norpheling.jpg


བིམསི་ཊེག་ མཚོ་འགྲམ་སྐྱེལ་འདྲེན་མཉམ་འབྲེལ་གན་ཡིག་ ཚོགས་འདུ་གིས་ ཆ་འཇོག་འབད་ཡོདཔ།

ཟླ་༦ 10, 2025 7 mins read
བིམསི་ཊེག་ མཚོ་འགྲམ་སྐྱེལ་འདྲེན་མཉམ་འབྲེལ་གན་ཡིག་ ཚོགས་འདུ་གིས་ ཆ་འཇོག་འབད་ཡོདཔ།

༉ སྤྱི་ལོ་༢༠༢༥ ཟླ་༦ པའི་ཚེས་༩ ལུ་ རྒྱལ་ཡོངས་ཚོགས་འདུ་གིས་ སྤྱི་ཚོགས་༤ པའི་ ཚོགས་ཐེངས་༣ པའི་སྐབས་ལུ་ བེང་གལ་མཚོ་ཁུག་སྣ་མང་ལས་སྡེ་ འཕྲུལ་རིག་དཔལ་འབྱོར་མཉམ་འབྲེལ་ཐབས་རིག་(བིམསི་ཊེག་)གི་ མཚོ་འགྲམ་སྐྱེལ་འདྲེན་གན་ཡིག་གུ་ རྒྱབ་སྣོན་ཆ་འཇོག་འབད་ཡོདཔ་ཨིན་པས།

 

༉ སྤྱི་ལོ་༢༠༢༥ ཟླ་༦ པའི་ཚེས་༩ ལུ་ རྒྱལ་ཡོངས་ཚོགས་འདུ་གིས་ སྤྱི་ཚོགས་༤ པའི་ ཚོགས་ཐེངས་༣ པའི་སྐབས་ལུ་ ང་གལ་མཚོ་ཁུག་སྣ་མང་ལས་སྡེ་ འཕྲུལ་རིག་དཔལ་འབྱོར་མཉམ་འལ་ཐབས་ག་(བིམསི་ཊེག་)གི་ མཚོ་འགྲམ་སྐྱེལ་འདྲེན་གན་ཡིག་གུ་ རྒྱབ་སྣོན་ཆ་འཇོག་འབད་ཡོདཔ་ཨིན་པས།

 

རྒྱལ་ཡོངས་ཚོགས་འདུ་གིས་ བིམསི་ཊེག་ མཚོ་འགྲུལ་སྐྱེལ་འདྲེན་མཉམ་འབྲེལ་གྱི་ གན་རྒྱ་གུ་ལུ་ ཚོགས་རྒྱན་སྐྱུར་ཐོག་ལས་ ཆ་འཇོག་གནང་པའི་སྐབས་ རྒྱན་སྐྱུར་ཚོགས་གྲལ་འཐུས་མི་ ཡོངས་བསྡོམས་༤༣ ཡོད་མི་ཆ་མཉམ་གྱིས་ རྒྱབ་སྐྱོར་གནང་སྟེ་ ཆ་འཇོག་གྲུབ་ཡོདཔ་ཨིན་པས།

 

ཚོགས་ཁང་གི་ སྒྲིག་གཞི་བྱ་བའི་གནད་སྤྱོད་དང་འཁྲིལ་ ཚོགས་དཔོན་ལུང་བསྟན་རྡོ་རྗེ་གིས་ ཚོགས་ཁང་ཡིག་ཚང་ལུ་ གན་ཡིག་དེ་ བསྐྱར་ཞིབ་ཀྱི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཕུལ་དགོཔ་སྦེ་བཀའ་གནང་ཡོདཔ་ཨིན་པས།

 

ཚོགས་ཁང་ནང་ གན་ཡིག་གི་དོན་ཚན་༡༥ ཡོད་མི་ག་ར་ གསལ་སྟོན་ཕུལ་བའི་སྐབས་སུ་ དོན་ཚན་དག་པ་རེ་གུ་ གྲོས་བསྡུར་ཚུ་འབད་ཡོདཔ་ད་ འདི་ཚུ་ལུ་གཙོ་རིམ་སྒྲིག་སྟེ་ ཕྱི་འབྲེལ་དང་ འགྲོ་བ་མིའི་དབང་ཆའི་ཚོགས་ཆུང་གིས་ འབྲེལ་བ་ཅན་གྱི་ལས་སྡེ་ལེ་ཤ་ཅིག་དང་གཅིག་ཁར་ གྲོས་བསྟུན་ཚུ་ ལེགས་ཤོམ་སྦེ་ར་ འབད་ཡོདཔ་སྦེ་ཨིན་པས།

 

གན་ཡིག་དེ་གིས་ བིམསི་ཊེག་གི་ འཐུས་མི་རྒྱལ་ཁབ་༧ ཡོད་མི་ཚུ་ སྒྲིང་སྒྲི་བཟོ་ནིའི་རེ་བ་ཡོད་མི་རྒྱལ་ཁབ་ཚུ་ཡང་ འབྲུག་དང་ རྒྱ་གར་ བང་ལ་དེཤ་ ཐའེ་ལེནཌ་ མེ་ཡཱན་མར་ ནེ་པཱལ་ དེ་ལས་ ཤྲིལངྐ་ཚུ་ཡོདཔ་ཨིན་པས།

 

གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་གིས་ གན་ཡིག་འདི་གི་ཐོག་ལས་ གཙོ་རིམ་ཅན་གྱི་ཞབས་ཏོག་ཞུ་ཡོདཔ་ད་ བཟོ་གྲྭ་དང་སྐྱེལ་འདྲེན་བློན་པོ་ ཅན་ད་ར་བྷ་དུར་ གུ་རུང་གིས་ ཕྱི་འབྲེལ་དང་ འགྲོ་བ་མིའི་དབང་ཆའི་ཚོགས་ཆུང་འཐུས་མི་དང་ ཚོགས་ཁང་ལུ་ རྒྱལ་སྐྱོར་གནང་མི་ལུ་ གུས་ཞབས་ཡོད་ལུགས་ཚུ་ ཞུ་བ་འབད་ཡོདཔ་ཨིན་པས།

 

གན་ཡིག་གི་དམིགས་ཡུལ་དེ་ ཕན་ཚུན་ལུང་ཕྱོགས་མཐུད་སྦྲེལ་དང་ ཚོང་འབྲེལ་ཚུ་མཉམ་འབྲེལ་ཐོག་ལས་གོང་འཕེལ་བཏང་ནི་ མཚོ་གྲུའི་གནད་དོན་ནང་ རྒྱལ་ཡོངས་ཀྱི་ཆ་རོགས་འབད་ནི་ བདག་སྐྱོང་གྱི་བྱ་རིམ་སྟབས་བདེ་ཏོག་ཏོ་བཟོ་ནི་ གཞི་རྟེན་མཁོ་ཆས་ཚུ་ནང་ མ་རྩ་གཞི་བཙུགས་འབད་ནི་ ལུང་ཕྱོགས་དཔལ་འབྱོར་འཕེལ་ཚད་ཡར་དྲག་དང་ རྩ་བརྟན་བཟོ་ནི་ཨིནམ་མ་ཚད་ ས་མཚམས་མཐུད་སྦྲེལ་ནང་ ཚོང་འབྲེལ་ཚུ་ ལེགས་ཤོམ་འགྱོ་ཚུགས་ནི་དང་ མཚོ་གྲུ་གཞི་རྟེན་མཁོ་ཆས་ནང་མ་རྩ་བཙུགས་ཏེ་ འབྲེལ་གནད་ཅན་དང་ ཚུལ་མཐུན་ཅན་སྦེ་ བཟོ་ནི་ཚུ་ཡོདཔ་ཨིན་པས།

 

འབྲུག་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ལུ་ གཞི་བཟུང་ཐོག་ལས་ འོང་འབབ་ཅན་བཟོ་ནི་ཨིནམ་བཞིན་དུ་ མང་ཤོས་ཅིག་གིས་འབད་བ་ཅིན་ གན་ཡིག་དེ་གིས་ རྒྱལ་ཁབ་ཚུ་གི་བར་ན་ མཚོ་གྲུའི་མཐུན་རྐྱེན་གྱི་ གོ་སྐབས་སྦོམ་འོང་ནི་ཨིན་པའི་ཁར་ དམིགས་བསལ་གྱི་ རྒྱ་གར་དང་ བང་ལ་དེཤ་ཚུ་ནང་ གོ་སྐབས་ཚུ་འཐོབ་འོང་ཟེར་ཨིན་པས།

 

དེ་གིས་ ང་བཅས་འབྲུག་པའི་ ཚོང་འབྲེལ་འཐབ་མི་ཚུ་ལུ་ཡང་ བིམསི་ཊེག་གི་རྒྱལ་གཞན་ཚུ་དང་གཅིག་ཁར་ མཚོ་གྲུའི་ཞབས་ཏོག་སྤྱོད་ཚུགས་ནི་དང་ རྒྱལ་ཁབ་འཐུས་མི་བདུན་ཡོད་པའི་གྲས་ལས་ འབྲུག་དང་ ནེ་པཱལ་ དེ་ལས་ ཤྲིལངྐ་རྒྱལ་ཁབ་གསུམ་དེ་ ད་ལྟོ་ ཆ་འཇོག་འབད་དགོཔ་ཡོདཔ་སྦེ་ཨིན་པས།

 

གན་ཡིག་དེ་གི་ གལ་གནད་ཅན་ཅིག་དེ་ རྩ་ཚན་༡༠ པ་ལྟར་དུ་སྦེ་ བྱ་སྒོའི་གནས་ཚད་ལམ་ལུགས་ གོང་འཕེལ་བཏང་ནི་ཨིནམ་བཞིན་དུ་ རྩ་ཚན་གྱིས་ གསལ་སྟོན་འབད་དོ་བཟུམ་ འབད་བ་ཅིན་ བྱ་སྒོའི་གནས་ཚད་ལམ་ལུགས་ལུ་བརྟེན་ འབྲེལ་གནད་ཅན་གྱི་སྡེ་ཚན་ཚུ་གི་བར་ན་ མཚོ་གྲུའི་ཚོང་འབྲེལ་ལེགས་ལྡན་ཅན་སྦེ་ གཞི་བཙུགས་འབད་ཐོག་ལས་ གན་ཡིག་དེ་གིས་ ནུས་ལྡན་ཅན་དང་ ལག་ལེན་ དེ་ལས་ མཐུན་རྐྱེན་ཚུ་ལེགས་ལྡན་འབྱུང་ཚུགས་ནི་ཨིན་པས།

 

གཞུང་འབྲེལ་གྱི་དོན་ལུ་ བཟོ་གྲྭ་དང་ སྐྱེལ་འདྲེན་ལྷན་ཁག་གིས་ བྱ་སྒོའི་གནས་ཚད་ལམ་ལུགས་བཟོ་སྟེ་ ཕྱི་འབྲེལ་ལྷན་ཁག་ལུ་ ཕུལ་ནི་ཨིན་པས།

 

ལྷན་ཁག་གིས་ བྱ་སྒོའི་གནས་ཚད་ལམ་ལུགས་ཚུ་ ཕྱི་འབྲེལ་ལྷན་ཁག་ལུ་ ལམ་ལུགས་གཞི་བཙུགས་འབད་དོན་ལུ་ ཕུལ་ཡོདཔ་ད་ ཕྱི་འབྲེལ་ལྷན་ཁག་གིས་འབད་རུང་ བྱ་སྒོའི་གནས་ཚད་ལམ་ལུགས་དེ་ ང་གལ་མཚོ་ཁུག་སྣ་མང་ལས་སྡེ་ འཕྲུལ་རིག་དཔལ་འབྱོར་མཉམ་འལ་ཐབས་ག་(བིམསི་ཊེག་ཡིག་ཚང་ནང་ཕུལ་ཡོདཔ་བཞིན་དུ་ ད་ལྟོ་ལན་གསལ་ལུ་ བསྒུག་སྟེ་ཡོད་ཟེར་ཨིན་པས།

 

ཚོགས་ཁང་གིས་ གསལ་བཤད་འབད་དོ་བཟུམ་འབད་བ་ཅིན་ ལྷན་འཛོམས་ཀྱི་ཁ་ཐུག་ལས་འབད་རུང་ འབྲུག་ལུ་རྒྱབ་སྐྱོར་མེདཔ་མི་འོང་ཟེར་ཨིནམ་ད་ གན་ཡིག་ཟིན་བྲིས་དེ་ བདེ་སྒྲིག་འབད་ཐོག་ལས་ སྤྱི་ལོ་༢༠༢༣ ཟླ་༣ པའི་ཚེས་༩ ལུ་ བེང་ཀོག་ཐའེ་ལེནཌ་ལུ་ ང་གལ་མཚོ་ཁུག་སྣ་མང་ལས་སྡེ་ འཕྲུལ་རིག་དཔལ་འབྱོར་མཉམ་འལ་ཐབས་ག་(བིམསི་ཊེག་བློན་པོ་ལྷན་རྒྱས་ཀྱི་ཞལ་འཛོམས་ཐེངས་༡༩ པ་འཚོགས་པའི་སྐབས་ལུ་ མཐའ་བཅད་འབད་མི་ལུ་བརྟེན་ དུས་ཅི་ སྤྱི་ཟླ་༤ པའི་ཚོས་༤ ལུ་ ཐའེ་ལེནཌ་ལུ་སྦེ་ (བིམསི་ཊེག་གྲོས་འཛོམས་ཐེངས་༦ པ་ འཚོགས་པའི་སྐབས་ལུ་ མཚན་རྟགས་ཚུ་ བཀོད་ཡོདཔ་ཨིན་པའི་གནས་ཚུལ།

 

ཚེ་རིང་དབང་འདུས།

 

You must be logged in to make comments. Don't have an account yet? Register here
Browse Archives

You may also like

མི་དབང་མཆོག་གིས་ མཐོ་རིམ་ཤེས་ཚད་ཀྱི་ མཐར་འཁྱོལ་མཛད་སྒོ་ཐེངས་༡༦ པའི་ནང་ དབུ་བཞུགས།
དགེ་འདུ་སྨན་ཁང་གིས་ མངལ་ཆགས་དང་འབྲེལ་བའི་ གནད་དོན་ལེ་ཤ་ཅིག་ར་ ཕུན་ཚོགས་གླིང་ལུ་བཏང་དོ་ཡོདཔ།
འཇིགས་མེད་དབང་ཕྱུག་གློག་མེ་སྦྱོང་བརྡར་སྤེལ་ཁང་ནང་ རྒྱལ་སྲུངཔ་རིག་རྩལ་གྱི་ སྦྱོང་བརྡར་ཚུ་འགོ་འབྱེད།
བླམ་ཚེ་རིང་དབང་འདུས་ལུ་ གཞུང་འབྲེལ་ཐོག་ལས་ ངོ་སྦྱོར་ཡི་གུ་གནང་ཡོདཔ།
བིམསི་ཊེག་ མཚོ་འགྲམ་སྐྱེལ་འདྲེན་མཉམ་འབྲེལ་གན་ཡིག་ ཚོགས་འདུ་གིས་ ཆ་འཇོག་འབད་ཡོདཔ།
གཞུང་ལུ་ ས་སྒའི་གོང་ཚད་ རྩ་བརྟན་བཟོ་དགོ་པའི་ཞུ་བ།