ཚེ་རིང་དབང་འདུས། ༉ གཅན་གཟན་སྟག་ཉམས་སྲུང་གི་དོན་ལུ་ མ་དངུལ་གྱི་ ཐོ་ཕོག་དོ་ཡོད་མི་དང་བསྟུན་ གློ་བུར་ མ་དངུལ་གྱི་ ཐབས་ལམ་སྒྲིག་དགོ་པའི་སྐོར་ལས་ གཙོ་རིམ་ཅན་གྱི་ གྲོས་འཛོམས་འཚོགས་ཡོདཔ་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༢༤ ལུ་ སྤ་རོ་ལུ་སྦེ་ སྟག་གི་ས་ཁོངས་ཉམས་སྲུང་དང་ སྲུང་སྐྱོབ་འབད་དོན་ལུ་ མ་དངུལ་གྱི་ གནད་དོན་ཐོག་ གྲོས་བསྡུར་ཚུ་ འབད་ཡོདཔ་ཨིན་པས།

གྲོས་བསྡུར་སྐབས་ལུ་ ཐབས་བྱུས་གསརཔ་དེ་ མ་དངུལ་ཐོབ་ཐབས་འབད་ནི་དེ་ཨིནམ་བཞིན་དུ་ འཛམ་གླིང་ནང་ གཅན་གཟན་དེ་ སྲུང་སྐྱོབ་འབད་དགོཔ་ཁག་ཆེཝ་སྦེ་ཨིན་པས།

བཅའ་མར་གཏོགས་མི་ཚུ་གིས་ གསལ་བཤད་འབད་དོ་བཟུམ་འབད་བ་ཅིན་ གནམ་གཤིས་འགྱུར་བགྲོད་དང་ སྐྱེ་ལྡན་རིགས་སྣ་ བྱང་སྟོར་ཞུགས་མི་ལུ་ ཚ་གྱང་ཡོད་ལུགས་ཀྱི་ གནད་དོན་ཐོག་ འཕྲལ་ར་ཐབས་བྱུས་བཏོན་དགོཔ་སྦེ་ཨིན་པས།

ཁོང་གིས་ འབད་བ་ཅིན་ ཡུན་རིང་གི་དོན་ལུ་ བལྟ་ཞིནམ་ལས་ གདོང་ལེན་ཚུ་ ག་དེ་སྦེ་ གདོང་ཐུག་འབད་ནི་ཨིན་ན་དང་ སྲོག་རླུང་གི་གནད་དོན་ དེ་ལས་ ཚོང་འབྲེལ་ལུ་ གཞི་རྟེན་ཐབས་ལམ་ཐོག་ལས་ ཉམས་སྲུང་གི་དོན་ལུ་ མ་དངུལ་ཚུ་ བཟོ་དགོཔ་འདུག་ཟེར་ཨིན་པས།

གྲོས་བསྡུར་སྐབས་ལུ་ སྒེར་གྱི་སྡེ་ཚན་ཚུ་ ཉམས་སྲུང་གི་ འགན་ཁུར་འབག་སྟེ་ ལཱ་འབད་དགོ་པའི་ ཐབས་རིག་བཏོན་དགོཔ་དེ་ གལ་ཆེཝ་སྦེ་ཨིན་པས།

གཙོ་འཛིན་འགོ་དཔོན་ ཀེ་རོལ་མ་ནུལ་རོ་ཌི་གོཛ་དང་ འཛམ་གླིང་མཐའ་འཁོར་ལས་སྡེའི་ ཁྲི་འཛིན་གྱིས་ བཤད་མིའི་ནང་ རྒྱལ་ཁབ་ཀྱིས་ རང་བཞིན་ཉམས་སྲུང་དང་ སྲིད་བྱུས་ཀྱི་གདོང་ལེན་ རང་བཞིན་གནས་སྟངས་ཉམས་སྲུང་ནང་ མ་དངུལ་་བཙུགས་ནི་ ལ་སོགས་པའི་ཐོག་ རྒྱལ་ཡོངས་ནང་འཁོད་ཐོན་སྐྱེད་བརྒྱ་ཆ་༥ ལས་༢༡ ཚུན་ ཟད་འགྲོ་བཏང་ཡོདཔ་སྦེ་ཨིན་པས།

ཁོ་གིས་ བཤད་མིའི་ནང་ རང་བཞིན་ཉམས་སྲུང་ལུ་ ཟད་འགྲོ་བཏང་མི་དེ་ བརྒྱ་ཆ་༨༠ དེ་ཅིག་ ནང་འཁོད་ཐོན་སྐྱེད་ལས་ཨིན་ཟེར་ཨིན་པས།

ནང་འཁོད་ཐོན་སྐྱེད་ཚུ་ མར་ཕབ་འབད་ཐབས་ལུ་ རྒྱལ་ཁབ་ནང་དང་ ཕྱི་རྒྱལ་ཁབ་ཚུ་ནང་ལས་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་ཚུ་ དགོཔ་སྦེ་ དང་འདོད་བསྐྱེད་བཅུག་དགོ་ཟེར་ཨིན་པས།

ཁོ་གིས་ ད་རུང་གཞན་ཡང་ རྒྱལ་ཁབ་ནང་ གནོད་འཚེ་ཆེ་བའི་ ཟད་འགྲོ་བཏང་ནི་དེ་ རང་བཞིན་གནས་སྟངས་ཉམས་སྲུང་ལུ་ གནོད་པ་ཡོདཔ་ལས་ དེ་ཚུ་གི་ ཐབས་ཤེས་སྒྲིག་དགོ་ཟེར་ཨིན་པས།

ཟད་འགྲོའི་འཆར་དངུལ་ མར་ཕབ་འབད་ཐབས་ལུ་ ཁོ་གིས་བཤད་མིའི་ནང་ རྒྱལ་ཁབ་དེ་ དྭངས་གསལ་ཅན་དང་ ཕོ་མོ་འདྲ་མཉམ་ གཞུང་སྐྱོང་ལེགས་ལྡན་ལུ་ ཟད་འགྲོ་བཏང་ནི་ མི་སྟོབས་ནང་ ཟད་འགྲོ་བཏང་ནི་ ཞི་བའི་མི་སྡེའི་ཁ་ཐུག་ལས་ གོ་རིམ་སྒྲིག་སྟེ་ འབད་དགོཔ་ཡོད་ཟེར་ཨིན་པས།

ཀེ་རོལ་གིས་ གསལ་སྟོན་འབད་མི་ནང་ སྲིད་དོན་གྱི་གདོང་ལེན་དང་  རང་བཞིན་དང་འབྲེལ་བའི་ གནད་དོན་དང་ ཡང་ན་ གནམ་གཤིས་ལུ་བརྟེན་པའི་ ཐོན་ཁུངས་ཐེབས་མ་དགོ་མི་ཚུ་ལུ་ རང་བཞིན་ལྟེ་བའི་ དགོས་མཁོ་དང་བསྟུན་ རྒྱབ་སྐྱོར་འབད་བཅུག་དགོཔ་ཡོད་ཟེར་ཨིན་པས།

དངུལ་རྩིས་ལྷན་ཁག་གི་དྲུང་ཆེན་ ལེགས་སྐྱིད་དབང་མོ་གིས་ བཤད་མིའི་ནང་ གཞུང་གིས་ འགྲུལ་སྐྱེད་ཐོན་ཁུངས་ལུ་ ངོས་ལེན་ཡོད་པའི་གུ་ འབྲུག་མི་རེ་རེ་བཞིན་གྱིས་ ཉམས་སྲུང་ལུ་ འབད་བརྩོན་བསྐྱེད་དོ་ཡོད་མི་ཚུ་ཡང་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ཨིན་ཟེར་ཨིན་པས།

མོ་གིས་ འབད་བ་ཅིན་ ནགས་ཚལ་གྱི་ཁྱབ་ཚད་དེ་ བརྒྱ་ཆ་༦༠ བཞག་དགོཔ་སྦེ་ཡོདཔ་ད་ གཞུང་གི་འགན་ཁུར་དེ་ དངུལ་འབྲེལ་གྱི་ ཐབས་བྱུས་བཏོན་ཏེ་ བྱ་རིམ་སྒྲིག་ནི་ཚུ་ ཨིན་ཟེར་ཨིན་པས།

དངུལ་འབྲེལ་དང་བསྟུན་པའི་ གནད་དོན་ཁག་མ་འདྲཝ་ཚུ་ གྲོས་བསྟུན་འབད་ཡོདཔ་ད་ དེ་ཁར་ སྣུམ་འཁོར་ནང་འདྲེན་གྱི་ཁྲལ་ ས་སྣུམ་གྱི་སྣུམ་འཁོར་ གཞན་ཡང་ བཙོག་རླུང་ཅན་ དེ་ལས་ འབྲུག་ལུ་ལྟ་བཤལཔ་ཚུ་ལུ་ ཡུན་བརྟན་གོང་འཕེལ་འཐུས་ བསྟར་སྤྱོད་འབད་མི་ཚུ་ གྲོས་བསྡུར་འབད་ཡོདཔ་ཨིན་པས།

འབྲུག་གིས་ཡང་ སྟག་ཉམས་སྲུང་གྲོས་འཛོམས་སྦོམ་ཤོས་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ཉིནམ་༢ ཀྱི་ གྲོས་བསྡུར་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་༣༠༠ ཡོདཔ་ད་ དེ་ཁར་ རྒྱལ་སྤྱིའི་འཐུས་མི་༡༥༧ ཡོདཔ་མ་ཚད་ དེ་གི་སྐབས་སུ་ སྟག་གི་པར་རིས་ལ་སོགས་པ་ཚུ་ ཚོང་སྒྱུར་འཐབ་སྟེ་ སྟག་ཉམས་སྲུང་གི་དོན་ལུ་ དངུལ་ཀྲམ་༧,༧༣,༦༤༤.༣༢ (ཡུ་ཨེས་ཌི་༨,༧༨༡.༤༨ ) དེ་ཅིག་ མ་དངུལ་བཟོ་ཡོདཔ་སྦེ་ཨིན་པས།

འགོ་འདྲེན་འཐབ་མི་ཚུ་གིས་ བཤད་མིའི་ནང་ ཞལ་འཛོམས་དེ་གིས་ ཡུན་བརྟན་མ་དངུལ་ཉེན་སྲུང་ལུ་དམིགས་ཏེ་ མཉམ་འབྲེལ་ཐོག་ལས་ འབད་བརྩོན་བསྐྱེད་དེ་ སྟག་གི་ས་ཁོངས་སྔོན་འགོག་ འབད་ནི་ཨིན་པའི་གནས་ཚུལ།

Advertisement