སྤྱི་ཟླ་༤ པའི་ཚེས་༢༢ ལུ་ གློག་བརྙན་བེསི་ཀོཔ་དུས་སྟོན་ཐེངས་༥ པ་ འགོ་འདྲེན་འཐབ་མིའི་ནང་ བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་གཙོས་པའི་ འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།

གློག་བརྙན་བེསི་ཀོཔ་དུས་སྟོན་དེ་ སྤྱི་ཟླ་༤ པའི་ཚེས་༡༩ ལས་༢༢ ཚུན་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

དུས་ཅི་གི་ལོའི་ འགྲན་བསྡུར་ལས་རིམ་ནང་ བཙོས་མའི་དུས་ཐུང་གློག་བརྙན་༩ དང་ དངོས་གསལ་གློག་བརྙན་༥ དེ་ལས་ འགུལ་བརྙན་གློག་བརྙན་༥ གིས་ བཅའ་མར་གཏོགས་མི་དེ་ ད་ལྟོ་ཚུན་ འབྲུག་པའི་གློག་བརྙན་འགྲན་བསྡུར་ནང་ མཐོ་ཤོས་ཅིག་ཨིན་པའི་གནས་ཚུལ།

Advertisement