གསར་སྤང་རྫོང་ཁག་ཚོགས་འདུ་གིས་ རྡོག་མ་ཕྱིར་ཚོང་གི་ ཚོང་ལམ་བཏོན་དགོ་པའི་ཞུ་བ།

  ༉ འདས་པའི་ལོ་ཚུ་ལས་ འགོ་བཙུགས་ཏེ་ རྡོག་མ་ཤིང་འཛུགས་སྐྱོང་འབད་མི་ ཡར་འཕར་སོངམ་དང་འབྲེལ་ དགེ་ལེགས་ཕུག་ས་མཚམས་སྒོ་ར་ལས་ ཕྱིར་ཚོང་འཐབ་ནིའི་དོན་ལུ་ ཚོང་ལམ་མེད་མི་ལུ་བརྟེན་ རྡོག་མ་ཐོན་སྐྱེད་འབད་བའི་དུས་ཚོད་ལུ་ ཨ་རྟག་ར་ སོ་ནམ་པ་ཚུ་ ཕྱིར་ཚོང་འཐབ་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ད་རེས་ རྡོག་མ་ཕྱིར་ཚོང་དེ་ཡང་ ཕུན་ཚོགས་གླིང་ ཇའི་སྒང་དང་ བསམ་རྩེ་ ཅ་མུར་ཅི་གི་ ས་མཚམས་སྒོ་ར་ཚུ་ལས་རྐྱངམ་གཅིག་ ཕྱིར་ཚོང་འཐབ་ཆོག་དོ་ཡོདཔ་ཨིན་པས། གནད་སྡུད་དང་འཁྲིལ་བ་ཅིན་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་༣༥༡ གནས་པའི་ རྡོག་མ་མེ་ཊིག་ཊཱོན་༦,༧༥༨ དེ་ཅིག་ དགེ་ལེགས་ཕུག་ས་མཚམས་སྒོ་ལས་བརྒྱུད་དེ་ ཕྱིར་ཚོང་འཐབ་དོ་ཡོདཔ་ཨིན་པས། ཨིན་རུང་ སོ་ནམ་པ་ཚུ་གིས་ ཐོན་སྐྱེད་ཚུ་ཡང་ གདོང་ལེན་མེད་པར་ ཕྱིར་ཚོང་འཐབ་མ་ཚུགསཔ་ཨིན་པས། འབྲུག་པའི་ཕྱིར་ཚོང་པ་ཚུ་གིས་ ས་མཚམས་ཀྱི་ ས་ཤཱསི་ཊ་སི་མ་བཱལ་(ཨེསི་ཨེསི་བི་)ལུ་ སྣུམ་འཁོར་ཊཱག་རེ་ལུ་ ཁྲལ་དངུལ་ཀྲམ་༧,༠༠༠ ལས་༡༠,༠༠༠ གི་བར་ན་ བྱིན་དགོ་དོ་ཡོདཔ་ཨིན་པས། སོ་ནམ་པ་ཚུ་གིས་ གདོང་ལེན་ལེ་ཤ་བྱུང་མི་ལུ་བརྟེན་ འཕྲལ་ཁམས་ཅིག་ཁར་ གསར་སྤང་རྫོང་ཁག་ཚོགས་འདུ་ འཚོགས་པའི་སྐབས་ དགེ་ལེགས་ཕུག་ས་མཚམས་སྒོ་ར་བརྒྱུད་དེ་ རྡོག་མ་ཕྱིར་ཚོང་འཐབ་ནིའི་དོན་ལས་ རྒྱུན་གཏན་གྱི་ ཚོང་ལམ་ཅིག་ སྒོ་ཕྱེ་དགོ་པའི་ གསུང་གྲོས་གནང་ཡོདཔ་ཨིན་པས། སེངྒེ་རྒཔོ་ […]

སྟག་ཉམས་སྲུང་གི་ ཡུན་བརྟན་མ་དངུལ་གྲོས་འཛོམས་ མཇུག་བསྡུ་ཡོདཔ།

སྤ་རོ་ལུ་ སྟག་ཉམས་སྲུང་གི་ ཡུན་བརྟན་མ་དངུལ་གྲོས་འཛོམས་ འགོ་འདྲེན་འཐབ་མི་དེ་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ མཇུག་བསྡུ་ཡོདཔ་ད་ རྒྱལ་ཁབ་༡༣ ནང་ སྟག་ཉམས་སྲུང་དོན་ལས་...

ཨོ་ལིམ་པིག་ཉིནམ་ བརྩི་སྲུང་།

སྤྱི་ཟླ་༤ པའི་ཚེས་༢༣ ལུ་ ཕུན་ཚོགས་གླིང་རྩེད་རིགས་ཚོགས་པའི་ རྩེད་ཐང་ནང་སྦེ་ ཨོ་ལིམ་པིག་ཉིནམ་ བརྩི་སྲུང་འབད་མིའི་ནང་ སློབ་ཕྲུག་བསྡོམས་༡,༢༠༠ གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ སློབ་ཕྲུག་ཚུ་ལུ་...

སྟག་ཏི་ཟམ་ འགོ་འབྱེད།

ཁ་ཙ་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་བློན་པོ་ ཅན་དར་ བྷ་དུར་གུ་རུང་དང་ འབྲུག་ལུ་རྒྱ་གར་གྱི་གཞུང་ཚབ་ སུ་དཱ་ཀར་ ཌ་ལི་ལ་༢ ཀྱིས་ ཕུན་ཚོགས་གླིང་དང་ ཐིམ་ཕུག་གི་གཞུང་ལམ་ཁར་ གསར་བསྒྲུབས་འབད་མི་...

ལས་མི་གླ་ཆ་ཡར་སེང་གིས་ ལཱ་འབད་ནི་ལུ་སྤྲོ་བ་དང་ དངུལ་གྱི་དཀའ་ངལ་སེལ་ཡོདཔ།

ཚེ་རིང་དབང་འདུས། ༉ རེས་གཟའ་ཉིམ་ལུ་ ནོརབུ་སྡིངས་ཀྱི་ སྦོ་ལོགས་ཁར་ ལམ་སེལ་ལས་ཁུངས་ཀྱི་ ལས་མི་སྡེ་ཚན་ཅིག་གིས་ འཁོར་ལམ་དོང་ཐོན་མི་ཚུ་ བསུབ་དོ་ཡོདཔ་ད་ དེ་ཡང་ ཁོང་ཆ་ཁྱབ་ཀྱིས་...

ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་༡༧༩ ལུ་ ཞིབ་འཚོལ་དང་ སྲོག་སྐྱབས་ གཞི་རྟེན་མེ་རྐྱེན་ཚད་འཛིན་གྱི་ སྦྱོང་བརྡར་འབད་ཡོདཔ།

༉ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ རྒྱལ་ཡོངས་རྒྱལ་སྲུང་ཞབས་ཏོག་གི་དོན་ལུ་ རིག་རྩལ་གཙོ་ཅན་༤ ཡོད་པའི་གྲལ་ལས་གཅིག་ ཁྲིམས་སྲུང་འགག་པ་༡༧༩ ལུ་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས། མི་སྡེ་ཉེན་སྲུང་གི་དོན་ལས་ ཉིན་གྲངས་༤༥ གི་...

འཆར་དངུལ་ཡུ་ཨེསི་ཌོ་ལར་ཐེར་འབུམ་༡ བཟོ་ནིའི་དོན་ལུ་ གཅན་གཟན་སྟག་ཉམས་སྲུང་གི་ གྲོས་འཛོམས།

༉ གཅན་གཟན་སྟག་ཡོད་པའི་ རྒྱལ་ཁབས་༡༣ གྱིས་ ལོ་བསྟར་བཞིན་དུ་ རྒྱལ་ཁབ་རེ་ལུ་ འཆར་དངུལ་ ཡུ་ཨེསི་ཌོ་ལར་ས་ཡ་༡༣༧ གྱི་ ཁྱད་པར་ཆགས་ཏེ་ཡོདཔ་ཨིན་པས། དེ་འབདཝ་ལས་...

སྟག་ཉམས་སྲུང་གི་ ཡུན་བརྟན་མ་དངུལ་གྲོས་འཛོམས་ མཇུག་བསྡུ་ཡོདཔ།

སྤ་རོ་ལུ་ སྟག་ཉམས་སྲུང་གི་ ཡུན་བརྟན་མ་དངུལ་གྲོས་འཛོམས་ འགོ་འདྲེན་འཐབ་མི་དེ་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ མཇུག་བསྡུ་ཡོདཔ་ད་ རྒྱལ་ཁབ་༡༣ ནང་ སྟག་ཉམས་སྲུང་དོན་ལས་...

དཔེ་དེབ་གསར་བཏོན།

རང་ཟླ་༣ པའི་ཚེས་༡༥ ལུ་ རྒྱལ་ཡོངས་བཟོ་རིག་གི་ཉིནམ་དང་བསྟུན་ གཞུང་གྲྭ་ཚང་གིས་ སངས་རྒྱས་ཀྱི་ཞལ་གདམས་ཟེར་མི་དཔེ་དེབ་ ཧེ་མ་ལས་ཡོད་མི་དེ་ ལེགས་བཅོས་དང་ ཞུན་དག་འབད་ཞིནམ་ལས་ ཇ་པཱན་ལུ་ཡོད་པའི་ ནང་ཆོས་གོང་འཕེལ་སྡེ་ཚན་གྱི་...

དཔལ་འབྱོར་གོང་འཕེལ་བཀོད་ཚོགས་ཞལ་འཛོམས།

སྤྱི་ཟླ་༤ པའི་ཚེས་༢༡ ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ དབུ་བཞུགས་ཐོག་ལས་ དཔལ་འབྱོར་གོང་འཕེལ་བཀོད་ཚོགས་ཞལ་འཛོམས་ཐེངས་༣ འཚོགས་པའི་སྐབས་ བློན་ཆེན་གྱིས་ འབྲུག་ལུ་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ ལྷན་ཐབས་འབད་ནི་དང་...

ལོ་བསྟར་དཔལ་འབྱོར་བརྒྱ་ཆ་༡༣ རེ་ ཡར་འཕར་གཏང་པ་ཅིན་ འབབ་ཁུངས་ཆེ་བའི་གནས་རིམ་གྱི་ དམིགས་གཏད་འགྲུབ་ཚུགས་ནི།

༉ འབྲུག་གིས་ སྤྱི་ལོ་༢༠༣༤ གི་ནང་འཁོད་ལུ་ འབབ་ཁུངས་ཆེ་བའི་གནས་རིམ་གྱི་ དམིགས་གཏད་འགྲུབ་དགོ་པ་ཅིན་ ལོ་བསྟར་བཞིན་དུ་ དཔལ་འབྱོར་བརྒྱ་ཆ་༡༣ རེ་ ཡར་འཕར་གཏང་དགོཔ་ཨིན་པས། དེ་ཡང་...

ས་སྣུམ་བཀྲམ་སྤེལ་ཁང་ འགོ་འབྱེད།

སྤྱི་ཟླ་༤ པའི་ཚེས་༢༡ ལུ་ འབྲུག་ཚོང་འབྲེལ་ལས་འཛིན་ཚད་ཀྱིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༨ དེ་ཅིག་བཏང་སྟེ་ དབང་འདུས་ཕོ་བྲང་ དྭངས་ཆུ་རྒེད་འོག་ ནོརབུ་སྡིངས་ལུ་ ས་སྣུམ་བཀྲམ་སྤེལ་ཁང་ འགོ་འབྱེད་འབད་མི་དེ་གིས་...

རྒྱལ་སྲུང་མི་སྡེ་ཉེན་སྲུང་རིག་རྩལ་སྦྱོང་བརྡར།

རྒྱལ་སྲུང་མི་སྡེ་ཉེན་སྲུང་རིག་རྩལ་སྦྱོང་བརྡར་གྱི་དོན་ལུ་ སློབ་སྟོན་པ་༡༨༠དེ་ཅིག་གིས་ ཆུ་ཁ་བཀྲིས་དགའ་ཚལ་ རྒྱལ་ཡོངས་འཚོལ་ཞིབ་དང་སྲོག་སྐྱབས་སྦྱོར་བརྡར་ལྟེ་བའི་ནང་ སྦྱོང་བརྡར་འབད་ཡོདཔ་ད་ སྤྱི་ཟླ་༤ པའི་ཚེས་༢༠ལུ་ སྦྱོང་བརྡར་མཇུག་བསྡུའི་ལས་རིམ་ནང་ ཁྲིམས་སྲུང་འགག་སྡེའི་ གཙོ་འཛིན་གྱིས་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

Advertisement