རང་ཟླ་༣ པའི་ཚེས་༡༥ ལུ་ རྒྱལ་ཡོངས་བཟོ་རིག་གི་ཉིནམ་དང་བསྟུན་ གཞུང་གྲྭ་ཚང་གིས་ སངས་རྒྱས་ཀྱི་ཞལ་གདམས་ཟེར་མི་དཔེ་དེབ་ ཧེ་མ་ལས་ཡོད་མི་དེ་ ལེགས་བཅོས་དང་ ཞུན་དག་འབད་ཞིནམ་ལས་ ཇ་པཱན་ལུ་ཡོད་པའི་ ནང་ཆོས་གོང་འཕེལ་སྡེ་ཚན་གྱི་ རྒྱབ་སྐྱོར་ཐོག་ལས་ དཔེ་དེབ་༡༠,༠༠༠ པར་སྐྲུན་འབད་མི་དེ་ གཙུག་ལག་སློབ་དཔོན་མཆོག་དང་ ནང་སྲིད་དང་སྲོལ་འཛིན་བློན་པོ་ དེ་ལས་ གཞུང་གྲྭ་ཚང་གི་ ཆེ་མཐོའི་འགོ་དཔོན་དང་ དྲུང་ཆེན་ཚུ་མཉམ་འཛོམས་ཐོག་ གསར་བཏོན་འབད་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་དང་ ཆོས་སྡེ་ཁག་ཚུ་ནང་ བཀྲམ་སྤེལ་འབད་ནི་ཨིན་པའི་གནས་ཚུལ།

Advertisement