༉ སྤྱི་ཟླ་༡༡ པའི་ཚེས་༢༡ ལུ་ དཔལ་འབྱོར་གོང་འཕེལ་བཀོད་ཚོགས་ཐེངས་༨ པ་ འཚོགས་པའི་སྐབས་ སྤྱི་ལོ་༢༠༢༥ འི་ ཟླཝ་དང་པའི་ནང་ རྒྱ་གར་ལུ་ མ་རྩ་གཞི་བཙུགས་འགྲེམས་སྟོན་ འགོ་འདྲེན་འཐབ་ནིའི་དོན་ལུ་ འཆར་གཞི་ཚུ་ མཐའ་དཔྱད་བཟོ་ཚར་ཡོདཔ་ད་ རྩོལ་སྒྲུབ་དེ་གིས་ མ་རྩ་བཙུགས་མི་ཚུ་དང་ བཟོ་གྲྭའི་ཁྱད་རིགཔ་ཚུ་ དང་འདོད་བསྐྱེད་བཅུག་ཞིནམ་ལས་ དཔལ་འབྱོར་གོང་འཕེལ་གཏང་ནིའི་དོན་ལུ་ ལས་སྡེ་གཙོ་ཅན་ཚུ་ལུ་ དམིགས་གཏད་བསྐྱེད་ནི་ཨིན་པའི་གནས་ཚུལ།