མི་དབང་མཆོག་གིས་ མཐོ་རིམ་ཤེས་ཚད་ཀྱི་ མཐར་འཁྱོལ་མཛད་སྒོ་ཐེངས་༡༦ པའི་ནང་ དབུ་བཞུགས།
༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ མཐོ་རིམ་ཤེས་ཚད་ཀྱི་ མཐར་འཁྱོལ་མཛད་སྒོ་ཐེངས་༡༦ པའི་ནང་ དབུ་བཞུགས་གནང་ཡོདཔ་ད་ དེ་བསྒང་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་འོག་གི་ མཐོ་རིམ་སློབ་གྲྭ་༡༡ ལས་ སློབ་ཕྲུག་བསྡོམས་༡,༩༣༡ གིས་ ཁོང་རའི་ མཐོ་རིམ་དང་ ཌིབ་ལོ་མ་ལག་ཁྱེར་ཚུ་ ཐོབ་ཡོདཔ་ཨིན་པས།
Read More