1;

དངུལ་གཏོང་ལེན་ བརྒྱ་ཆ་༨༠ དེ་ཅིག་ཡར་འཕར།

Jun 30, 2025 4 mins read

དེ་ཡང་ ཡུ་ཨེསི་ཌི་ས་ཡ་༤༡.༦ ལས་༧༧ ཡར་སེང་སོང་ཡོདཔ་ཨིན་པས།

རྒྱལ་ཁབ་ཀྱི་ རྩོམ་རིག འདས་པའི་ལོ་དང་ཕྱདཔ་ད་ དུས་ཅི་ སྤྱི་ཟླ་༤ པའི་ ནང་འཁོད་ལུ་ ཕྱི་རྒྱལ་ཁབ་ལས་ དངུལ་གཏོང་ལེན་ བརྒྱ་ཆ་༨༥ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།ཕྱིའི་རྒྱལ་ཁབ་ནང་ ཤེས་ཡོན་དང་ ལཱ་འབད་དེ་སྡོད་མི་ འབྲུག་མི་ཚུ་གིས་ དངུལ་གཏོང་ལེན་འབད་མི་ལུ་བརྟེན་ ནང་འཁོད་ཀྱི་ དཔལ་འབྱོར་ལུ་ ཕན་ཐབས་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས།རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྤྱི་ཟླ་༦ པའི་ནང་ གསར་བཏོན་འབད་མི་ ཟླ་རིམ་གྱི་ གནས་སྡུད་དང་འཁྲིལ་བ་ཅིན་ དངུལ་གཏོང་ལེན་ ཡུ་ཨེསི་ཌོ་ལར་ས་ཡ་༧༧ འབདཝ་ད་ དངུལ་ཀྲམ་ཐེར་འབུམ་༦.༥༦ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་༡ པ་ལས་༦ པའི་ནང་འཁོད་ལུ་ དངུལ་གཏོང་ལེན་ ཡུ་ཨེསི་ཌོ་ལར་ས་ཡ་༣༥.༤ ལས་ ཡུ་ཨེསི་ཌོ་ལར་ས་ཡ་༤༡.༦ ལུ་ ཡར་འཕར་སོང་ཡོདཔ་ད་ སྤྱི་ཟླ་༤ པ་རྐྱངམ་གཅིག་ནང་ར་ ཕྱི་རྒྱལ་ལས་ ཏི་རུ་གཏོང་ལེན་ ཡུ་ཨེསི་ཌོ་ལར་ས་ཡ་༢༡.༦ འོང་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ ཡུ་ཨེསི་ཌོ་ལར་ས་ཡ་༥.༧ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།ཕྱི་རྒྱལ་ལས་ ཏི་རུ་འོང་མི་གིས་ ཕྱི་དངུལ་གསོག་འཇོག་ལུ་ ལྷན་ཐབས་དང་ དངུལ་སྤྲོད་ལེན་གྱི་ཁྱད་པར་  ཡུ་ཨེསི་ཌི་ས་ཡ་༡༦༤.༤ དེ་ཅིག་ ཡར་སེང་སོང་ཡོདཔ་ད་ དེ་ཡང་ ཏི་རུ་བརྗེ་སོར་ཚད་གཞི་ དངུལ་ཀྲམ་༨༣.༧༣ སྦེ་ སྡོད་ཡོདཔ་ཨིན་པས།སྤྱི་ལོ་༢༠༢༣ ལུ་ ཕྱི་རྒྱལ་ལས་ དངུལ་གཏོང་ལེན་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༩.༦༨ འབདཝ་ད་ ཡུ་ཨེསི་ཌི་ས་ཡ་༡༡༦.༣ དང་ སྤྱི་ལོ་༢༠༢༢ ལུ་ ཡུ་ཨེསི་ཌི་ས་ཡ་༨༢.༥༨ འབདཝ་ད་ དངུལ་ཀྲམ་ཐེར་འབུམ་༦.༣ ཨིན་པས།སྤྱི་ལོ་༢༠༡༩ ལུ་ ནད་ཡམས་སྐབས་ རྒྱལ་ཁབ་ནང་ ཕྱི་རྒྱལ་ལས་ ཏི་རུ་འོང་མི་དེ་ ཡུ་ཨེསི་ཌི་ས་ཡ་༣༩.༨༨ འབདཝ་ད་ དངུལ་ཀྲམ་ཐེར་འབུམ་༢.༩ དང་ སྤྱི་ལོ་༢༠༢༠ ལུ་ ཡུ་ཨེསི་ཌི་ས་ཡ་༡༡༡.༢༠ འབདཝ་ད་ དངུལ་ཀྲམ་ཐེར་འབུམ་༨.༢ གུ་ལུ་ ལྷོད་ཡོད་པའི་གནས་ཚུལ། ཨོ་རྒྱན་རྡོ་རྗེ།     བརྡ་ལམ་གྱི་ནང་དུ་གནས་ཚུལ

Love our content?

Subscribe now to dive into Kuensel's extensive archives and relive the stories that shaped the nation.


Sign up for free or login.