སྤྱི་ཟླ་༤ པའི་ཚེས་༢༡ ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ དབུ་བཞུགས་ཐོག་ལས་ དཔལ་འབྱོར་གོང་འཕེལ་བཀོད་ཚོགས་ཞལ་འཛོམས་ཐེངས་༣ འཚོགས་པའི་སྐབས་ བློན་ཆེན་གྱིས་ འབྲུག་ལུ་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ ལྷན་ཐབས་འབད་ནི་དང་ ཡར་དྲག་གཏང་ནིའི་སྐོར་ལས་ བཤད་ཡོདཔ་མ་ཚད་ དམིགས་གཏད་བསྐྱེད་མི་ ས་ཁོངས་ཚུ་ནང་ འོས་འབབ་ལྡན་པའི་ མ་རྩ་བཙུགས་མི་ཚུ་ འཚོལ་ནི་ལུ་ གཙོ་བོར་བཏོན་དགོཔ་སྦེ་ གསུངས་ཡོདཔ་ཨིན་པས།

ཕྱིའི་མ་རྩ་གཞི་བཙུགས་ཀྱི་ སྲིད་བྱུས་དང་ ལམ་ལུགས་ དེ་ལས་ སྒྲིག་གཞི་ཚུ་ མཇུག་བསྡུ་ཞིནམ་ལས་ ཟླཝ་འདི་གི་ ཟླ་མཇུག་ལུ་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་དགོ་པའི་རེ་བ་ཡོད་པའི་གནས་ཚུལ།

Advertisement