རྒྱལ་ཁབ་རྒྱལ་ཁབ་གོང་འཕེལ་དང་ རྩ་བརྟན་བཟོ་ནི་ལུ་ མདུན་སྐྱོད།

༉ འཛམ་གླིང་རྒྱལ་ཁབ་ག་ཏེ་འབད་རུང་ རྒྱལ་ཡོངས་ཞབས་ཏོག་དེ་ རྒྱལ་ཁབ་གོང་འཕེལ་དང་ རྩ་བརྟན་བཟོ་ནིའི་དོན་ལུ་ ནུས་ཤུགས་ཅན་གྱི་ ལག་ཆས་ངོ་མ་ཅིག་ཨིནམ་བཞིན་དུ་ འབྲུག་ལུ་ རྒྱལ་སྲུང་སློབ་སྡེ་གིས་ འབད་བརྩོན་འདི་གི་ མིང་གཏམ་དང་ དཔེ་བཟང་གི་ བརྡ་མཚོན་སྟོནམ་ཨིན་མས།
ཤོ་ཐེངས་དང་པ་ འགོ་བཙུགསཔ་དང་གཅིག་ཁར་ རྒྱལ་སྲུང་ལས་རིམ་དེ་ སྦྱོང་བརྡར་གཞན་བཟུམ་མེན་པར་ ང་བཅས་རའི་ ན་གཞོན་ཚུ་ འབྲེལ་འཛིན་ཐོག་ རྒྱལ་ཁབ་ཀྱི་ མ་འོངས་མདུན་ལམ་ རྩ་བརྟན་བཟོ་མི་ཨིན་པའི་ གོ་དོན་ལེན་ནི་དེ་ ཁག་ཆེ་དྲགས་ཅིག་ཨིན་མས།
རྒྱལ་སྲུང་ཟེར་མི་དེ་ ག་ཅི་སྨོ? ད་ལྟོའི་བར་ན་ཡང་ མང་ཤོས་ཅིག་གིས་ར་ འདྲི་བ་འདི་ བཀོདཔ་ཨིན་མས།
རྒྱལ་སྲུང་འདི་ སློབ་རིག་དང་ དམག་སྦྱོང་ལས་ལྷག་པའི་ ལས་རིམ་ཅིག་ཨིནམ་ད་ དེ་ཡང་ རྒྱལ་ཁབ་རྩ་བརྟན་བཟོ་ནི་ལུ་ ཀུན་ཚང་ཐབས་ལམ་ཅིག་ཨིནམ་ལས་ ན་གཞོན་ཚུ་གི་ སེམས་དང་མནོ་བསམ་ ཡར་དྲག་གཏང་ནི་དང་ བྱ་སྤྱོད་རྩ་བརྟན་བཟོ་ནི་ དེ་ལས་ ང་བཅས་རའི་ རྒྱལ་ཁབ་གོང་འཕེལ་ནང་ ལྷན་འདེབས་འབད་ནི་ལུ་ དགོས་མཁོ་ཡོད་པའི་ རིག་རྩལ་ཚུ་ བྱིན་ནི་ཨིན་མས།
ལྷག་པར་དུ་ རྒྱལ་སྲུང་ལས་རིམ་ཐོག་ལས་ གཅིག་མཐུན་དང་ འགན་འཁྲི་ཅན་བཟོ་ནི་ དེ་ལས་ ང་བཅས་རའི་ རྒྱལ་ཁབ་མདུན་སྐྱོད་འབད་ཚུགས་པའི་ འགོ་ཁྲིད་པའི་རིག་རྩལ་ཚུ་ ངེས་བརྟན་འཐོབ་ཚུགསཔ་སྦེ་ བཟོ་ནི་ཨིན་པས།
གནད་དོན་ཁག་ཆེ་ཤོས་གཅིགཔོ་དེ་ ལུང་ཕྱོགས་སོ་སོར་དང་ རྒྱབ་རྟེན་མ་འདྲཝ་ དེ་ལས་ རེ་འདུན་སྣ་ཚོགས་སྦེ་ཡོད་མི་ ན་གཞོན་ཚུ་ གཅིག་ཁར་འཁྱིད་འོང་སྟེ་ ལས་རིམ་འདི་གི་ཐོག་ལས་ རྒྱལ་ཡོངས་ངོ་རྟགས་ཀྱི་ གཅིག་མཐུན་སེམས་ཚོར་བཙུགས་ནི་དང་ གཅིག་སྒྲིལ་དང་ གདོང་ལེན་ཅན་གྱི་ མི་སྡེ་བཟོ་ནི་དེ་ གནད་འགག་ཅན་ཅིག་ཨིན་མས།
རྒྱལ་སྲུང་ནང་ མ་རྩ་གཞི་བཙུགས་འབད་ནི་དེ་ དངུལ་འབྲེལ་དང་ ནང་རིག་གཉིས་ཆ་རའི་ཐད་ཁར་ བསམ་བརྗོད་ལས་འདས་པ་ཨིནམ་ད་ རྒྱལ་སྲུང་དེ་ མཐར་འཁྱོལ་ཅན་གྱི་ རེ་འདོད་ཡོད་པའི་ ལས་འགུལ་ཅིག་ཨིནམ་ལས་ ཐོན་ཁུངས་སྤྱོད་མི་ལུ་བརྟེན་རྐྱངམ་གཅིག་མེན་པར་ འབྲུག་གི་མ་འོངས་དོན་ལུ་ ཕན་རླབས་ཆེ་བའི་ ཁས་བླངས་འབད་ནི་དེ་གིས་ཨིན་མས།
ཚུལ་མཐུན་ལམ་སྟོན་ཐོག་ལས་ མི་རབས་ཚུ་ སྒྲིག་ལྡན་དང་ ཤེས་ཡོན་ཅན་ དེ་ལས་ རྒྱལ་ཁབ་གོང་འཕེལ་གཏང་ནིའི་ནང་ གྲ་སྒྲིག་ཐོག་ལས་ འགན་ཁུར་འབག་ཚུགས་པའི་ མི་ཁུངས་ཤ་ཞེན་ཅན་ བཟོ་ནི་ཨིན་མས།
ང་བཅས་རའི་ ན་གཞོན་ཚུ་ གོང་འཕེལ་མདུན་སྐྱོད་ནང་ སྲོག་ཤིང་བཟུམ་ཅིག་ཨིནམ་ལས་ འདི་བཟུམ་མའི་ ལས་རིམ་བརྒྱུད་དེ་ ཁོང་ཆ་ཁྱབ་ ལྕོགས་གྲུབ་ཅན་བཟོ་ཚུགས་ནི་ཨིནམ་ད་ འཛམ་གླིང་གཅིག་འགྱུར་ མགྱོགས་དྲགས་འགྱོ་བའི་དུས་སྐབས་ལུ་ འབྲུག་པའི་ན་གཞོན་ཚུ་གིས་ ང་བཅས་རའི་རྒྱལ་ཁབ་འདི་ སྒྲིང་སྒྲི་དང་ གདོང་ལེན་འབད་ཚུགསཔ་ ངེས་བརྟན་བཟོ་ནིའི་དོན་ལུ་ རིག་རྩལ་དང་ བློ་སྟོབས་ དེ་ལས་ བརྩོན་ཤུགས་དགོཔ་ཨིན།
འདི་གི་དོན་ལུ་ རྒྱལ་སྲུང་ལས་རིམ་གྱིས་ ཕྱི་གཟུགས་སྦྱོང་བརྡར་རྐྱངམ་གཅིག་མེན་པར་ མི་འབྲེལ་དང་ ཚོང་ལས་ དེ་ལས་ ཉེན་འཚུབས་གདོང་ལེན་ནང་ སློབ་སྦྱོང་བྱིན་ནི་དང་འབྲེལ་ དེང་སང་གི་དཀའ་ངལ་ཚུ་ གདོང་ལེན་འབད་ཚུགསཔ་སྦེ་ བཟོ་ནི་ཨིན་མས།
རྒྱལ་སྲུང་ལས་རིམ་དེ་ དོགས་སྣང་མེད་པར་ མཐར་འཁྱོལ་ཅན་བཟོ་ནིའི་དོན་ལུ་ མི་ཁུངས་ཆ་མཉམ་ལས་ར་ རྒྱབ་སྐྱོར་ཧྲིལ་བུམ་དགོཔ་མ་ཚད་ ལས་རིམ་ནང་ གྲལ་གཏོགས་འབད་མི་ཚུ་གི་ འགན་ཁུར་རྐྱངམ་གཅིག་མེན་པར་ འབྲུག་མི་ཆ་མཉམ་གྱིས་ མི་ཚེ་སོར་བསྒྱུར་དོན་ལུ་ ཕན་རླབས་ཆེ་བའི་ལས་རིམ་འདི་ ངེས་པར་དུ་ མཐར་འཁྱོལ་འབྱུང་དགོཔ་ཨིན།

Advertisement