༉ ཁ་ཙ་ གསར་སྤང་ བསམ་གཏན་གླིང་རྒེད་འོག་ ཆོས་འཁོར་གླིང་གཡུས་ཚན་ནང་ སྐྱེས་ལོ་༥༡ ལང་མི་ ཕོ་སྐྱེས་ཅིག་གིས་ གླངམོ་ཆེ་༡༥ ཡོད་མི་ཁྱུ་ཅིག་ བདའ་གཏང་ནིའི་དཔའ་བཅམ་པའི་སྐབས་ བསད་ཡོདཔ་ཨིན་པས།
རྐྱེན་ངན་བྱུང་པའི་སྐབས་ མཐོང་མི་ཚུ་གིས་ སྙན་ཞུ་འབད་མིའི་ནང་ ཚེ་འདས་ཕོ་སྐྱེས་དེ་གིས་ གླངམོ་ཆུ་ཚུ་ ཀི་ལོ་མི་ཊར་༡ དེ་ཅིག་ བདའ་བཏང་པའི་སྐབས་ ལམ་བར་ན་ལས་ གླངམོ་ཆུ་ཚུ་གིས་ ལོག་གདོང་བཟང་འོངམ་ད་ ཁོ་ར་ བྲོས་ཟུར་འབད་མ་ཚུགས་ཟེར་ཨིནམ་ད་ གླངམོ་ཆུ་ཚུ་ དྲོ་པ་ གཡུས་ཚན་གྱི་ སྦོ་ལོགས་ཁར་ མཐོང་ཡོདཔ་ཨིན་པས།
དགེ་ལེགས་ཕུག་གི་ ནགས་ཚལ་འགོ་དཔོན་ཚུ་གིས་ ཚེ་འདས་ཀྱི་ཕུངམ་དེ་ དགེ་ལེགས་ཕུག་ཁྲིམས་སྲུང་འགག་པ་དང་ དབུས་ཕྱོགས་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་དང་གཅིག་ཁར་ མཉམ་འབྲེལ་བརྟག་ཞིབ་འབད་བའི་ཤུལ་ལས་ ཁོ་རའི་ བཟའ་ཚང་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
ཚེ་འདས་ཕོ་སྐྱེས་དེ་ལུ་ ཁོ་རའི་ཨམ་སྲུ་དང་ བུམོ་༣ ཡོད་པའི་གནས་ཚུལ།

Advertisement