༉ ཁ་ཙ་ བློན་ཆེན་གྱིས་ ལི་སོ་ཐོ་རྒྱལ་བརྒྱུད་རྒྱལ་ཁབ་ཀྱི་ རྒྱལཔོ་མཆོག་དང་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
མཇལ་ཕྲག་གནང་པའི་སྐབས་ བློན་ཆེན་གྱིས་ འབྲུག་གཞུང་དང་ མི་སེར་གྱི་ཁ་ཐུག་ལས་ ལི་སོ་ཐོ་རྒྱལཔོ་མཆོག་ལུ་ བྱོན་ཞུ་འབད་ཡོདཔ་ཨིན་པས།
མཇལ་ཕྲད་ཞལ་འཛོམས་ཀྱི་ གསུང་གྲོས་སྐབས་ རྒྱལཔོ་དང་ བློན་ཆེན་གྱིས་ མ་གཞི་ རྒྱལ་བརྒྱུད་ཀྱི་ རྒྱལ་ཁབ་༢ ས་ཆ་ཐག་རིང་སྦེ་ ཆགས་ཡོད་རུང་ འབྲུག་དང་ ལི་སོ་ཐོ་རྒྱལ་ཁབ་༢ ཀྱི་བར་ན་ ཁྱད་ཆོས་གཅིག་མཚུངས་ ལེ་ཤ་ཡོདཔ་སྦེ་ བཤད་ཡོདཔ་ཨིན་པས།
འབྲུག་དང་ ལི་སོ་ཐོ་རྒྱལ་ཁབ་༢ ཆ་ར་ སྐོབས་ཚུད་ཅན་དང་ གངས་རི་ཅན་གྱི་ རྒྱལ་ཁབ་ཅིག་ཨིནམ་ད་ འབྲུག་དང་ ལི་སོ་ཐོག་རྒྱལ་ཁབ་༢ པོ་དེ་ ཧ་ལམ་ འཛམ་གླིང་ལྷོ་བྱང་གི་ སྦུག་ལུ་མཚམས་ཀྱི་ བྱང་དང་ ལྷོ་གི་ ཌི་གིསི་༢༨ ནང་ ཆགས་ཡོདཔ་ཨིན་པས།
རྒྱལཔོ་དང་ བློན་ཆེན་གྱིས་ རང་སོའི་རྒྱལ་ཁབ་ནང་ སྤྱིར་བཏང་ གདོང་ལེན་དང་གོ་སྐབས་ དམིགས་བསལ་དུ་ མི་རློབས་དང་ དཔལ་འབྱོར་ཆུང་ཀུའི་སྐོར་ལས་ གསུང་གྲོས་གནང་ཡོདཔ་ཨིན་པས།
འབྲུག་དང་ ལི་སོ་ཐོ་རྒྱལ་ཁབ་༢ ཆ་ར་གིས་ གོང་འཕེལ་གྱི་དོན་ལུ་ སོ་ནམ་དང་ ལྟ་བཤལ་ དེ་ལས་ གློག་མེ་ལུ་བརྟེན་ སྡོད་དོ་ཡོད་པའི་གནས་ཚུལ།

Advertisement