཨིན་པས།
ཨིན་རུང་ ད་ལྟོ་ཚུན་ཚོད་ འབྲུག་མི་ ག་དེམ་ཅིག་གིས་ ཡུ་རོཔ་ལུ་སོང་ཡོདཔ་ཨིན་ནའི་ གནས་སྡུད་ཅིག་མེད་རུང་ འཕྲལ་ཁམས་ཅིག་ལས་ སྐྱོད་ཐམ་ཐོབ་པའི་སྙན་ཞུ་ཚུ་ ཤེས་ཚུགས་པས།
འབྲུག་མི་ཚུ་ ཡུ་རོཔ་རྒྱལ་ཁབ་ཚུ་ནང་ འགྱོ་མིའི་སྐོར་ལས་ཡང་ གྲོས་སྟོན་ལས་སྡེ་ཚུ་གིས་ མི་སྡེ་བརྡ་བརྒྱུད་ནང་ གསལ་བསྒྲགས་དང་ མི་ཚུ་གི་བར་ན་ གྲོས་བསྟུན་འབད་མི་ཚུ་ལས་ ཤེས་རྟོགས་བྱུང་ཚུགས་ནུག།
འབྲུག་མི་ཚུ་ ཡུ་རོཔ་ལུ་ འགྱོ་ནི་འགོ་བཙུགས་མི་དེ་ཡང་ ཨཱསི་ཊེ་ལི་ཡའི་སྐྱོད་ཐམ་གྱི་ ལམ་ལུགས་བསྒྱུར་བཅོས་འབད་མི་གིས་ ས་གོ་གཞན་ཁར་ འཚོལ་ཞིབ་འབད་ཡོདཔ་ཨིན་པས།
འབྲུག་པའི་གྲོས་སྟོན་ལས་སྡེ་ཚུ་གིས་ གསལ་བསྒྲགས་འབད་མི་དང་ འབྲུག་མི་ཚུ་ ཡུ་རོཔ་རྒྱལ་ཁབ་ཚུ་ནང་ འགྱོ་ནི་ལུ་ ལྷན་ཐབས་འབད་ཡོདཔ་ཨིན་པས།
ཡོངས་གྲགས་ཅན་གྱི་ གྲོས་སྟོན་ལས་སྡེ་ཚུ་གིས་ བཤད་མིའི་ནང་ ཨཱསི་ཊེ་ལི་ཡའི་ སྐྱོད་ཐམ་སྒྲིག་གཞི་བསྒྱུར་བཅོས་ཀྱིས་ འབྲུག་མི་ཚུ་ལུ་ དེ་ཅིག་ར་ བར་ཆད་མ་རྐྱབ་མི་དེ་ ལོ་རྒྱུས་སླབ་དོ་བཟུམ་འབད་བ་ཅིན་ ཚོང་བསྒྲགས་ཀྱི་ ཐབས་ལམ་ཅིག་ཨིན་ཟེར་ཨིན་པས།
ནིའུ་ཡོག་ལུ་སྡོད་མི་ འཇིགས་མེད་ཀྱིས་ སླབ་མིའི་ནང་ རྒྱབ་སྐྱོར་གྱི་ གནས་སྡུད་ཅིག་མེདཔ་ལས་ ད་ལྟོའི་སྐྱོད་ཐམ་གནད་དོན་དེ་ དྭངས་གསལ་ཅིག་མེད་རུང་ ཧེ་མ་ཡོངས་གྲགས་སོང་མི་ ཨཱསི་ཊེ་ལི་ཡ་དེ་ ད་རེས་ གདོང་ལེན་ནི་དེ་གིས་ གྲོས་སྟོན་ལས་སྡེ་ཚུ་ ཐབས་ར་མེད་པར་ གཙོ་རིམ་དེ་ རྒྱལ་ཁབ་གཞན་ཁར་ འཚོར་ཐོག་ལས་ གོ་སྐབས་ལེགས་ཤོམ་ཐོབ་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གྲོས་སྟོན་ལས་སྡེ་ཚུ་གིས་ ཁོ་རའི་ཚོང་མགྲོན་པའི་ དམིགས་གཏད་དེ་ ཁྱབ་བསྒྲགས་སྣ་ཚོགས་ཐོག་ལས་ བདེ་སྒྲིག་འབད་དོ་ཡོདཔ་ད་ གཞུང་གིས་ གྲོས་སྟོན་པ་ཚུ་ལུ་ གོ་སྐབས་བྱིནམ་དང་འབྲེལ་ མ་བདེན་པའི་གསལ་བསྒྲགས་ ཡང་ཅིན་ གོ་བ་ཕྱི་འགྱུར་འགྱོ་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
འཇིགས་མེད་ཀྱིས་འབད་བ་ཅིན་ ལཱ་གཡོག་མེད་མི་ ན་གཞོན་ལ་ལོ་ཅིག་གིས་ ཡུ་རོབ་རྒྱལ་ཁབ་ནང་ ལཱ་གཡོག་གི་སྐོབས་དང་ ཤེས་ཡོན་གྱི་ གོ་སྐབས་དོན་ལས་ བལྟ་དོ་ཡོདཔ་ཨིན་པས།
མི་ཚུ་གིས་ བཤད་མིའི་ནང་ གྲོས་སྟོན་པའི་གྱངས་ཁ་ ཡར་འཕར་སོང་མི་དང་འབྲེལ་ ཁོང་ཆ་ཁྱབ་ཀྱི་བར་ན་ འགྲན་བསྡུར་འབད་དགོཔ་ལས་ མི་ཚུ་ལུ་ གོ་བ་བརྡ་ལོག་དང་ རྫུན་མ་དར་ཁྱབ་འགྱོ་ནིའི་ ཉེན་ཁ་སྦོམ་ འདུག་ཟེར་ཨིན་པས།
ཡུ་རོཔ་ལུ་ འགྱོ་ནིའི་དང་འདོད་ཡོད་མི་ འབྲུག་མི་ཚུ་གི་དོན་ལས་ གོ་སྐབས་ཡོད་རུང་ ཨིང་ལིཤ་ཁ་སྐད་ཆོས་རྒྱུགས་ལག་ཁྱེར་ ཨའི་ཨི་ཨཱེལ་ཊི་ཨེསི་དགོས་མཁོ་དང་ ཤེས་ཡོན་གྱི་འཐུས་མངམ་ཡོད་མི་ ལཱ་འབད་མི་དུས་ཚོད་ཚད་ཅིག་ལས་བརྒལ་མེད་མི་ དེ་ལས་ རང་དང་གཅིག་ཁར་ མི་གཞན་འགྱོ་ནི་མེད་པའི་ དཀའ་ངལ་ཡོདཔ་ཨིན་པས།
ཨི་ཡུ་རྒྱལ་ཁབ་ཀྱིས་ རིག་རྩལ་དང་ ཁོང་གིས་ ལྷན་ཐབས་འབད་ནི་ འོས་འབབ་ངོས་འཛིན་ལུ་ ལྷོ་ཡེ་ཤི་ཡན་ཚུ་ ལེན་ནི་འགོ་བཙུགས་ཡོདཔ་ཨིན་པས།
ཞི་གཡོག་ལས་དགོངས་ཞུ་འབད་དེ་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ཅིག་གིས་ སླབ་མིའི་ནང་ དཔེ་ཆ་ལྷབ་ཚར་བའི་ཤུལ་ལུ་ སྐྱོད་ཐམ་གྱི་ ལོ་ཚད་ཚད་འཛིན་འབད་མི་ལུ་བརྟེན་ ཨཱསི་ཊེ་ལི་ཡ་ལས་ ས་གོ་གཞན་ ཡུ་རོཔ་འོང་ནི་མས་ཟེར་ཨིན་པས།
དཔེར་ན་ ལས་འཛིན་ཅིག་ནང་ ལཱ་འབད་མི་ ལས་བྱེདཔ་༢ ཡུ་རོཔ་མཱལ་ཊ་ལུ་ སྤྱི་ཟླ་༦ པའི་ནང་ འགྱོ་ནི་ལུ་ གྲ་སྒྲིག་སོང་ཡོདཔ་ད་ ཁོང་༢ དང་འཁྲིལ་བ་ཅིན་ ད་རེས་ མཱལ་ཊ་ལུ་ འབྲུག་མི་༢ ལས་བརྒལ་མེད་མི་ཡང་ གཅིག་དེ་ ལཱ་དང་ གཞན་མི་དེ་ དཔེ་ཆ་ལྷབ་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ད་རུང་ ཡུ་རོཔ་ལུ་ མི་ངོམ་༤ གིས་ གཙུག་ལག་གཞི་རིམ་དང་ གཙུག་ལག་གོང་མའི་ཤེས་ཡོན་ལྷབ་ནིའི་དོན་ལུ་ སྐྱོད་ཐམ་གྱི་ ལཱ་འབད་བའི་བསྒང་ ཡོདཔ་ཨིན་པས།
ཁོང་གིས་འབད་བ་ཅིན་ སྐྱོད་ཐམ་ཡང་ ཉིན་གྲངས་༣༥ གི་ནང་འཁོད་ ཐོབ་དོ་ཡོདཔ་བཞིན་དུ་ སྐྱོད་ཐམ་གྱིས་ རྒྱལ་ཁབ་༢༧ ནང་ ལཱ་འབད་ཆོག་པའི་ཁར་ ཤེས་ཡོན་འཐུས་ཡང་ ཉུང་ཤོས་ཡོདཔ་ད་ གལ་སྲིད་ ལོ་༡ གི་ ཤེས་ཡོན་གྱི་འཐུས་ བྱིན་པ་ཅིན་ ཕབ་ཆ་ཡུ་ཨེསི་ཌོ་ལར་༡,༠༠༠ ཐོབ་པས་ཟེར་ཨིན་པས།
སྡེ་ཚན་གྱི་འཐུས་མི་༢ ཀྱིས་ ཟླ་རིམ་ལུ་ ཡུ་ཨེསི་ཌོ་ལར་༢༥༠ རེ་སྦེ་ སྡོད་ས་མཁོ་མངགས་འབད་དེ་ཡོདཔ་བཞིན་དུ་ འཚོ་བའི་ཟད་འགྲོ་དེ་ མཐོ་དྲགས་མེད་པའི་ བརྡ་མཚོན་སྟོནམ་ཨིན་པས།
ལ་ལོ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཡུ་རོཔ་རྒྱལ་ཁབ་ནང་ ཤེས་ཡོན་དང་ ལཱ་གཡོག་འབད་ནི་དེ་ ཨཱསི་ཊེ་ལི་ཡ་བ་ལྷགཔ་སྦེ་ དཀའ་ངལ་ཡོད་ཟེར་ སླབ་དོ་ཡོདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement