ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་རྣམ་༢ མཆོག་ སྤ་རོ་ལས་ དམིགས་བསལ་མཁའ་འགྲུལ་ཐོག་ མོང་གོ་ལི་ཡ་ལུ་ ཕེབས་གནང་ཡོདཔ་ད་ དེ་བསྒང་ མོང་གོ་ལི་ཡ་གི་ ཕྱི་འབྲེལ་བློན་པོ་ ཨེམ་ཨེསི་ བཱཊ་སི་ཚེག་ བཊ་མུངཀི་གིས་ ཨུ་ལཱན་བ་ཊར་ ཅིང་གིསི་ཁཱན་རྒྱལ་སྤྱི་གནམ་ཐང་ནང་ ཕེབས་བསུ་ཞུ་ནུག།
མོང་གོ་ལི་ཡ་གི་ དྲག་པོའི་དམག་སྡེ་གིས་ མི་དབང་རྒྱལ་བཙུན་རྣམ་༢ ལུ་ སྟི་སྭ་ཞུ་ཡོདཔ་བཞིན་དུ་ མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ མོང་གོ་ལི་ཡ་ལུ་ རྒྱལ་ཁམས་གཟིགས་སྐོར་གནང་མི་དེ་ཡང་ སྲིད་འཛིན་ ཨེམ་ཨར་ ཨུག་ནཱ་ ཁུ་རེལ་སུག་གིས་ མགྲོན་བརྡ་ཕུལ་མི་དང་བསྟུན་ ཨིན་པའི་གནས་ཚུལ།

Advertisement