༉ འབྲུག་གི་ འཛམ་གླིང་སྤྱི་ཚོགས་གྲུབ་འབྲས་༢༠༢༣ ཅན་མ་དང་འཁྲིལ་བ་ཅིན་ འཛམ་གླིང་སྤྱི་ཚོགས་ཀྱིས་ ན་ཧིང་ འབྲུག་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༣༥.༥༧ རྒྱབ་སྐྱོར་འབད་མིའི་ཐོག་ལས་ ཡུ་ཨེསི་ཌོ་ལར་ས་ཡ་༢༡.༩ འབདཝ་ད་ བརྒྱ་ཆ་༦༠ རྐྱངམ་གཅིག་ ལག་ལེན་འཐབ་ཡོདཔ་ཨིན་པས།

སྙན་ཞུའི་ནང་ འབྲུག་གི་ཡུན་བརྟན་གོང་འཕེལ་འགྲུལ་སྐྱོད་དང་ དེ་གི་རྒྱབ་སྐྱོར་ འདས་པའི་གྲུབ་འབྲས་ དེ་ལས་ མ་འོངས་བརྡ་སྟོན་གཙོ་ཅན་ཚུ་ བཀོད་དེ་ཡོདཔ་ཨིན་པས།

འཛམ་གླིང་སྤྱི་ཚོགས་ཡུན་བརྟན་གོང་འཕེལ་གྱི་ གཞི་བཀོད་དེ་ སྤྱི་ལོ་༢༠༡༩ ལས་༢༠༢༣ ཚུན་ ལག་ལེན་འཐབ་ཡོདཔ་ད་ དེ་གི་དམིགས་ཡུལ་དེ་ཡང་ ཞི་བདེ་དང་ འབྲུག་ཡུན་བརྟན་ཐོག་ ཕུད་རྡོག་གཅིག་ཡང་ རྒྱབ་ཁ་སྐྱུར་མི་བཞག་ཟེར་ཡོདཔ་ཨིན་པས།

འབྲུག་གི་འཛམ་གླིང་སྤྱི་ཚོགས་ཡིག་ཚང་གི་ གནས་ཚུལ་གསར་བཏོན་དང་འཁྲིལ་བ་ཅིན་ འཛམ་གླིང་སྤྱི་ཚོགས་ཀྱིས་ བར་འཛུལ་འབད་ཐོག་ལས་ མཐར་འཁྱོལ་བྱུང་མི་དེ་ འབྲུག་གནས་སྡུད་གཞི་མཛོད་ལམ་ལུགས་ཨིནམ་བཞིན་དུ་ དེ་གིས་ གནས་སྡུད་འཛིན་སྐྱོང་དང་ ཡོངས་རྫོགས་སྦེ་ གཞུང་སྐྱོང་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབད་ཚུགས་ནི་ཨིན་པས།

སྙན་ཞུ་ནང་ བཀོད་མིའི་ནང་ སྒྲུབ་བྱེད་གཞི་བཞག་ ཐག་གཅད་ཡར་དྲག་གཏང་ནི་དང་ ལས་སྡེའི་ གལ་ཅན་གནས་སྡུད་བྱིན་ནི་ དེ་ལས་ འཛིན་སྐྱོང་ལམ་ལུགས་དང་ གློ་བུར་མཉམ་འབྲེལ་གོང་གཏང་ཐོག་ལས་ རྐྱེན་ངན་གྱི་དོན་ལུ་ རྒྱལ་ཡོངས་ཀྱི་ གྲ་སྒྲིག་འབད་དགོཔ་ཨིན་པས།

ཉེན་ཁ་ཅན་གྱི་ མི་རློབས་ཚུ་གི་དོན་ལུ་ སྤུས་ཚད་ལྡན་པའི་ མི་སྡེ་ཞབས་ཏོག་འདྲ་མཉམ་ ངེས་བརྟན་དང་ ཨ་ལོ་ཉེན་སྐྱོབ་དང་ ཤེས་རིག་ གསོ་བ་ དེལས་ ཟས་བཅུད་ཀྱི་དོན་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ རྒྱབ་སྐྱོར་རྒྱ་སྐྱེད་འབད་ཡོདཔ་ཨིན་པས།

འཛམ་གླིང་སྤྱི་ཚོགས་ཀྱིས་ འབྲུག་གི་ཡུན་བརྟན་གོང་འཕེལ་གཙོ་རིམ་ གོང་འཕེལ་མ་འགྱོ་མི་ལས་ གོང་འཕེལ་འགྱོ་བའི་རྒྱལ་ཁབ་ཀྱི་ གནས་སྡུད་དང་ དབང་པོ་སྐྱོན་ཅན་ཚུ་གི་ ཐོ་དབང་དང་མཐུན་སྒྲིག་གོང་འཕེལ་གཏང་ལུ་ རྒྱབ་སྐྱོར་འབད་ནིའི་ ཁས་ལེན་འབད་ཡོདཔ་ཨིན་པས།

འདི་བཟུམ་སྦེ་ གོང་འཕེལ་མ་འགྱོ་མི་ལས་ གོང་འཕེལ་འགྱོ་བའི་ རྒྱལ་ཁབ་ཀྱི་བྱ་སྒོ་དང་ ཡུན་བརྟན་གོང་འཕེལ་སོ་སྒྱུར་དེ་ ལེགས་ཤོམ་སྦེ་འབད་ནི་ལུ་ རྒྱབ་སྐྱོར་ངེས་བརྟན་བཟོ་ནི་ཨིན་པས།

འབྲུག་གི་ འཛམ་གླིང་སྤྱི་ཚོགས་ཀྱི་ གནས་ཞུགས་འཐུས་མི་ ཀར་ཀ་ རོ་བིན་ ཧར་ཤེ་གིས་ སླབ་མིའི་ནང་ འཛམ་གླིང་སྤྱི་ཚོགས་ཀྱིས་ སྤྱི་ལོ་༢༠༢༣ གྱི་ དམིགས་ཡུལ་འགྲུབ་ནི་དང་ ཡུན་བརྟན་གོང་འཕེལ་གྱི་དམིགས་ཡུལ་ འབྲུག་གི་རྒྱལ་ཡོངས་འཆར་གཞི་ཚུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ གཞུང་དང་ གལ་ཅན་ཅན་གྱི་ འབྲེལ་ཡོད་ལས་སྡེ་ཚུ་ ལཱ་འབད་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།

 

ཨོ་རྒྱན་རྡོ་རྗེ།

Advertisement