སྤྱི་ཟླ་༥ པའི་ཚེས་༡༥ ལུ་ འབྲུག་ཕུཊ་བཱོལ་ཚོགས་པ་གིས་ དགེ་ལེགས་ཕུག་རྩེད་ཐང་ནང་སྦེ་ ཨེ་ཨེཕི་སི་སྤྱིར་བཏང་མི་མང་ཉིནམ་ བརྩི་སྲུང་འབད་ཡོདཔ་ད་ བརྩི་སྲུང་ལས་རིམ་ནང་ དགེ་ལེགས་ཕུག་ཁྲོམ་དཔོན་དང་ འབྲུག་ཕུཊ་བཱོལ་ཚོགས་པའི་ ཐབས་བྱུས་མདོ་ཆེན་ ཕེ་ཌི་རེ་ཤེན་གྱི་ རྒྱལ་ཡོངས་སྡེ་ཚན་མདོ་ཆེན་ དགེ་ལེགས་ཕུག་བུམོ་གི་སློབ་སྡེ་ དེ་ལས་ དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་དཔོན་དང་སློབ་ཕྲུག་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
བཀྲིས་སྒང་ རང་འབྱུང་སློབ་གྲྭ་ལྟེ་བ་དང་ པདྨ་གླིང་པ་སློབ་གྲྭ་ལྟེ་བ་ བུམ་ཐང་མཁར་ས་སློབ་གྲྭ་ཆུང་བ་ དེ་ལས་ གཏམ་ཞིང་གྲྭ་ཚང་གི་ དགེ་སློང་ཚུ་གིས་ཡང་ བརྩི་སྲུང་འབད་ཡོདཔ་ཨིན་པས།
ཡོངས་བསྡོམས་སློབ་ཕྲུག་༤༦༠དང་ དགེ་སློང་༣༤ གིས་ ཨེ་ཨེཕི་སི་སྤྱིར་བཏང་མི་མང་ཉིནམ་ བརྩི་སྲུང་ནང་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།