༉ སྤྱི་ལོ་༢༠༢༤ གི་ ཡུ་རོ་པི་ཡེན་རྒྱལ་རྟགས་དེ་ མཐའ་བཅད་འགྲན་བསྡུར་ནང་ ཨིས་པེན་རྒྱལ་ཁབ་ཀྱི་ སྡེ་ཚན་དང་ ཨིང་ལེནཌ་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབད་བའི་ཤུལ་ལུ་ ཨིས་པེན་སྡེ་ཚན་གྱིས་ གཱོལ་༢ དང་ ཨིང་ལེནཌ་གིས་ གཱོལ་ཅིག་བཙུགས་ཐོག་ལས་ ཨིས་པེན་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ཨིས་པེན་གྱིས་ དུས་ཅི་རྒྱལ་ཁ་ཐོབ་མི་རྩིསཝ་ད་ ཡུ་རོ་པེན་རྒྱལ་རྟགས་ཚར་༤ ཐོབ་ཡོདཔ་ད་ རྩེད་འགྲན་ནང་ལས་ཡང་ དྲག་ཤོས་ཀྱི་ གྲངས་སུ་ཚུད་ཡོདཔ་ཨིན་པས།
རྩེད་འགྲན་ནང་ ཨིས་པེན་གྱི་རྩེད་འགྲན་པ་ མའེ་ཀལ་ཨོ་ཡར་ཛ་བཱུལ་གྱིས་ གཱོལ་ཅིག་དང་ ནི་ཀོ་ཝི་ལམསི་གིས་ གཱོལ་ཅིག་བཙུགས་ཐོག་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ ཨིང་ལེནཌ་གྱི་རྩེད་འགྲན་པ་ ཀོལ་པཱལ་མར་གྱིས་ གཱོལ་ཅིག་བཙུགས་ཡོད་པའི་གནས་ཚུལ།

Advertisement