མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་གིས་ ཨོ་ལིམ་པིག་རྩེད་འགྲན་གྲོང་གསེབ་ནང་ གཟིགས་ཞིབ་གནང་ཡོདཔ་མ་ཚད་ རྩེད་འགྲན་གྱི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོད་མི་ འབྲུག་པའི་ ལུས་རྩལཔ་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་སྟེ་ སེམས་ཤུགས་བསྐྱེད་དགོ་པའི་ བཀའ་སློབ་ཚུ་གསུངས་ཡོདཔ་ད་ གཟིགས་ཞིབ་སྐབས་ མི་དབང་རྒྱལ་སྲས་མཆོག་གིས་ གྲོང་གསེབ་ནང་ཡོད་མི་ འབྲུག་གི་སྡེ་ཚན་ནང་ཁྱིམ་ནང་ དམིགས་བསལ་ཞབས་བཅགས་ གནང་ཡོད་པའི་གནས་ཚུལ།

འབྲུག་གི་ ལུས་རྩལཔ་ཚུ་གིས་ གཤམ་འཁོད་ལྟར་ རྩེད་འགྲན་འབད་ནི་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༣༠ལུ་ – མདའ་རྩེད་འགྲན་བསྡུར་ (བླམ་རྡོ་རྗེ་དང་ ཨེ་ལི་སཱེན་ཌོ་ པའོ་ལི་་་་་ཨི་ཊ་ལི་)
སྤྱི་ཟླ་༧ པའི་ཚེས་༣༡ ལུ་ – ཆུ་རྩལ་འགྲན་བསྡུར་ (སངས་རྒྱས་བསྟན་འཛིན་་་ ཕི་རི་སི་ཊཡེལ་ མི་ཊར་༡༠༠)
སྤྱི་ཟླ་༨ པའི་ཚེས་༡༡ ལུ་ – བང་རྒྱུག་འགྲན་བསྡུར་ (ཀུན་བཟང་ལྷ་མོ་)

Advertisement