༉ འབྲུག་གི་སྐྱེས་ལོ་༢༠ མན་ཆད་འབད་མི་ ན་གཞོན་ཚུ་གིས་ ནེ་པཱལ་ལུ་སྦེ་ སཱཕ་༢༠༢༤ གི་ ཕུཊ་བཱོལ་རྩེད་འགྲན་འབདཝ་ད་ མཐའ་བཅད་འོག་མའི་ནང་ ནེ་པཱལ་སྡེ་ཚན་ལས་ ཕམ་ཡོདཔ་ཨིན་པས།

དེ་ཡང་ སྡེ་ཚན་གཉིས་ཆ་ར་གིས་ དོ་འགྲན་ཅན་སྦེ་ རྩེད་འགྲན་འབད་བའི་ཤུལ་ལུ་ འབྲུག་གི་སྡེ་ཚན་གྱིས་ ནེ་པཱལ་ལུ་ གཱོལ་ཅིག་བཙུགས་ཏེ་ ཧ་ལམ་ རྒྱལ་ཁ་ཐོབ་ཚུགས་པའི་ རེ་འདོད་སྦོམ་བསྐྱེད་རུང་ ཤུལ་ལས་ ནེ་པཱལ་སྡེ་ཚན་གྱིས་ གཱོལ་ཅིག་བཙུགས་དཔ་ལས་ རེ་བ་དེ་ རྒྱ་ཆུང་སུ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

ཨིན་རུང་ འབྲུག་གི་སྡེ་ཚན་གྱི་ ཨང་༡༠ པ་དེ་ ཤོག་བྱང་དམརཔོ་ཐོབ་སྟེ་ ཕྱིར་དབུང་བཏངམ་ད་ སྡེ་ཚན་ནང་ རྩེད་འགྲན་པ་༡༡ དང་༡༠ སྦེ་ དོ་འགྲན་འབད་རུང་ ནེ་པཱལ་སྡེ་ཚན་གྱིས་ གཱོལ་ཐེབས་བཙུགས་མ་ཚུགས་མི་ལུ་བལྟཝ་ད་ འབྲུག་པའི་སྡེ་ཚན་གྱི་ ན་གཞོན་རྩེད་འགྲན་པ་ཚུ་ཡང་ ཧ་ལམ་སྦྱང་བ་ལེགས་ཤོམ་ཚུད་པའི་ འབྲས་རྟགས་བཏོནམ་ཨིན་པས།

ཨིན་རུང་ མཐའ་བཅད་འོག་མའི་རྩེད་འགྲན་འབདཝ་ལས་ རྒྱལ་ཕམ་ཕྱེ་དགོ་མི་ལུ་བརྟེན་ རྒྱལ་ཕམ་ཕྱེ་ནིའི་དོན་ལུ་ པེ་ནཱལ་ཊི་རྐྱབ་པའི་སྐབས་ལུ་ ནེ་པཱལ་གྱིས་ གཱོལ་༤ བཙུགས་པའི་སྐབས་སུ་ འབྲུག་གི་སྡེ་ཚན་གྱིས་ གཱོལ་ཅིག་ལས་བརྒལ་ བཙུགས་མ་ཚུགསཔ་ལས་ ཕམ་ཁ་ལེན་དགོཔ་བྱུང་ཡོདཔ་ཨིན་པས།

ནེ་པཱལ་སྡེ་ཚན་གྱིས་ མཐའ་བཅད་ནང་ལྷོད་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement