སྤྱི་ཟླ་༧ པའི་ཚེས་༣༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀྲིས་ཆོས་རྫོང་ནང་སྦེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ཕྱག་སྒརཔ་ འགུཔ་དགའ་མདོག་ཚེ་རིང་ལུ་ དཔོན་གཉིས་སྐལ་མའི་གོ་གནས་ འབུ་རས་དམརཔོ་གནང་ནུག།
༉ སྤྱི་ཟླ་༦ པའི་ཚེས་༢༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མཁོ་ཐང་ཁ་དང་ རྒྱ་མཚོ་གླིང་ལུ་ཡོད་པའི་ རྒྱལ་སྲུང་སློབ་རིག་ཁང་ཚུ་ནང་ ཆིབས་སྐྱོད་གནང་སྟེ་ ད་རེས་ སྦྱོང་བརྡར་འབད་བའི་བསྒང་ཡོད་མི་ སྤྱི་ལོ་༢༠༢༥ ལོའི་ རྒྱལ་སྲུངཔ་ཚུ་དང་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
༉ ཁ་ཙ་ ཐིམ་ཕུག་བཀྲིས་ཆོས་རྫོང་གི་ ཀུན་ར་ནང་སྦེ་ དམིགས་བསལ་གྱི་ རྟེན་འབྲེལ་མཛད་སྒོའི་ཐོག་ ཐའེ་ལེནཌ་ལས་ འཐུས་མི་སྡེ་ཚན་ཅིག་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་༢ ལུ་ འཛམ་གླིང་ཊི་པི་ཏ་ཀ་ སཱཇ་ཧ་ཡ་ ཕོ་ནེ་ཊིག་ ཨེ་ཌི་ཤཱན་ གླེགས་བམ་༨༠ ཕུལ་ཡོདཔ་ཨིན་པས།
༉ ཉལ་ཁྲི་༡༥༠ འབད་མི་ དགེ་ལེགས་ཕུག་ དབུས་ཕྱོགས་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་དེ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་གྱི་ བདག་སྐྱོང་འོག་ལུ་ ཉམས་བཅོས་དང་ རྒྱ་སྐྱེད་འབད་ནི་ཨིན་པས།
༉ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ བཟའ་ཁང་ཚུ་གི་ སྐྱིན་འགྲུལ་གྱི་ སྐྱིན་ཚབ་བཏབ་ནིའི་དུས་ཚོད་ ཟླ་ངོ་ཅིག་གི་རིང་ ཕར་འགྱངས་འབད་མི་གིས་ སྤྱི་ཟླ་༡ པའི་ཚེས་༣༡ ཚུན་ ཕར་འགྱངས་འབད་ཡོདཔ་ཨིན་པས།
༉ རྒྱལ་ཁབ་ནང་ གློག་མེ་ལས་འགུལ་དེ་ ག་ནི་བ་གལ་ཆེ་བའི་ཐབས་ལམ་ཅིག་གི་ གནད་དོན་ཐོག་ལུ་ བརྩི་མཐོང་བསྐྱེད་དེ་ མ་འོངས་བུ་བརྒྱུད་ཚུ་གི་ བདོག་གཏད་བཟུམ་ཅིག་སྦེ་ མནོ་བསམ་བཏང་ཡོད་རུང་ ད་རེས་ནངས་པར་འབད་བའི་བསྒང་ལས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༡ པ་དེ་ གནས་སྟངས་ག་ཅི་བཟུམ་ཅིག་ནང་ ལྷོད་དེ་ཡོདཔ་ཨིན་ན་ ཁ་དང་ལགཔ་རྟགས་མཐུན་དགོཔ་འདུག།