༉ དགེ་ལེགས་ཕུག་ལུ་ དྲན་ཤེས་ཁྲོམ་ཚོགས་ཀྱི་དོན་ལུ་ ལས་འགུལ་ཚུ་ འོང་དོ་ཡོདཔ་བཞིན་དུ་ བཟོ་སྐྲུན་ལས་སྡེ་ཚུ་གིས་ རྒྱལ་ཡོངས་ནང་ བཟོ་སྐྲུན་སྦྱོང་བརྡར་ཚུ་བྱིན་ཐོག་ལས་ ནང་འཁོད་ལས་མིའི་ ལྕོགས་གྲུབ་ཡར་རྒྱས་གཏང་ཐབས་ལུ་ ཁག་འབགཔ་ཚུ་གིས་ ལག་ཆས་བཟུམ་ཅིག་སྦེ་ ལས་བྱེད་པའི་རིག་རྩལ་ཚུ་ ཡར་རྒྱས་བཏངམ་ཨིན་པས།
འབྲུག་བཟོ་སྐྲུན་ཚོགས་སྡེ་གིས་ སྦྱོང་བརྡར་འགོ་འདྲེན་ཐབས་དགོ་པའི་ དམིགས་དོན་དེ་ར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་བཞེད་དང་བསྟུན་ ནང་འཁོད་ཀྱི་ བཟོ་སྐྲུན་ལས་སྡེ་ཚུ་གིས་ འགན་ཁུར་ཐེབས་འབག་ནི་ལུ་ དམིགས་ཡུལ་བསྐྱེདཔ་ཨིན་པས།
འབྲུག་བཟོ་སྐྲུན་ཚོགས་སྡེའི་ བཀོད་ཁྱབ་མདོ་ཆེན་ བསོད་ནམས་དབང་ཕྱུག་གིས་ འབད་བ་ཅིན་ རྒྱ་ཁྱབ་ཅན་གྱི་ འཆར་སྣང་ནང་ ད་ལྟོའི་སྦྱོང་བརྡར་དེ་ ཆུང་ཀུ་ཅིག་ཨིན་ཟེར་ཨིནམ་ད་ བཟོ་སྐྲུན་གྱི་ལས་སྣ་ཚུ་ གཞན་དང་མ་འདྲཝ་སྦེ་ འཆར་གཞི་༡༣ པའི་ནང་ཚུད་ཡོདཔ་ད་ དེ་ཁར་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་དང་ ཕྱི་མི་དག་པ་ཅིག་གིས་ ལས་འགུལ་ནང་ཐད་ཀར་དུ་ མ་རྩ་བཙུགས་ནི་ཨིནམ་ལས་ དེ་ལུ་བརྟེན་ ང་བཅས་རཞི་ ཁག་འབགཔ་ཚུ་གིས་ འདི་བཟུམ་གྱི་ གོ་སྐབས་ལེན་ནིའི་དོན་ལུ་ གྲ་སྒྲིག་ཚུ་འབད་དོ་ཡོདཔ་ཨིན་པས།
སྦྱོང་བརྡར་གྱི་ གཙོ་རིམ་དམིགས་དོན་དེ་ཡང་ གསོ་བ་དང་ ཉེན་སྲུང་ཚད་ལྡན་རྒྱ་སྐྱེད་དོན་ལུ་ གསོ་བའི་ལས་སྣ་ནང་ ལམ་སྲོལ་དང་ ལཱ་གི་ས་ཁོངས་ནང་ཉེན་སྲུང་ཅན་ བཟོ་ནི་ཚུ་ཨིནམ་བཞིན་དུ་ དེ་ཁར་ ཉེན་སྲུང་གི་སྒྲིག་གཞི་དང་ ཁག་འབགཔ་ཚུ་ གལ་གནད་ཅན་གྱི་ བཟོ་སྐྲུན་ལས་སྣའི་ནང་ གཅིག་སྒྲིལ་ངེས་བརྟན་བཟོ་ནི་ཚུ་ ཨིན་ཟེར་ཨིན་པས།
ད་རེས་ མཁོ་གལ་གསརཔ་གཅིགཔོ་དེ་ ཁག་འབགཔ་ཚུ་གིས་ མི་མང་གི་ ཁག་འབག་མཐར་འཁྱོལ་འབྱུང་ཐབས་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལས་ ཉེན་སྐྱོབ་ཀྱི་དོན་ལུ་ ལག་ཁྱེར་ཚུ་ དགོཔ་ཡོད་ཟེར་ བསོད་ནམས་དབང་ཕྱུག་གིས་ བཤདཔ་ཨིན་པས།
འབྲུག་བཟོ་སྐྲུན་ཚོགས་སྡེ་གིས་ ངན་ལྷད་ཚུ་ མར་ཕབ་འབད་ཐབས་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ལས་ ལག་ཁྱེར་ལེན་དགོ་ཟེར་ཨིན་པས།
ང་བཅས་ཀྱི་དམིགས་ཡུལ་དེ་ བཟོ་སྐྲུན་སྡེ་ཚན་ནང་ ངན་ལྷད་མར་ཕབ་འབད་ནི་དེ་ ཨིན་ཟེར་ཨིནམ་ད་ ཁག་འབགཔ་སྡེ་ཚན་ཚུ་ལུ་ སྒྲིག་གཞིའི་འགྲེམ་སྟོན་ཚུ་ འབད་ནི་ཨིན་ཟེར་ བཀོད་ཁྱབ་མདོ་ཆེན་གྱིས་ བཤདཔ་ཨིན་པས།
བསམ་རྩེ་ལུ་ཡོད་པའི་ ཕུན་ཚོགས་བཟོ་སྐྲུན་གྱི་ཇོ་བདག་ འཕྲིན་ལས་སྟོབས་རྒྱས་ཀྱིས་ བཤད་མའི་ནང་ ཉེན་སྲུང་ལྡན་པའི་ ལག་ལེན་བསྟར་སྤྱོད་འབད་ནི་དེ་ ཞི་བདེའི་དོན་ལུ་ ག་ནི་བ་ གལ་ཆེ་ཟེར་ཨིན་པས།
ཁག་འབགཔ་གིས་ སླབ་མིའི་ནང་ ཞིབ་དཔྱད་འབད་མི་ཚུ་ བཟོ་སྐྲུན་ས་ཁོངས་ནང་ ཞིབ་དཔྱད་འབད་བར་ འོངམ་ད་རྐྱང་གཅིག་མ་གཏོགས་ གཞན་དེ་སྦེ་ ལག་ལེན་འཐབ་ནི་མེད་ཟེར་ཨིནམ་ད་ ང་བཅས་ལུ་ ལས་བྱེད་ཉེན་སྲུང་གི་ ལམ་ལུགས་ཅིག་དགོཔ་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༢༢ དང་༢༠༢༤ གི་ནང་འཁོད་ལུ་ བཟོ་སྐྲུན་ལས་སྡེ་ས་ཁོངས་ནང་ མི་༧ ལུ་ཤི་རྐྱེན་དང་ མི་༡༢ ལུ་ རྨ་སྐྱོན་བྱུང་ཡོདཔ་ལས་ དེ་གིས་ བཟོ་སྐྲུན་ས་ཁོངས་ནང་ རྐྱེན་ངན་བྱུང་མི་ མཐོ་ཤོས་ཅིག་སྦེ་ གནས་བཞིན་དུ་ཡོདཔ་ཨིན་པས།
སྦྱོང་བརྡར་ནང་ ཁག་འབགཔ་༡༦༠ གིས་ བཅའ་མར་གཏོགས་མི་ཚུ་ཡང་ སྤ་རོ་དང་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ཚུ་ནང་ལས་ འོང་ཡོདཔ་ད་ དགེ་ལེགས་ཕུག་ལས་འབད་བ་ཅིན་ སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ མང་སུ་ཡོདཔ་སྦེ་ཨིན་པས།
ནད་ཡམས་ཀྱི་སྐབས་ལུ་ བཟོ་སྐྲུན་ལས་སྡེ་ཆུང་བ་དང་ བར་མ་ཚུ་ལུ་ འབྱེམ་སྦོམ་སྦེ་ར་ ཕོག་ཡོདཔ་ད་ ཁོང་གི་འཕྲུལ་ཆས་ཚུ་ ལཱ་མེད་པར་བཞག་དགོཔ་ཐོན་ཡོདཔ་ད་ ཁག་འབགཔ་དེ་ཚུ་ མི་མང་རིན་བསྡུར་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ དངུལ་འབྲེལ་གྱི་མཁོ་འདོད་དང་བསྟུན་ མཐར་འཁྱོལ་འབྱུང་མི་ཚུགས་དོ་ཡོད་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement