༉ མོང་གོ་ལི་ཡ་གི་ སྲིད་འཛིན་ཁུ་རེལ་སུག་ ཨུག་ནཱ་གིས་ མགྲོན་བརྡ་ཕུལ་མི་དང་བསྟུན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་༢༠༢༤ ཟླ་༧ པའི་ཚེས་༨ ལས་༡༥ འི་བར་ན་ མོང་གོ་ལི་ཡ་ལུ་ རྒྱལ་ཁམས་གཟིགས་སྐོར་གནང་ནི་ཨིན་པས།
རྒྱལ་ཁམས་གཟིགས་སྐོར་སྐབས་ རྒྱལ་ཁབ་༢ ཀྱི་ ལྷན་ཁག་ཚུ་གི་བར་ན་དང་ འབྲེལ་ཡོད་ལས་ཚོགས་གཞན་ཚུ་དང་གཅིག་ཁར་ གཤམ་འཁོད་ཡིག་ཆ་ཚུ་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
དེ་ཡང་ ལམ་སྲོལ་མཉམ་འབྲེལ་གྱི་ གོ་བརྡའི་ཆིངས་ཡིག།
ས་ཁ་མཐོ་སའི་ སྒོ་ནོར་སེམས་ཅན་དང་ རྩྭ་འབྲོག་གོང་འཕེལ་མཉམ་འབྲེལ་གྱི་ གོ་བརྡའི་ཆིངས་ཡིག།
ཤེས་རིག་མཉམ་འབྲེལ་གྱི་ གོ་བརྡའི་ཆིངས་ཡིག།
རང་ལུགས་གསོ་རིག་མཉམ་འབྲེལ་གྱི་ གོ་བརྡའི་ཆིངས་ཡིག།
དེ་ལས་ མོང་གོ་ལི་ཡ་རྒྱལ་ཡོངས་རྒྱང་བསྒྲགས་དང་ འབྲུག་རྒྱང་བསྒྲགས་ཞབས་ཏོག་གི་བར་ན་ ཊེ་ལི་བི་ཤཱན་དང་ རེ་ཌིའོ་རྒྱང་བསྒྲགས་མཉམ་འབྲེལ་གྱི་ གོ་བརྡའི་ཆིངས་ཡིག།

འབྱུང་ཁུངས་: མོང་གོ་ལི་ཡན་རྒྱལ་ཡོངས་གནས་ཚུལ་ངོ་ཚབ།

Advertisement